第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2021年12月27日 星期
放大 缩小 默认
རིག་གནས་མེ་ཏོག་ཡར་ཀླུང་གི་ས་གཞི་ཆེ་མོར་བཞད།
 

རིག་གནས་ནི་གྲོང་ཁྱེར་ཞིག་གི་ཐུན་མོང་མ་ཡིན་པའི་མཚོན་རྟགས་ཞིག་ཡིན་ལ། གྲོང་ཁྱེར་ཞིག་འཕེལ་རྒྱས་འགྲོ་བའི་སྙིང་བཅུད་དང་མཉེན་པའི་སྟོབས་ཤུགས་གནས་ས་ཞིག་ཀྱང་རེད། ལོ་ལྔའི་རིང་། ཡར་ཀླུང་ས་གཞི་ཆེ་མོའི་གང་སར་དཔེ་མཛོད་ཁང་དང་རིག་གནས་ཁང་སོགས་སྤྱི་པའི་རིག་གནས་སྒྲིག་བཀོད་རིན་མེད་ངང་སྒོ་ཕྱེ་ཡོད། ལྷོ་ཁའི་རྟེན་རྫས་བཤམས་མཛོད་ཁང་སྒོ་ཕྱེ་ནས་དཔེ་རྙིང་ནང་བྲིས་པའི་ཡི་གེ་དང་རྟེན་རྫས་བཤམས་མཛོད་ཁང་ནང་ཉར་ཚགས་བྱས་པའི་རིག་དངོས་གསོན་ཉམས་དོད་པོ་ཡོང་བར་བྱས་པ། མངོན་མིན་རིག་གནས་ཤུལ་བཞག་དང་དབུལ་སྐྱོར་སྣོལ་སྦྲེལ་གྱི་ལས་ཞུགས་ཀྱིས་མང་ཚོགས་དབུལ་པོ་ཁག་གཅིག་ལས་ཞུགས་ཐུབ་ཡོད།

སྤྱི་པའི་རིག་གནས་སྒྲིག་བཀོད་འཐུས་ཚང་བྱུང་བ།

ཁྱིམ་རྩེད་ཐང་དུ་ཡོད་པའི་ལྷ་མོ་རྒན་ཡོལ་ཞུས་རྗེས། གྲོང་ཁྱེར་ལུས་རྩལ་ཐང་དང་དཔེ་མཛོད་ཁང་གི་རྒྱུན་ཕེབས་མགྲོན་པོ་ཡིན། ཁོ་མོས། ཟ་མ་བཟས་རྗེས་ངས་རྟག་ཏུ་ལུས་རྩལ་ཐང་ཆེན་དུ་ཞབས་བྲོ་འཁྲབ་པར་འགྲོ་གི་ཡོད། གཟའ་མཇུག་ལ་ངས་དཔེ་མཛོད་ཁང་དུ་དཔེ་དེབ་ལྟ་བ་དང་ནང་མི་དང་མཉམ་དུ་གློག་བརྙན་ལྟ་བར་འགྲོ་གི་ཡོད་ཅེས་བཤད།

ས་བབ་མཐོ་ཚད་སྨི་4600ཟིན་པའི་མཚོ་སྨད་རྫོང་གྲི་གུག་གྲོང་རྡལ་བྲག་རྩ་གྲོང་ཚོར་གྲ་ནང་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་རིག་རྩལ་ལས་དོན་པ་དང་བྲག་རྩ་གྲོང་ཚོའི་གྲོང་མི་ཁག་གཅིག་གིས་ས་གནས་ས་ཐོག་གི་མང་ཚོགས་ལ་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད།

2020ལོའི་ཟླ་9ཚེས་11ཉིན། ལྷོ་ཁའི་རྟེན་རྫས་བཤམས་མཛོད་ཁང་དངོས་སུ་ཕྱི་ཕྱོགས་སུ་རིན་མེད་ངང་སྒོ་ཕྱེ་བ་རེད། ལྷོ་ཁའི་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་4000ལྷག་ཙམ་ཡོད་པ་དང་རིག་དངོས་གྲངས་འབོར་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་རིམ་པའི་རྟེན་རྫས་བཤམས་མཛོད་ཁང་གི་ཆེ་གྲས་སུ་སླེབས་ཡོད།

