ཏང་གི་འོད་ཟེར་མཐའ་མཚམས་སུ་འཕྲོས། མཐའ་མཚམས་མི་དམངས་ཀྱི་བློ་ཁ་ཏང་ལ་ཕྱོགས། ཟླ་10པའི་ཚེས་21ཉིན། འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཤ་གསོས་གྲོང་ཚོར་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཞིང་། གཞི་རིམ་གྱི་རྐང་འཛིན་སྒྲོག་འགྲེལ་པ་ནོར་བུ་བཀྲ་ཤིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་ཅེས་བརྗོད་དོན་གཙོ་བོར་བྱས་པའི་ཆེད་དོན་སྒྲོག་འགྲེལ་གཉེར་བ་དང་། མི་གྲངས་150ལྷག་གིས་སྒྲོག་འགྲེལ་ཉན་པ་རེད།
ཞོགས་པ་སྔ་པོ་ནས། འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཤ་གསོས་གྲོང་ཚོའི་ཏང་ཡོན་མང་ཚོགས་ཚོས་གྲོང་ལྷན་དུ་བསྐྱོད་དེ། འགོ་ཚུགས་གྲབས་ཡོད་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་དགོངས་དོན་གྱི་ཆེད་དོན་སྒྲོག་འགྲེལ་སྒུག་ནས་བསྡད།
ཞོགས་པའི་ཆུ་ཚོད་10པར། སྒྲོག་འགྲེལ་དངོས་སུ་འགོ་ཚུགས།
སྒྲོག་འགྲེལ་ནང་། ནོར་བུ་བཀྲ་ཤིས་ཀྱིས་ཤ་གསོས་གྲོང་ཚོའི་འཕོ་འགྱུར་དང་ཟུང་འབྲེལ་བྱས་ཏེ། གོ་བདེ་ལ་ཤེས་སླ་བའི་སྐད་ཆའི་རྣམ་པའི་ཐོག་ནས་དཔེ་དྲངས་པ་དང་། ཕྱོགས་ཡོངས་ནས་བོད་ཀྱི་འཕེལ་རྒྱས་ཐད་བྱུང་བའི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གླེང་བ་མ་ཟད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོར་ཐུགས་ཁུར་གནང་ལུགས་དང་ཏང་གི་མཁས་མཛངས་ལྡན་པའི་རླབས་ཆེན་གྱི་རྣམ་བཤད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་རྒྱས་བཤད་གཏིང་ཟབ་བྱས་པ་རེད།
ནོར་བུ་བཀྲ་ཤིས་ཀྱིས་སྒྲོག་འགྲེལ་ཁྲོད་ནན་བཤད་ཐེངས་མང་བྱས་པར། ད་ལོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་ཕེབས་ནས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོར་འཚམས་འདྲི་གནང་བ་དེའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་མཐོང་ཆེན་ཚད་མཐོན་པོ་གནང་བ་དང་བོད་ཀྱི་མི་རིཊ་ཁག་གི་ལས་བྱེད་མང་ཚོགས་ཚོར་དམིཊ་བསལ་དོ་ཁུར་གནང་བ་མཚོན།
གྲོང་མི་ཚོས་ནན་ཏན་ངང་ཉན་བཞིན། སྐབས་འགར་འཛུམ་མདངས་ཀྱིས་མགོ་བོ་ལྡེམ་ཞིང་། སྐབས་འགར་ཐལ་མོ་བརྡབས་ནས་བསྔཊ་བརྗོད་བྱས།
དེ་རྗེས། ཤེས་བྱའི་འགྲན་སྡུར་གཉེར་བ་དང་། བྱེད་སྒོ་སྤེལ་ཡུལ་དུ་འཁྲུག་ཆ་དོད་པའི་རྣམ་པས་ཁེངས།
བྱེད་སྒོ་མཇུག་སྒྲིལ་རྗེས། ཚང་མས། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དགོངས་དོན་སློབ་སྦྱོང་བྱས་ཏེ། འབད་བརྩོན་ཆེན་པོས་ལས་དོན་སྒྲུབ་ནས་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་པ་ཡག་པོ་སྐྱེལ་བ་དང་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་རྒྱུའི་ཆོད་སེམས་བསྟན་པ་རེད།
འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཤ་གསོས་གྲོང་ཚོའི་གྲོང་མི་སྐར་རྡོས་བརྗོད་དོན། ད་ལོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་ཕེབས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འཚམས་འདྲི་གནང་བ་དེས། ངའི་ངོས་ནས་བཤད་ན་སེམས་ལ་དགའ་ཚོར་ཆེན་པོ་སྐྱེས་པ་དང་། ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་ཚོར་ཐུབ་བྱུང་། ང་ཚོས་དེ་རིང་གི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱེད་པ་དང་། ལས་ཀ་ཧུར་ཐག་བྱས་ནས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་སྔར་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དེ་བྱ་སྤྱོད་ངོ་མའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཐུགས་ཁུར་གནང་བར་དྲིན་ལན་འཇལ་རྒྱུ་ཡིན།
འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཤ་གསོས་གྲོང་ཚོའི་གྲོང་མི་པ་སངས་དབང་འདུས་ཀྱིས་བློ་རྩ་བརྟན་པོས། གྲོང་ཚོའི་ལས་བྱེད་པ་ཞིག་གི་ངོས་ནས་བཤད་ན། རང་འཁྲིའི་ལས་དོན་དང་ཟུང་འབྲེལ་བྱས་ནས་དྲིལ་བསྒྲགས་གཞི་རྟེན་གསར་གཏོད་དང་། ཆེད་སྒྲོམ་བཙུགས་པ་དང་རྒྱ་བོད་ཡིག་རིགས་གཉིས་ཀྱི་སློབ་སྦྱོང་དཔྱད་གཞི་སྤྲོད་པ་སོགས་ཀྱི་རྣམ་པའི་ཐོག་ནས་སྔར་བས་སློབ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་སློབ་སྦྱོང་གི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ་ཡིན་ཞེས་བཤད། བདེ་སྐྱིད་དཔལ་སྒྲོལ་གྱིས་བསྒྱུར།