第03版:综合 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2021年10月27日 星期
3 上一篇 放大 缩小 默认
ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་ཐཱན་ཚད་མཐོ་ཤོས་དང་ ཐཱན་ཚད་སྙོམ་སྦྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།
 

བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་གསལ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་རེད།

གཅིག སྤྱིའི་བླང་བྱ།

(གཅིག)མཛུབ་ཁྲིད་དགོངས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། མ་ལག་གི་ལྟ་བ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་དང་བཙོག་འབུད་ཉུང་གཏོང་དང་། སྤྱི་ཡོངས་དང་ཆ་ཤས། དུས་ཐུང་དང་དུས་ཡུན་འབྲིང་རིང་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་འཇུག་པ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་བྱེད་རྒྱུ་སྣེ་འདྲེན་དུ་བྱེད་པ་དང་། ནུས་རྒྱུ་ལྗང་མདོག་དང་ཐཱན་ཉུང་ཅན་དུ་འཕེལ་རྒྱས་གཏོང་རྒྱུ་གནད་འགག་ཏུ་བཟུང་ནས། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་གྲུབ་ཚུལ་དང་། ཐོན་སྐྱེད་བྱེད་སྟངས།འཚོ་བ་སྐྱེལ་སྟངས། བར་མཐོངས་ཀྱི་བཀོད་པ་བཅས་གང་མགྱོགས་ཆགས་པར་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་ནས་དུས་བཀག་ལྟར་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས།

(གཉིས)ལས་ཀའི་རྩ་དོན།

ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་མངོན་འགྱུར་བྱེད་པར།“རྒྱལ་ཡོངས་གཅིག་འདོམས་དང་། གྲོན་ཆུང་སྔོན་འཇོག ཕྱོགས་གཉིས་མཉམ་སྒུལ། ཕྱི་ནང་ཤར་བགྲོད། ཉེན་ཁ་འགོག་ཟོན”བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས།

རྒྱལ་ཡོངས་གཅིག་འདོམས་བྱེད་དགོས། རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག་ལྟ་བུ་ཡིན་པས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ། ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་ལག་བསྟར་བྱེད་པ། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱེད་དགོས། ས་གནས་ཁག་གི་དོན་དངོས་ལ་གཞིགས་ཏེ་རིགས་དབྱེ་ནས་སྲིད་ཇུས་ལག་ལེན་བསྟར་ཏེ་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་གཞན་གྱི་སྔོན་ལ་མཐོ་ཤོས་སུ་སླེབས་པར་སྐུལ་མ་གཏོང་དགོས།

གྲོན་ཆུང་སྔོན་ལ་འཇོག་དགོས། ནུས་རྒྱུ་དང་ཐོན་ཁུངས་གྲོན་ཆུང་བྱ་རྒྱུ་ཨང་དང་པོར་བཞག་སྟེ་ཁྱོན་ཡོངས་ནས་གྲོན་ཆུང་བྱེད་པའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། རྩིས་གཞི་རེ་ནས་ཐོན་པའི་ནུས་རྒྱུ་དང་ཐོན་ཁུངས་ཟད་གྲོན་དང་ཐཱན་འབུད་ཚད་རྒྱུན་མཐུད་ངང་དམའ་རུ་གཏོང་བ། མ་དངུལ་བཏང་ནས་ཐོན་པའི་ཕན་འབྲས་དང་ལས་ཕྱོད་ཆེ་རུ་གཏོང་བ། རགས་བསྡུས་ཚད་རན་པོ་དང་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ། འབྱུང་རྩ་དང་འཇུག་སྒོ་ནས་ཐཱན་འབུད་ཚོད་འཛིན་ནུས་ལྡན་གྱི་འགག་སྒོ་ཆགས་པར་བྱེད་དགོས།

ཕྱོགས་གཉིས་མཉམ་སྒུལ་བྱེད་དགོས། སྲིད་གཞུང་དང་ཁྲོམ་ར་ཕྱོགས་གཉིས་ནས་ཤུགས་བརྒྱབ་སྟེ་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པ་འཛུགས་པ་དང་། ཚན་རྩལ་དང་ལམ་ལུགས་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ། ལྗང་མདོག་ཐཱན་ཉུང་གི་ཚན་རྩལ་གསར་བརྗེ་མགྱོགས་སུ་གཏོང་དགོས། ནུས་རྒྱུ་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་ཏེ་ཕན་ནུས་ལྡན་པའི་སྐུལ་སློང་དང་གཅུན་འདོམས་ལམ་སྲོལ་ཆགས་པར་བྱེད་དགོས།

ཕྱི་ནང་ཤར་བགྲོད་ཐུབ་པར་བྱེད་དགོས། རྒྱལ་ཁབ་ཀྱི་གནས་ཚུལ་དངོས་ལ་གཞི་ཚུགས་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་ནུས་རྒྱུ་དང་ཐོན་ཁུངས་གཅིག་འདོམས་བྱས་ཏེ། ལྗང་མདོག་ཐཱན་ཉུང་གི་སྔོན་ཐོན་ལག་རྩལ་དང་ཉམས་མྱོང་ཁྱབ་གདལ་གཏོང་དགོས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཕྱི་ཕྱོགས་ཀྱི་འཐབ་རྩོད་དང་མཉམ་ལས་ལ་གཅིག་འདོམས་ཡག་པོ་བྱས་ཏེ་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཐེབས་ཤུགས་དང་སྐད་ཆ་ཤོད་དབང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་རང་རྒྱལ་གྱི་འཕེལ་རྒྱས་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