རིག་གནས་ནི་མི་སེམས་གོང་བུར་འགྲིལ་བྱེད་ཀྱི་བསམ་པའི་འབྲེལ་ཐག་ཡིན་ལ། དམངས་འཚོའི་བདེ་སྐྱིད་ཀྱི་དམིགས་ཚད་ཀྱང་ཡིན། མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་དེ་ནི་ངེད་གྲོང་ཁྱེར་གྱིས་དེང་རབས་ཅན་གྱི་སྤྱི་པའི་ཞབས་ཞུའི་མ་ལག་སྐྲུན་མགྱོགས་སུ་བཏང་བ་ལས་བྱུང་བ་ཞིག་རེད།

ལོ་ལྔ་ཚུན། ངེད་གྲོང་ཁྱེར་གྱིས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བས། རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་ཁག་གཅིག་བསྐྲུན་པ་དང་དམངས་ཕན་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ། ཁྱད་ཆོས་ལྡན་པའི་རིག་གནས་སྤུས་རྟགས་མང་དག་ཅིག་བཀྲག་མདངས་འཚེར་བར་གྱུར་ཡོད།

2016ལོར། ངེད་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་ཁུལ་ཁག་གཉིས་པ་བཏོད་པ་དང་། རྒྱ་ཚྭ་སོགས་རྫོང་7གྱི་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་ལ“རིམ་གསུམ་རིག་གནས་ཁང་”ཞིབ་དཔྱད་གཏན་འཁེལ་བྱས་ནས་མིང་བཏགས་པ། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་སྤྱི་པའི་རིག་གནས་ཞབས་ཞུའི་སྒྲིག་བཀོད་དྲ་བ་བཙུགས་པ། མང་ཚོགས་ལ་ཞབས་ཞུ་མཁོ་འདོན་བྱས་ནས་མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་འགན་སྲུང་ཐུབ་ཡོད།

(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) མཐའ་མཚམས་ཀྱི་གྲངས་གཞིའི་རིག་གནས་བར་ཁྱམས་གཞི་རིམ་ཞབས་ཞུའི་ས་ཚིགས་བསྐྲུན་པའི་རྣམ་གྲངས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཤང་གྲོང་རྡལ་དང་གྲོང་ཚོར་གྲངས་གཞིའི་སྒྲིག་ཆས་བཀོད་སྒྲིག་བྱས་ནས་ལྗོངས་ཡོངས་སུ་གྲོང་གསེབ་ཀྱི་གྲངས་གཞིའི་རིག་གནས་སྔོན་ལ་ཡོངས་ཁྱབ་བྱུང་ཡོད།

ལྷོ་ཁའི་རིག་གནས་སློབ་ཁང་ཆེ་མོའི་སྤྱི་ཕན་འཆད་ཁྲིད་དང་“ཨ་པོ་ལྷོ་ཁའི”གཏམ་རྒྱུད་ཤོད་པ། སེམས་མཐུན་ཕུགས་འདུན་བསྐྲུན་ཞེས་པའི་ལོང་བའི་དཔེ་ཀློག་ཁྱབ་གདལ་བྱེད་སྒོ་སོགས་སྤེལ་བ་རེད།

མཐའ་མཚམས་གྲོང་ཚོར་རྒྱལ་ཡོངས་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞི་གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས་65གསར་སྣོན་བྱས་པས་སྤྱི་པའི་རིག་གནས་ཞབས་ཞུའི་མཐའ་མའི་བར་ཐག་སྤྱི་ལེ་གཅིག་ཤར་བགྲོད་ཐུབ་ཡོད།

སྣེ་གདོང་དང་གྲ་ནང་། གོང་དཀར། ཆུ་གསུམ། འཕྱོངས་རྒྱས་བཅས་རྫོང་ལྔའམ་ཆུས་ཀྱི་རིག་གནས་བྱེད་སྒོའི་ལྟེ་གནས་སུ་འགུལ་རིས་ཉམས་ལེན་བར་སྟོང་བཙུགས་པ།

