第02版:专版 上一版3  4下一版
 
版面导航

第01版
头版

第02版
专版

第03版
综合新闻
 
标题导航
སྣ་དཀར་རྩེ་དང་མཚོ་སྨད་རྫོང་གིས།རིག་རྩལ་སྟོན་མོ་བཤམས་ནས་ཏང་གི་སྐབས་བཅུ་དགུ་པའི་ཚང་གྲོས་ཐེངས་དྲུག་པ་དང་ རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དྲིལ་བས@
ངེད་གྲོང་ཁྱེར་གྱི་དབུ་ཁྲིད་ཚོས་རང་དཔེ་གཞན་སྟོན་ཐོག་ནས་གཞི་རིམ་དུ་བསྐྱོད་དེ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་@
| 山南网首页 |
2021年12月17日 星期
3 上一篇 放大 缩小 默认
ངེད་གྲོང་ཁྱེར་གྱི་དབུ་ཁྲིད་ཚོས་རང་དཔེ་གཞན་སྟོན་ཐོག་ནས་གཞི་རིམ་དུ་བསྐྱོད་དེ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པ།
 

ལིའུ་ཧྲེང་གཡུད།

ཉེ་ལམ། གྲོང་ཨུད་རྒྱུན་ཨུ། གོང་དཀར་རྫོང་ཨུད་ཧྲུའུ་ཅི་ལིའུ་ཧྲེང་གཡུད་ཀྱིས་སྔ་རྗེས་སུ་སྟོང་རྭ་ཤང་དང་བྱང་ཐང་གྲོང་རྡལ་སོགས་དང་རྫོང་སྲིད་ཁྲིམས་ཁོངས་གཏོགས་སུ་ཕེབས་ཏེ། གཅིག་སྡུད་སྒྲོག་འགྲེལ་དང་བཞུགས་མོལ་བསམ་གྲོས་སྤེལ་རེས་སོགས་ཐབས་ལམ་སྤྱད་ནས་ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གིའཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད།

བཀྲ་ཤིས་ཕུན་ཚོགས།

ཉེ་དུས། གྲོང་ཨུད་རྒྱུན་ཨུ། སྲིད་ཁྲིམས་ཨུད་ཧྲུའུ་ཅི་བཀྲ་ཤིས་ཕུན་ཚོགས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་སུ་ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

སྒྲོག་འགྲེལ་ནང་། བཀྲ་ཤིས་ཕུན་ཚོགས་ཀྱིས་ཚོགས་འདུའི་དོན་སྙིང་གལ་ཆེན་དང་། ངེས་དོན་ཟབ་མོ། ལྟེ་བའི་རྩ་གནད་སོགས་ལ་མཐའ་བསྐོར་ནས་སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པ་ཡོངས་ལ་ཚོགས་འདུའི་དགོངས་དོན་གསལ་འགྲེལ་ཞིབ་ཅིང་ཕྲ་བ་བརྒྱབ་ཡོད་པ་རེད།

མུའོ་ཡུང་ཝུན།

ཉེ་དུས། གྲོང་ཨུད་ཀྱི་རྒྱུན་ཨུ། རྒྱུན་ལས་གྲོང་སྤྱི་གཞོན་པ་མུའོ་ཡུང་ཝུན་གྱིས་གཞུང་ཁོངས་ཁེ་ལས་སུ་ཕེབས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ། གྲོང་ཁྱེར་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ། “ཚོགས་འདུ་གཉིས”ཀྱི་དགོངས་དོན་བཅས་སྒྲོག་འགྲེལ་གནང་བ་རེད།

མུའོ་ཡུང་ཝུན་གྱིས་གསོན་ཉམས་ལྡན་པའི་དཔེ་གཞི་དང་། ཕུན་སུམ་ཚོགས་པའི་ལོ་རྒྱུས་ཀྱི་དོན་དངོས། ཞིབ་ཅིང་ཕྲ་བའི་གྲངས་གཞི་བཅས་སྤྱད་དེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལ་དམ་པོར་དམིགས་ནས་གཏིང་ཟབ་ཅིང་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་གནང་བ་རེད།

ཡང་ ཁྲང་།

ཉེ་དུས། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་ཡང་ཁྲང་གིས་ལྷུན་རྩེ་རྫོང་ཙ་རི་ཤང་དང་ཡུལ་སྨད་ཤང་དུ་ཕེབས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་མ་ཟད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་རྒྱུ་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བ་རེད།

ཨན་ཤིན་གོ

ཉེ་དུས། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཨན་ཤིན་གོ་ཡིས་ རྒྱ་ཚྭ་རྫོང་གི་སློབ་གསོའི་ཁོངས་གཏོགས་སུ་སྒྲོག་འགྲེལ་གནང་བ་རེད།