ཉེན་ཁ་འགོག་ཟོན་བྱེད་དགོས། བཙོག་འབུད་ཉུང་གཏོང་དང་ཐཱན་ཚད་དམའ་རུ་གཏོང་རྒྱུ་དང་ནུས་རྒྱུའི་བདེ་འཇགས་དང་། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་བདེ་འཇགས། འབྲུ་རིགས་ཀྱི་བདེ་འཇགས། མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས། ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་བྱེད་སྐབས་ཐོན་སྲིད་པའི་དཔལ་འབྱོར་དང་། དངུལ་རྩ། སྤྱི་ཚོགས་བཅས་ཀྱི་ཉེན་ཁར་ནུས་ལྡན་ངང་ཁ་གཏད་བཅག་ནས་ཚད་འདས་ཀྱི་ཚུར་སྣང་ལན་ཆ་མི་ཐོན་སྔོན་འགོག་བྱས་ཏེ་བདེ་འཇགས་ལྡན་པའི་སྒོ་ནས་ཐཱན་ཉུང་དུ་གཏོང་རྒྱུའི་འགན་ལེན་བྱེད་དགོས།

གཉིས། དམིགས་ཚད་གཙོ་བོ།

2025ལོར་སླེབས་སྐབས། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་རགས་ཙམ་ཆགས་པ་དང་གཙོ་གནད་ལས་རིགས་ཀྱི་ནུས་རྒྱུ་སྤྱོད་ཚད་ཇེ་ཆེར་གཏོང་དགོས། རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་རྒྱུ་ཟད་གྲོན་དེ་2020ལོ་ལས་13.5%ཆག་པ་དང་། རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་2020ལོ་ལས་18%ཆག་པ། རྫས་འགྱུར་དང་རྡོ་སྣུམ་མིན་པའི་ནུས་རྒྱུའི་འཛད་སྤྱོད་ཀྱི་བསྡུར་ཚད་20%ཡས་མས་སུ་སླེབས་པ། ནགས་ཚལ་ཁེབས་ཚད་24.1%ཟིན་པ་དང་ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་180ཟིན་པ་བཅས་བྱས་ནས་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས།

2030ལོར་སླེབས་སྐབས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་བྱས་ནས་གཙོ་གནད་ཀྱི་ནུས་རྒྱུ་ཟད་གྲོན་ལས་རིགས་ཀྱི་ནུས་རྒྱུ་སྤྱོད་ཚད་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པར་བྱེད་དགོས། རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་རྒྱུ་ཟད་གྲོན་གྱི་ཚད་གཞི་ཆེས་ཆེར་ཆག་པ་དང་། རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་རྩིས་གཞིའི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་2005ལོ་ལས་65%ཡན་ཆག་པ། རྫས་འགྱུར་དང་རྡོ་སྣུམ་མིན་པའི་ནུས་རྒྱུའི་འཛད་སྤྱོད་ཀྱི་བསྡུར་ཚད་25%ཡས་མས་ཟིན་པ། རླུང་གློག་དང་ཉི་ནུས་གློག་འདོན་གྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་བསྡོམས་འབོར་ཆན་ཝ་དུང་ཕྱུར་12ཡན་ཟིན་པ། ནགས་ཚལ་ཁྱབ་ཚད་25%ཙམ་དང་ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་190ཟིན་པ། དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་བྱེད་ཚད་མཐོ་ཤོས་སུ་སླེབས་པ་མ་ཟད་བརྟན་པོའི་ངང་ཆག་པར་བྱེད་དགོས།

2060ལོར་སླེབས་སྐབས། ལྗང་མདོག་ཐཱན་ཉུང་གི་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་དང་དྭངས་གཙང་ཐཱན་ཉུང་བདེ་འཇགས་ཕན་ཆེའི་ནུས་རྒྱུའི་མ་ལག་ཕྱོགས་ཡོངས་ནས་འཛུགས་པ་དང་། ནུས་རྒྱུ་སྤྱོད་ཚད་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པ། རྫས་འགྱུར་དང་རྡོ་སྣུམ་མིན་པའི་ནུས་རྒྱུའི་འཛད་སྤྱོད་བསྡུར་གྲངས་80%ཡན་ཟིན་པ། ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་ཡོང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་བཅས་བྱས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་གསར་པ་གཏོད་དགོས།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:公益广告
ཞིང་འབྲོག་ཁུལ་དུ་གཞི་ཚུགས་ཏེ་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲོ་སྐྱིད་སྦྱིན་པ།
ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་ཐཱན་ཚད་མཐོ་ཤོས་དང་ ཐཱན་ཚད་@