དོན་དངོས་རེ་རེ་ལས་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཆུ་ཚད་མཐོ་བའི་སྤྱི་པའི་རིག་གནས་ཞབས་ཞུའི་དྲ་བ་ཁྱབ་ཡོད་ལ། མིག་མཐོང་ལག་འཛིན་གྱི་རིག་གནས་ཚོགས་ཁག་ཅིག་མང་ཚོགས་དཀྱུས་མའི་འཚོ་བའི་ནང་འདྲེས་ཡོད།

རིག་གནས་སྤུས་དག་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།

རིག་རྩལ་ནི་དུས་རབས་མདུན་དུ་སྐྱོད་པའི་དུང་བརྡ་ལྟ་བུ་ཡིན་ཞིང་། དེས་དུས་རབས་ཤིག་གི་ཉམས་འགྱུར་དང་དུས་རབས་ཤིག་གི་དར་སྲོལ་གྱི་སྣེ་ཁྲིད་བྱེད་ཐུབ།

བོད་འབྱུང་ལྷོ་ཁར་སླེབས་ཚེ། ཁྱེད་ཀྱིས་གདོད་མའི་རྣམ་པའི་ཞབས་བྲོ《ཡར་འབྲོག་འཁྲུངས་གཞས》ཀྱི་བབ་ཆགས་དང་ངོ་མཚར་དངོས་སུ་མྱོང་རོལ་ཐུབ་པ་དང་། ལོ་ངོ་སྟོང་གི་ཤེས་དཔལ་ལྷ་མོ《བཀྲ་ཤིས་ཞོལ་པ》ཞེས་པར་བཀྲག་མདངས་འཚེར་ས་མངོན་པ། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་མཆོག་ནོར་མི་འདྲ་བ་ཉམས་ལེན་ཐུབ།

ལོ་ལྔ་ཚུན། ངེད་གྲོང་ཁྱེར་གྱིས་《ལྷོ་ཁ་གྲོང་ཁྱེར་གྱི་རིག་རྩལ་གསར་རྩོམ་ལ་རོགས་སྐྱོར་དང་བྱ་དགའ་སྤྲོད་ཐབས》དང་། 《ལྷོ་ཁ་གྲོང་ཁྱེར་གྱི“ཡར་ཀླུང་རྩོམ་རིག་སྒྱུ་རྩལ་བྱ་དགའ”དཔྱད་འདེམས་དང་བྱ་དགའ་སྤྲོད་ཐབས》བཟོ་གཏན་བྱས་པས་གྲོང་ཁྱེར་ཡོངས་ཀྱི་རིག་རྩལ་ལས་དོན་པའི་གསར་རྩོམ་གྱི་སྤྲོ་སེམས་འཕེལ་ནས་རིག་རྩལ་གསར་རྩོམ་རྩེ་གྲ་ཁག་གཅིག་རྒྱུན་ཆད་མེད་པར་ཐོན་ཡོད་པ་རེད།

གདོད་མའི་ཞབས་བྲོ《ཡར་འབྲོག་འཁྲུངས་གཞས་》ཞེས་པ་དེ་བོད་ཀྱི་བརྩམས་ཆོས་གཅིག་པུ་ཡིན་པའི་ངོས་ནས་སྐབས་བཅུ་གཉིས་པའི་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་དང་སྐབས་བཅོ་བརྒྱད་པའི་སྐར་ཚོགས་བྱ་དགའི་མཐའ་བསྡུར་ནང་ཚུད་པ། གོང་དཀར་ཁྱིམ་བཞིའི་ཤིང་བརྐོས“མིས་བཟོས་གཙང་པོའི་རིག་གནས་ཡུལ་སྐོར་དུས་ཚིགས་དང་སྐབས་བཅུ་གཉིས་པའི་ཀྲེ་ཅང་·ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་ཚོགས”ནང་ཚུད་པ། རིག་གནས་བརྩམས་ཆོས་རྩེ་གྲ་དེ་དག་ལས་ལྷོ་ཁའི་རིག་གནས་ཀྱི་ནང་དོན་ཟབ་ཏུ་ཕྱིན་པ་མ་ཟད། ད་དུང་ལྷོ་ཁའི་རིག་གནས་འཛུགས་སྐྱོང་གྲུབ་འབྲས་ཁྲོད་ཀྱི་བཀྲག་མདངས་ཆེ་ཤོས་ཀྱི་མུ་ཏིག་ལྟ་བུར་གྱུར་ཡོད།

