འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་ཚེ་རིང་ཕུན་ཚོགས་ཀྱིས་ཐོན་ལས་འཕེལ་རྒྱས་མཉམ་འདུས་ཕན་འབྲས་མཐོར་གཏོང་དང་། གཙོ་ཁྲིད་ཀྱི་འཁྲིད་སྟོན། ཚན་རྩལ་གསར་གཏོད། ཁྲོམ་རས་གསར་འབྱེད། ས་མཐོའི་འབྱུང་འཕྲོད་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་སོགས་ཀྱི་གནད་དོན་ལ་དམིགས་ཏེ། གྲ་ནང་རྫོང་ཅང་ཕིང་སྐྱེ་དངོས་དང་བོད་ལྗོངས་སྔོ་འབྱུང་(ལུད་ཀྲེ་ཡོན)དེང་རབས་ཞིང་ལས་སོགས་ཀྱི་ཁེ་ལས་སུ་བསྐྱོད་ནས་ཏང་གི་སྐབས་བཅུ་དགུ་པའི་ཚང་གྲོས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ། གྲོང་ཁྱེར་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་སོགས་ཀྱི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་འབྲེལ་ལས་དོན་ལ་རྟོག་ཞིབ་གཏིང་ཟབ་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། ཏང་གི་སྐབས་བཅུ་དགུ་པའི་ཚང་གྲོས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ལག་བསྟར་གཏིང་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་གྲོང་ཁྱེར་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཐོན་ལས་གྲོང་འཛུགས་ལ་དམིགས་ནས་གཙོ་ཁྲིད་ཀྱི་འཁྲིད་སྟོན་མཐའ་འཁྱོངས་དང་། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན། ཁྲོམ་རས་གསར་འབྱེད་ལ་སྣང་ཆེན་བཅས་བྱས་ཏེ། ཐོན་ལས་འབྲེལ་ཐག་གི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཡར་ཀླུང་གཙང་པོའི་བར་རྒྱུད་ཀྱི“ལེ་དབར་བརྒྱ་ཡི་ཐོན་ལས་བར་ཁྱམས”བསྐྲུན་རྒྱུར་སྒུལ་ཤུགས་ཆེན་པོ་སྣོན་དགོས།
གྲོང་སྤྱི་གཞོན་པ་ཚེ་རིང་གིས་རྟོག་ཞིབ་ནང་ཞུགས།
ཅང་ཕིང་སྐྱེ་དངོས་སུ། ཚེ་རིང་ཕུན་ཚོགས་དང་བཅས་པས་ཐོན་སྐྱེད་གཉེར་སྐྱོང་དང་། གསར་གཏོད་ཞིབ་འཇུག ཁྲོམ་རའི་བྲིན་ཚོང་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་དང་འབྲེལ། ཐོན་སྐྱེད་འཁོར་ཁང་དུ་བསྐྱོད་དེ་ཐོན་སྐྱེད་བཟོ་རྩལ་བརྒྱུད་རིམ་དང་ཁེ་ལས་འཁོར་རྒྱུག མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་ཁེ་ལས་ཀྱིས་ཐོན་ལས་ཀྱི་གཞི་ཁྱོན་རྒྱ་ཆེར་གཏོང་བ་དང་ཐོན་རྫས་ཀྱི་སྤུས་ཚད་ལེགས་སུ་བཏང་སྟེ་ཐོན་འབབ་ཡོད་པ་དང་། ཁྲོམ་ར་ཡོད་པ། ཕན་འབྲས་མཐོ་བ་བཅས་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་ཆབས་ཅིག་གྲོང་གསེབ་དར་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གསར་གཏོད་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་ཞིང་འབྲོག་མང་ཚོགས་དེ་བས་མང་བ་ལས་ཞུགས་ཐུབ་པ་བྱས་ཏེ་མཐའ་འཁོར་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