སྒྲོག་འགྲེལ་གནང་རིང་། ཨན་ཤིན་གོ་ཡིས། ཏང་གིས་ལོ་བརྒྱའི་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་ཉམས་མྱོང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ལ་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་ལ་ཁྱོན་ཡོངས་ནས་རྒྱས་བཤད་གནང་བ། “དོན་ཆེན་བཞིར”དམིགས་པ་དང་། “གསར་གཏོད་བཞིར”སྐུལ་འདེད་ཧུར་ཐག་གཏོང་བ། “མདུན་གྲལ་དུ་སླེབས་པ་བྱ་རྒྱུ་བཞི”བཅས་གཙོ་གནད་དུ་བྱས་ནས་འགྲེལ་བཤད་གཏིང་ཟབ་བསྐྱོན་པ་རེད།

བསོད་ནམས་རྡོ་རྗེ།

འཇིགས་ མེད།

ཉེ་དུས། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བསོད་ནམས་རྡོ་རྗེས་ལྷུན་རྩེ་རྫོང་རི་རོང་ཤང་དང་སྐྱ་མོ་གླིང་གྲོང་ཚོར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད། བསོད་ནམས་རྡོ་རྗེས་གོ་བདེ་ཤེས་སླ་བའི་སྐད་ཆའི་ཐོག་ནས་རང་ངོས་ཀྱི་སློབ་སྦྱོང་མྱོང་ཚོར་དང་ལས་ཀའི་བརྒྱུད་རིམ་དང་དེ་བཞིན་རི་རོང་ཤང་གི་དོན་དངོས་དང་ཟུང་འབྲེལ་གྱིས་ཏང་གི་ལོ་བརྒྱའི་འབད་འཐབ་བརྒྱུད་རིམ་ཁྲོད་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་སོགས་ཀྱི་ཐད་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་དང་འགྲེལ་བཤད་གཏིང་ཟབ་བསྐྱོན་པ་རེད།

ཉེ་དུས། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འཇིགས་མེད་ཀྱིས་སྦྱོར་ར་ཤང་དུ་ཏང་ཡོན་ལས་བྱེད་དང་ཞིང་འབྲོག་མང་ཚོགས་ལ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

འཇིགས་མེད་ཀྱིས་སྔ་རྗེས་སུ་སྦྱོར་ར་ཤང་སྲིད་གཞུང་དང་བདེ་སྐྱིད་གྲོང་ཚོར་ཕེབས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལ་དམིགས་ཏེ། གོ་བདེ་ཤེས་སླ་བའི་སྐད་ཆའི་ཐོག་ནས་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གལ་ཆེའི་དོན་སྙིང་དང་གཏིང་ཟབ་པའི་ནང་དོན་སྒྲོག་འགྲེལ་གནང་བ་རེད།

ལིའུ་ཙོང་ཁྲང་།

ཉེ་དུས། གྲོང་སྤྱི་གཞོན་པ་ལིའུ་ཙོང་ཁྲང་གིས་གྲོང་ཁྱེར་རླངས་འཁོར་འགྲུལ་སྐྱེལ་ཀུང་སི་དང་བོད་ལྗོངས་ལྷོ་ཁའི་གཏེར་ལས་མ་རྐང་ཚད་ཡོད་ཀུང་སིར་བསྐྱོད་དེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་། དེ་བཞིན་གྲོང་ཁྱེར་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

ལིའུ་ཞོལ་དབྱིང་།

ཉེ་དུས། གྲོང་སྤྱི་གཞོན་པ་ལིའུ་ཞོལ་དབྱིང་གིས་གོང་དཀར་རྫོང་གངས་སྟོད་གྲོང་རྡལ་དུ་ཕེབས་ཏེ་གྲོང་རྡལ་ཡོངས་ཀྱི་ལས་བྱེད་ལས་བཟོ་དང་། གྲོང་ཚོར་བཅའ་སྡོད་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ། གྲྭ་བཙུན་གྱི་འཐུས་མི་བཅས་ལ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:专版
   第03版:综合新闻
   第04版:精神解读
སྣ་དཀར་རྩེ་དང་མཚོ་སྨད་རྫོང་གིས།རིག་རྩལ་སྟོན་མོ་བཤམས་ནས་ཏང་གི་སྐབས་བཅུ་དགུ་པའི་ཚང་གྲོས་ཐེངས་དྲུག་པ་དང་ རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དྲིལ་བས@
ངེད་གྲོང་ཁྱེར་གྱི་དབུ་ཁྲིད་ཚོས་རང་དཔེ་གཞན་སྟོན་ཐོག་ནས་གཞི་རིམ་དུ་བསྐྱོད་དེ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་@