རིམས་ནད་འགོག་ཟོན་བྱེད་པའི་བརྗོད་བྱ་གཙོ་བོའི་གླུ་གཞས《ཆར་རླུང་རྗེས་སུ་ཉི་འོད་ཕོག》དང་། 《རིམས་ནད་ཐོན་སྐབས》《གཅེས་སུ་འོས་པའི་མི》བཅས་སྔ་རྗེས་སུ་ཧུའུ་པེ་ཞིང་ཆེན་གྱི་སྨྱན་སྦྱོར་ཁག་ཏུ་གཏོང་སྤེལ་བྱས་པ་དེའི་ཐོག་ནས་ཡར་ཀླུང་བུ་ཕྲུག་གིས“ལྡོག་སྐྱོད་པར”གུས་བཀུར་ཞུས་པ་མཚོན་ཡོད་པ་རེད།

《བོད་འབྱུང་ལྷོ་ཁ》དང་《འཕྱོངས་རྒྱས་ཟླ་བ་སྒྲོལ་མ》 གྲ་ནང་སྣམ་བུའི་རིག་གནས་དུས་ཆེན། མཚོ་སྨད་གྲི་གུ་འབྲོག་པའི་དུས་ཆེན། རྒྱ་ཚྭའི་སྟར་ཁའི་དུས་ཆེན་སོགས་ཁྱད་ལྡན་རིག་རྩལ་བྱེད་སྒོ་ལས་རིག་གནས་སྒྱུ་རྩལ་གྱི་རྣམ་པ་བཟང་པོ་ཞིག་བཏོད་དེ་མི་དེ་བས་མང་བས་ལྷོ་ཁར་རྒྱུས་མངའ་དང་། ལྷོ་ཁར་ཤེས་རྟོགས། ལྷོ་ཁར་བསྐྱོད་པ་བཅས་ཀྱི་སྐར་ཁུང་ཞིག་བཏོད་ཡོད་པ་རེད།

དེ་མིན། ངེད་གྲོང་ཁྱེར་གྱིས་ད་དུང་《ལྷོ་ཁའི་དེང་རབས་རྩོམ་རིག་དཔེ་ཚོགས》དང《ལྷོ་ཁའི་དེང་རབས་ཀྱི་ཕུལ་བྱུང་བོད་ཡིག་ཡིག་གཟུགས་གཅེས་བསྡུས》སོགས་ཀྱི་དཔེ་དེབ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དང《ཡར་ཀླུང་དཔྱིད་རླབས》སོགས་རིག་རྩལ་བརྩམས་ཆོས་རྩེ་གྲ་ཁག་གཅིག་སྔོག་འདོན་བྱས་པ། 《བོད་འབྱུང་ལྷོ་ཁ》སོགས་ཤུགས་རྐྱེན་ལྡན་པའི་བརྙན་ཕབ་ཁག་གཅིག་དཔེ་སྐྲུན་བྱས་པ་རེད།

རིག་གནས་ཀྱི་གཡུར་ཟའི་འབྲས་བུ་ལས་བོད་འབྱུང་རིག་གནས་ཀྱི་ལོ་རྒྱུས་མང་པོ་འདུས་ནས་རྒྱ་ཆེའི་རིག་རྩལ་ལས་དོན་པའི་བློ་གྲོས་དང་སྟོབས་ཤུགས་མངོན་གྱི་ཡོད།

སྲུང་སྐྱོང་རྒྱུན་འཛིན་ཐད་རྣམ་པ་བཟང་པོ་མངོན་པ།

མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུ་ནི་ངེད་གྲོང་ཁྱེར་གྱིས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་རྨང་གཞི་གལ་ཆེན་ཞིག་རེད།

རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་ཁྲོད། ངེད་གྲོང་ཁྱེར་གྱིས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་སྔོག་འདོན་གང་ལེགས་བྱས་ནས་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་དར་སྤེལ་ཤུགས་ཆེན་བཏང་སྟེ་རྒྱ་ཆེའི་མང་ཚོགས་ཀྱིས་དེ་བས་ལེགས་པའི་སྒོ་ནས་མངོན་མིན་རིག་གནས་ཤུལ་བཞག་གི་ཉེ་སར་སྐྱོད་པ་དང་ཤེས་རྟོགས་ཐུབ་པ་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་པའི་ཁྲོད་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

