第04版:党史知识 上一版3
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2021年10月18日 星期
下一篇 4 放大 缩小 默认
ཏང་གི་ལོ་རྒྱུས་རྟག་ཏུ་བསྐྱར་དྲན་བྱེད་ ཏང་གི་ལོ་རྒྱུས་བློ་ལ་བརྟན་པོར་ངེས།
ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དྲི་བ་དྲིས་ལན།
 

ལམ་ལུགས་ཀྱི་གདེང་ཚོད་ཀྱི་ཞིབ་ཕྲའི་ནང་དོན་གང་ཡིན་ནམ།

ལམ་ལུགས་ཀྱི་གདེང་ཚོད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ལམ་ལུགས་ཀྱི་ལེགས་ཆ་ལྡན་པའི་གདེང་ཚོད་ལ་ཟེར། ཉེ་རབས་ཚུན་གྱི་ལོ་རྒྱུས་ལས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམ་ཤོས་དང་བྱ་གཞག་ཁག་བདེ་བླག་ངང་སྤེལ་བར་འགན་ལེན་བྱེད་པའི་ལམ་ལུགས་ཀྱི་མ་ལག་ཅིག་ཡིན་པ་ར་འཕྲོད་ཡོད།

རིག་གནས་ཀྱི་གདེང་ཚོད་ཀྱི་ཞིབ་ཕྲའི་ནང་དོན་གང་ཡིན་ནམ།

རིག་གནས་ཀྱི་གདེང་ཚོད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རང་བཞིན་གྱི་གདེང་ཚོད་ལ་ཟེར། རིག་གནས་ཀྱི་གདེང་ཚོད་མཐའ་འཁྱོངས་བྱེད་པར་ཏང་དང་མི་དམངས་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་དང་སྲོལ་རྒྱུན་ལ་འཛིན་པའི་ལོ་རྒྱུས་ཀྱི་སྤོབས་སེམས་འཕེལ་བར་བྱས་ཏེ་ཏང་གིས་མི་དམངས་ཀྱི་སྣེ་འཁྲིད་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་བྱ་གཞག་མངོན་འགྱུར་བྱེད་པའི་དད་སེམས་བརྟན་དུ་བཏང་ནས་སྤྱི་ཚོགས་ཡོངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་དང་དད་སེམས་བརྟན་པོ་ཆགས་པར་བྱེད་དགོས།

“འདུ་ཤེས་བཞིའི”ཞིབ་ཕྲའི་ནང་དོན་གང་ཡིན་ནམ།

“འདུ་ཤེས་བཞི”ནི་2016ལོའི་ཟླ་1ཚེས་29ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་ཐོག་མར་བཏོན་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བའི་ཚོགས་ཆེན་ཐོག་གསུང་བཤད་གནང་སྐབས་ཏང་ཡོངས་ཀྱི་བློ་མཐུན་ཚོས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་ནས་ཏང་ལ་ལྷག་བསམ་རྣམ་དག་དང་། ཏང་གི་སེམས་ཁྲལ་སེལ་བ། ཏང་གི་ཆེད་དུ་འགན་འཁྲི་འཁུར་བ། ཏང་གི་ཆེད་དུ་འགན་འཁྲི་གཙང་སྒྲུབ་བཅས་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་ཡོད།

“སྲུང་སྐྱོང་གཉིས”ཀྱི་ཞིབ་ཕྲའི་ནང་དོན་གང་ཡིན་ནམ།

(1) སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་།

(2) ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ།

ཚོགས་ཆེན་བཅུ་དགུ་པའི་བརྗོད་དོན་གཙོ་བོ་གང་ཡིན་ནམ།

ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་བླངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པ་དེ་རེད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:党史知识
ཏང་གི་ལོ་རྒྱུས་རྟག་ཏུ་བསྐྱར་དྲན་བྱེད་ ཏང་གི་ལོ་རྒྱུས་བློ་ལ་བརྟན་པོར་ངེས།