བོད་ལྗོངས་སྔོ་འབྱུང་(ལུད་ཀྲེ་ཡོན)དེང་རབས་སྐྱེ་ལྡན་ཞིང་ལས་ཀུང་སིར་ཚེ་རིང་ཕུན་ཚོགས་ཀྱིས་ཁེ་ལས་ཀྱིས་ཐོན་རྫས་གསར་གཏོད་ལ་མཐོང་ཆེན་དང་། མང་ཚོགས་ཀྱི་འབབ་འཕར་ལ་སྣེ་ཁྲིད་ཧུར་ཐག་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་བཅས་ལ་གདེང་འཇོག་གང་ལེགས་གནང་བ་རེད། ཁོང་གིས་ཁེ་ལས་ལས་རིགས་ཀྱིས་མདུན་གྲལ་དུ་བསྐྱོད་ཚེ་གཞི་ནས་ལས་རིགས་ཀྱི་སྐད་ཆ་ཤོད་དབང་དང་། ཚད་གཞི་བཟོ་དབང་། ཐོན་རྫས་ཀྱི་རིན་གོང་གཏན་འཁེལ་བྱེད་དབང་བཅས་ཁོང་དུ་ཆུད་ཐུབ། ཁེ་ལས་ཀྱིས་ཁེ་ལས་རང་ངོས་ཀྱི་ལེགས་ཆ་སྔར་བས་འདོན་སྤེལ་བྱས་ཏེ་ལྟེ་བའི་འགྲན་རྩོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་དེ་བས་ཡངས་པའི་མིག་རྒྱང་ཐོག་ནས་ཁེ་ལས་འཕེལ་རྒྱས་གཏོང་རྒྱུ་ཇུས་འགོད་བྱས་ཏེ་རྣམ་པ་སླར་ཡང་ལེགས་གཏོང་དང་། ཐོན་ལས་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་གལ་ཆེན་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འདེགས་སྐྱོར་གལ་ཆེན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགན་ལེན་གལ་ཆེན་བཅས་ཡིན་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ཐོན་ལས་འཕེལ་རྒྱས་ཀྱི་ངེས་གནས་ལ་དམིགས་པ། སྣེ་འདྲེན་སྐྱེད་སྲིང་དང་། ཐོན་རྫས་ཞིབ་འཇུག་གསར་གཏོད། སྤུས་རྟགས་འཛུགས་སྐྲུན། ཁྲོམ་ར་རྒྱ་ཆེར་གཏོང་བ་སོགས་འཕེལ་རྒྱས་ཀྱི་ཞན་ཆ་གང་མགྱོགས་གསབ་དགོས་པ་དང་། སྤུས་ཚད་མཐོ་བ་དང་ཆུ་ཚད་མཐོ་བའི་མཁོ་སྤྲོད་ནུས་ལྡན་མང་དུ་གཏོང་བ་བཅས་བྱས་ནས་ཐོན་ལས་མགྱོགས་མྱུར་རིམ་སྤོར་དང་། དཔལ་འབྱོར་རྒྱུན་མཐུད་འཕར་བ། མང་ཚོགས་ལས་ཞུགས་འབབ་འཕར་བཅས་ཡོང་རྒྱུར་སྐུལ་ཁྲིད་བྱེད་དགོས། ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་ཐོན་ལས་འཛུགས་སྐྲུན་ལ་སྐུལ་འདེད་དང་། འཆར་འགོད། བཀོད་སྒྲིག་བཅས་བྱས་ནས་གཙོ་ཁྲིད་ཐོན་ལས་ལ་དམིགས་ནས་ཐོན་ལས་ཀྱི་འབྲེལ་ཐག་ཆ་ཚང་བ་དང་སྣེ་ཁྲིད་ནུས་པ་ཆེ་བའི་སྣེ་འདྲེན་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱེད་དགོས། ཁེ་ལས་ཀྱིས་ཁྲོམ་ར་གསར་འབྱེད་བྱེད་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་པར་སྣང་ཆེན་བྱས་ཏེ། མུ་མཐུད་ཚོང་གཉེར་བྱེད་སྟངས་གསར་གཏོད་དང་། ཕྱོགས་ཡོངས་ནས་ཕྱིར་འཚོང་གི་ཐབས་ལམ་རྒྱ་བསྐྱེད་བཏང་ཐོག་ཁྲོམ་ར་བཟུང་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས་སོ།