རིམ་ཁག་ནོར་སྲིད་ཀྱིས་མ་དངུལ་བཏང་ནས་ཡར་ཀླུང་བཀྲ་ཤིས་ཞོལ་པའི་ལྷ་མོ་སོགས་མངོན་མིན་རིག་གནས་ཤུལ་བཞག་དང་དམངས་ཁྲོད་ལས་ཞོར་ལྷ་མོ་རུ་ཁག་ལ་སྲུང་སྐྱོབ་རོགས་སྐྱོར་བྱས་ཏེ་དམངས་ཁྲོད་ལས་ཞོར་ལྷ་མོ་རུ་ཁག་དང་། བྲོ་གར་རུ་ཁག དམངས་ཁྲོད་གླུ་གར་རྣམ་གྲངས་ཀྱི་ཁྲིད་སྦྱོང་ཁང་བཅས་བཙུགས་ཡོད་པ་རེད།

རིག་གནས་ཁྲོམ་རའི་ཐོན་སྐྱེད་བདེ་འཇགས་དང་རིག་དངོས་བདེ་འཇགས་ངང་སྲུང་སྐྱོང་བྱེད་པའི་ཆེད་དོན་བཅོས་སྐྱོང་ལོ་གསུམ་གྱི་བྱ་སྤྱོད་སྤེལ་བ་དང་། རིག་གནས་ཚོང་ར་དང་རིག་དངོས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་རྩད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། རིག་གནས་ཚོང་ར་གཉེར་སྐྱོང་སྡེ་ཚན་414ལ་ཞིབ་བཤེར་བཅས་བྱས་ཡོད།

《མངོན་མིན་རིག་གནས་ཤུལ་བཞག་གི་དཔེ་ཚོགས།ལྷོ་ཁའི་དམངས་ཁྲོད་རྩོམ་རིག་ཆ་ཚང་གསུམ་གཅིག་ཏུ་བསྡུས་པ》དང་《དམངས་ཁྲོད་གཏམ་རྒྱུད། ཉི་ཆོས་བཟང་པོ》རྩོམ་སྒྲིག་དཔེ་སྐྲུན་བྱས་པ་དང་།《ལྷོ་ཁའི་སྲོལ་རྒྱུན་ལྷ་མོའི་ཕྱོགས་བསྒྲིགས》སོགས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་40ཡི་བརྙན་ཐུང་དྲིལ་བསྒྲགས་པར་གཞི་ཕབ་སྐྲུན་བྱས་པ་རེད།

སྟོངས་ལ་ཉེ་བའི་རིག་གནས་ཤུལ་བཞག་རྣམ་གྲངས་ཡོངས་ཁྱབ་ཞིབ་བཤེར་དང་སྲུང་སྐྱོང་ལས་དོན་སྤེལ་བ་དང་། མངོན་མིན་རིག་གནས་ཤུལ་བཞག་གྲངས་གཞིའི་ཐོན་ཁུངས་མཛོད་བཙུགས་པ། གྲོང་ཁྱེར་ཡོངས་ཀྱི་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་བྱས་པ། རྩ་ཆེའི་དཔེ་རྙིང་ཁྱོན་3070ཐོ་འགོད་བྱས་པ་བཅས་ཀྱི་ནང་རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་མིང་ཐོ་ཁག་8ཚུད་ཡོད་པ་རེད།

པེ་ཅིང་གྱོན་ཆས་སློབ་གླིང་དང་ཧུའུ་པེ་མའེ་ཡ་འཁེལ་འཐག་ཀུང་སི་དང་མཉམ་ལས་བྱས་ཏེ་སྲོལ་རྒྱུན་གྱི་བཟོ་རྩལ་ཇུས་འགོད་དང་བལ་འཁེལ་རྒྱུ་ཆ་ལས་སྣོན་རིམ་སྤོར་ལས་དོན་སྤེལ་ནས“ཡར་ཀླུང་གཙང་པོའི”མངོན་མིན་རིག་གནས་ཤུལ་བཞག་གི་མུ་འབྲེལ་གྱོན་ཆས་ཆ་ཚང་70ཁྱོན་གྲངས་284གསར་སྤེལ་བྱས་པ་མ་ཟད། “མཛེས་སྡུག་ལྡན་པའི་ཀྲུང་ཧྭ། 2019ལོའི་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱན་གོས་འགྲེམས་སྟོན”གྱི་རིམ་སྤེལ་བྱེད་སྒོར་ཡང་ཞུགས་པ་རེད།

