བོད་ཀྱི་S5ལམ་ཐིག་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་ལམ་གྱི་ལས་གྲྭའི་རྣམ་གྲངས་ནི་ལྷ་ས་དང་ལྷོ་ཁའི་དབར་གཞི་གཅིག་ཅན་གྱི་འཕེལ་རྒྱལ་ལ་སྐུལ་འདེད་གཏོང་བའི་ལས་གྲྭ་གལ་ཆེན་ཞིག་རེད། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་ཉིང་ལྷ་མྱུར་བགྲོད་སྦྲེལ་མཐུད་ལྟེ་གནས་ནས་འགོ་བཙུགས་པ་དང་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་གོང་རྩེད་མྱུར་བགྲོད་གཞུང་ལམ་བར་ཡིན་པ་དེའི་སྤྱིའི་ལམ་ཚད་སྤྱི་ལེ་47.46ཡིན་པ་དང་ཕྱོགས་གཉིས་ཀྱི་རླངས་འཁོར་བཞི་སྒྲིག་གི་རིམ་པ་དང་པོའི་གཞུང་ལམ་གྱི་ཚད་གཞི་གཞིར་བཟུང་འཛུགས་སྐྲུན་བྱ་རྒྱུའི་ཇུས་འགོད་བྱས་ཡོད། མིག་སྔའི་བར་ལས་གྲྭ་དེའི་ལྷ་སའི་དུམ་བུ་དང་ལྷོ་ཁའི་དུམ་བུའི་ལམ་གཞིའི་ལས་གྲྭ་ཆ་ཚང་ལེགས་སྒྲུབ་ཟིན་པ་དང་ཕུག་ལམ་ལས་གྲྭའི་བསྡོམས་འབོར་གྱི་77.13%ལེགས་སྒྲུབ་ཟིན་ནས་སང་ལོའི་ལོ་མཇུག་ཏུ་ལམ་ཐིག་གཙོ་བོ་ཤར་གཏོང་ཐུབ་རྒྱུ་རེད། དེ་བསྐྲུན་ཟིན་རྗེས་ལྷ་ས་ནས་ལྷོ་ཁ་བར་ཆུ་ཚོད་1ལས་འགོར་གྱི་མེད།
འདི་ནི་སྐྲུན་བཞིན་པའི་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་ལམ་ཡིན་པ།