རྒྱུན་འཛིན་ལྷོད་མེད་བྱས་པས་ངེད་གྲོང་ཁྱེར་གྱི་རྩ་ཆེའི་རིག་གནས་ཤུལ་བཞག་ལ་སླར་ཡང་བཀྲག་མདངས་འཚེར་ཞིང་། རིག་གནས་ཀྱི་རྩ་བ་སྔར་བས་རྒྱུན་འཛིན་དང་དར་སྤེལ་གཏོང་ཐུབ་ཡོད།

བོད་ལུགས་གསོ་རིག་གི་བོད་སྨན་འཁྲུ་བཅོས་རྒྱུན་འཛིན་པ་སྨིན་གྲུབ་རིག་གནས་དང་ཡུལ་སྐོར་པུས“རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་གྱི་སྔོན་ཐོན་མི་སྒེར”ལ་བདམས་པ་དང་། བཟོ་རྩལ་མཛེས་རྩལ་གཉེར་མཁན་མི་བཞི“རང་སྐྱོང་ལྗོངས་ཀྱི་སྐབས་གཉིས་པའི་བཟོ་རྩལ་མཛེས་རྩལ་ཆེ་མོ་བའི”མཚན་སྙན་ཐོབ་པ་རེད།

རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་འཕྱོངས་རྒྱས་རྫོང་འཇུ་བྲོ《ལྷོ་ཁའི་རྔ་འཁྲབ》ཞེས་པར་སྐབས་བཅུ་གསུམ་པའི་ཀྲུང་གོའི་དམངས་ཁྲོད་རིག་རྩལ་རི་བོའི་མེ་ཏོག་བྱ་དགའ་དང་ཕུལ་བྱུང་དམངས་ཁྲོད་སྒྱུ་རྩལ་འཁྲབ་སྟོན་བྱ་དགའ་ཐོབ་པ་རེད།

གོང་དཀར་རྫོང་དགའ་ཚལ་ལྷ་མོའི་རུ་ཁག་ལ་སྐབས་ལྔ་པའི་ལྗོངས་ཡོངས་ཀྱི་ལྷོ་མོའི་འགྲན་བསྡུར་ཆེན་པོ་དང་སྐབས་བདུན་པའི་ལྗོངས་ཡོངས་ཀྱི་ལྷ་མོའི་འཁྲབ་སྟོན་བྱེད་སྒོའི་ནང་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་། གྲ་ནང་རྫོང་ལྷ་མོའི་རུ་ཁག་ལ་སྐབས་ལྔ་པའི་ལྗོངས་ཡོངས་ཀྱི་ལྷ་མོའི་འགྲན་བསྡུར་ཆེན་པོ་དང་སྐབས་བདུན་པའི་ལྗོངས་ཡོངས་ཀྱི་ལྷ་མོའི་འཁྲབ་སྟོན་བྱེད་སྒོའི་ནང་ཕུལ་བྱུང་གི་རྩ་འཛུགས་བྱ་དགའ་ཐོབ་པ་རེད།

མཚོ་སྣ་རྫོང་མག་མག་ཤང་མོན་པ་ས་དམར་ཆང་གཞས་ཁག་དང་པོའི་བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་ཁྱད་ལྡན་ཤང་དུ་བདམས་ཐོན་བྱུང་བ་དང་། བོད་ལུགས་གསོ་རིག་བོད་སྨན་འཁྲུ་བཅོས་དང་རྩེད་ཐང་གི་རྩེད་ཐེར་འཁེལ་འཐག་བཟོ་རྩལ་སོགས་ཁྲིད་སྦྱོང་རྟེན་གཞི་10བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་ཁྲིད་སྦྱོང་རྟེན་གཞི་ཁག་གསུམ་པའི་ནང་ཚུད་པ་རེད།

དེང་སང་། སྲིད་གཞུང་གིས་གཙོ་ཁྲིད་དང་། ཚན་པས་མཉམ་ལས། སྤྱི་ཚོགས་ཞུགས་པ་བཅས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་བཞིན་ཡོད་པ་དང་། ངེད་གྲོང་ཁྱེར་གྱི་རིག་དངོས་སྲུང་སྐྱོབ་བྱ་གཞག་ལ་སྔར་བྱུང་མྱོང་མེད་པའི་རྣམ་པ་བཟང་པོ་ཞིག་ཐོན་ཡོད།

རིག་གནས་ཐོན་ལས་གང་སར་ཁྱབ་པ།

རིག་གནས་ཐོན་ལས་ནི་རྒྱལ་ཁབ་ཅིག་དང་གྲོང་ཁྱེར་ཞིག་གི་ཕྱོགས་བསྡུས་སྟོབས་ཤུགས་དངོས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་པས། སྲོལ་རྒྱུན་གྱི་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ས་ཁོངས་ཀྱི་འགྲན་རྩོད་བྱེད་ནུས་ཆེ་རུ་གཏོང་བར་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད།

ལོ་ལྔའི་རིང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རིམ་ཁག་སྡེ་ཚན་ཁག་གི་རང་འགུལ་བྱ་སྤྱོད་ཅིག་ཏུ་གྱུར་ཡོད།

《ལྷོ་ཁ་གྲོང་ཁྱེར་གྱི་རིག་གནས་ལོ་ལྔའི་འཕེལ་རྒྱས་འཆར་འགོད(2018ལོ་ནས་2020ལོ་བར)》དང《ལྷོ་ཁ་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིག་གནས་ཐོན་ལས་འཕེལ་རྒྱས་འཆར་འགོད》བཟོས་ནས་བཏོན་པ་དང་། གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་བསྡོམས་རྩིས་ལེགས་སྒྲུབ་བྱས་པ། མི་རིགས་ལག་ཤེས་བཟོ་ལས་ཀྱི་ཁེ་ལས་མཛོད་བཙུགས་པ། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ལག་ཤེས་བཟོ་ལས་ཀྱི་ཁེ་ལས(མཉམ་ལས་ཁང)ཐོ་འགོད་བྱས་པ། ཁེ་ལས་174ཡི་རིག་གནས་ཐོན་ལས་ཀྱི་དབུལ་སྐྱོར་མ་དངུལ་སྒོར་ཁྲི་630བཏང་ནས་མི་རིགས་ལག་ཤེས་བཟོ་ལས(མཉམ་ལས་ཁང)19ལ་རོགས་སྐྱོར་བྱས་ནས་ཞིང་འབྲོག་མང་ཚོགས་107ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད།

གྲོང་ཁྱེར་དང་རྫོང་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་དང་མིང་འདོགས་པའི་ལས་དོན་ལེགས་སྒྲུབ་བྱས་པ་དང་། རང་སྐྱོང་ལྗོངས་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་8དང་། གྲོང་ཁྱེར་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་5 རྫོང་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་24བཅས་ཡོད། མ་དངུལ་སྒོར་ཁྲི་10བཏང་ནས་རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞིའི་དྲིལ་བསྒྲགས་པར་གཞི་བཟོས་ཏེ་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཡོད།

གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཐོན་ལས་གསར་གཏོད་ལས་གཏོད་དང་སྣམ་བུའི་འཁེལ་འཐག་ལག་རྩལ་འགྲན་བསྡུར་ཆེ་མོ་གཉེར་བ།

ལོ་ལྔའི་ནང་། རིག་གནས་ཐོན་ལས་འཕེལ་རྒྱས་མྱུར་བགྲོད་ལམ་བུའི་ཐོག་བསྐྱོད་དེ་འཕེལ་རྒྱས་ཀྱི་ངར་ཤུགས་ཆེན་པོ་མངོན་པ།

ཁེ་ལས་དང་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པས་པེ་ཅིང་རིག་གནས་དངོས་མང་སྟོན་ཚོགས་དང་། ཧྲེན་ཀྲེན་འགྲེམས་ཚོགས། ཁྲེང་ཏུའུ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན། བོད་ལྗོངས་འགྲེམས་ཚོགས་སོགས་འགྲེམས་ཚོང་བྱེད་སྒོར་ཞུགས་པ་དང་། 2019ལོར་ངེད་གྲོང་ཁྱེར་གྱིས་བོད་རང་སྐྱོང་ལྗོངས་ཀྱི་ཚབ་བྱས་ནས་སྐབས་བཅུ་བཞི་པའི་པེ་ཅིང་རིག་གནས་དངོས་མང་སྟོན་ཚོགས་ལ་ཞུགས་པས“ཕུལ་བྱུང་རྩ་འཛུགས་བྱ་དགའ”ཐོབ་པ་རེད།

ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་སྔོན་ལ་རིག་གནས་ཐོན་ལས་ཀྱི་བསྡོམས་རྩིས་མཉེན་ཆས་གསར་སྤེལ་བྱས་པ་དང་འབྲེལ་རིག་གནས་ཁེ་ལས་དང་སྒྱུ་རྩལ་ཚོགས་པའི་གྲངས་གཞིའི་མཛོད་ཀྱི་བསྡོམས་རྩིས་ཀྱང་ལེགས་སྒྲུབ་བྱས་པ་རེད།

སྣེ་གདོང་ཆུས་རྩེད་ཐེར་ལག་ཤེས་འཁེལ་འཐག་ཆེད་ལས་མཉམ་ལས་ཁང་སོགས་ཁེ་ལས་དང་མཉམ་ལས་ཁང་བརྒྱད་ཀྱིས་སྐབས་བཅུ་བཞི་པའི་ཀྲུང་གོ་པེ་ཅིང་རྒྱལ་སྤྱིའི་རིག་གནས་གསར་གཏོད་ཐོན་ལས་དངོས་མང་སྟོན་ཚོགས་ཐོག“ཕུལ་བྱུང་གི་རྩ་འཛུགས་བྱ་དགའ”ཐོབ་པ་དང་། སྣེ་གདོང་རྩེད་ཐེར་དང་གོང་དཀར་དགའ་ཚལ་ཟངས་ཆས། རྔ་སྒྲའི་གསེར་དངུལ་ཆས་བཅས་ཁེ་ལས་3གྱི་ཐོན་རྫས་17ལ“རིག་གནས་གསར་གཏོད་བོད་ལྗོངས”ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཀྱི་བདེན་དཔང་ར་སྤྲོད་ཐོབ་ཡོད།

2020ལོར། གྲོང་ཁྱེར་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་16ལ་ལས་ཞུགས་མི་སྣ་557བཀོད་སྒྲིག་བྱས་པ་དང་། མང་ཚོགས་ལ་འབབ་འཕར་སྒོར་ཁྲི་257.61སྣེ་ཁྲིད་བྱས་པ། གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཁེ་ལས(མཉམ་ལས་ཁང)33གྱིས་དུད་ཚང་དབུལ་པོའི་མང་ཚོགས་ལས་ཞུགས་ཐུབ་རྒྱུའི་གནད་དོན་ཐག་གཅོད་བྱས་པ་རེད།

རིག་གནས་ཐོན་ལས་གང་སར་ཁྱབ་པས“རིག་གནས་སྟོབས་ཆེའི་གྲོང་ཁྱེར” བཏོད་ལ་ཉེ། ད་ཆ་ཕན་ཚུན་འགྲན་རྩོད་ངང་འཕེལ་རྒྱས་འགྲོ་བའི་རིག་གནས་ཀྱི་གར་སྟེགས་ཆེན་པོའི་ཐོག་ཡར་ཀླུང་རིག་གནས་ཀྱིས་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལ་བརྟེན་ནས་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་དབང་འཕྲོག་བཞིན་ཡོད། རིག་གནས་སྟོབས་ཆེའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་ནང་ལྷོ་ཁས་གོམ་སྟབས་བརྟན་པོ་ཞིག་སྤོ་བཞིན་ཡོད་དོ།

放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:精神解读
རིག་གནས་མེ་ཏོག་ཡར་ཀླུང་གི་ས་གཞི་ཆེ་མོར་བཞད།