འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་10པའི་ཚེས་12ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱིའི་ལས་ཚབ་ཚེ་རིང་ཕུན་ཚོགས་ཀྱིས་ཡར་ཀླུང་གཙང་པོའི་ངོགས་ཀྱི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཡི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་རྣམ་གྲངས་ཀྱི་སྐུལ་སྤེལ་ཚོགས་འདུ་འཚོགས་ཏེ། རྣམ་གྲངས་ལག་བསྟར་གནས་ཚུལ་གསན་ནས་འབྲེལ་ཡོད་གནད་དོན་ཞིབ་འཇུག་ཐག་གཅོད་དང་གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད། ཁོང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རི་ཆུ་ནགས་ཞིང་རྩྭ་མཚེའུ་དང་བྱེ་ས་འཁྱགས་རོམ་བཅས་ཀྱི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛུགས་སྐྱོང་བརྟན་པོ་བྱས་ཐོག་ཆབ་སྲིད་ལངས་ཕྱོགས་བརྟན་གཏོང་དང་། ལས་ཀའི་འཁྲི་འགན་ནན་འཁུར། འགག་སྒྲོལ་དཀའ་སེལ། དམ་པ་དོན་གཉེར་བཅས་སྒོས། མྱུར་ཚད་དང་སྤུས་ཚད་ལ་དམ་འཛིན། འགན་འཁྲིའི་འདུ་ཤེས་དང་། གཟི་བརྗིད་ལས་འགན་འདུ་ཤེས། ཛ་དྲག་འདུ་ཤེས་བཅས་ཆེས་ཆེར་འཆང་ནས་ནུས་ཤུགས་ཡོད་རྒུས་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཡི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་རྣམ་གྲངས་ལག་བསྟར་ཡག་པོ་བྱེད་དགོས།
གྲོང་སྤྱི་གཞོན་པ་མུའུ་ཡུང་ཝུན་ཚོགས་འདུར་ཕེབས་ཡོད་པ་རེད།
ཚེ་རིང་ཕུན་ཚོགས་ཀྱིས་མཛུབ་སྟོན་གནང་དོན། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཡི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་གནང་བའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་བསྟར་གྱི་བྱ་ཐབས་གལ་ཆེན་ཞིག མི་དམངས་མང་ཚོགས་ཚོས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་བཅངས་པའི་དངོས་ཡོད་དགོས་མཁོ་བསྐོང་བ་ཞིག་བཅས་རེད། སྲིད་གཞུང་ཁོངས་གཏོགས་ཀྱི་འབྲེལ་ཡོད་ཚན་པས་ཆབ་སྲིད་ལངས་ཕྱོགས་བརྟན་གཏོང་དང་ཆབ་སྲིད་ལས་འགན་དང་ལེན་ཕོད་པར་ཤུགས་སྣོན་བརྒྱབ་སྟེ། འདུ་ཤེས་བཞི་ཟབ་གཏོང་དང་། གདེང་ཚོད་བཞི་བརྟན་གཏོང་། སྲུང་སྐྱོང་གཉིས་ཐུབ་པ་བཅས་སྒོས། དུས་རབས་ཀྱིས་སྤྲད་པའི་འགན་འཁྲི་ལྕི་མོ་ཕྲག་ཐོག་ཏུ་འཁུར་ནས་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཡི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་རྣམ་གྲངས་སེམས་ལ་བཞག་ནས་ལག་ལེན་ངོ་མའི་ཁྲོད་དམ་འཛིན་གྱིས་ནུས་ཤུགས་ཡོད་རྒུས་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་དགོས།
ཚེ་རིང་ཕུན་ཚོགས་ཀྱིས་ནན་བཤད་གནང་དོན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། གོམ་གང་མདུན་སྤོས་ཀྱིས་རྣམ་གྲངས་སྤྱིའི་གཅིག་གྱུར་བཀོད་སྒྲིག་ལ་སྐུལ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་དོན་འཁྱོལ་ཐུབ་པ་བྱ་དགོས། རྣམ་གྲངས་ཀྱི་མྱུར་ཚད་ཀྱི་རེ་འདུན་གཞིར་བཟུང་རྣམ་གྲངས་ལ་སྐུལ་སྤེལ་བཏང་སྟེ། ཡར་ཀླུང་གཙང་པོའི་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མཐོ་རུ་གཏོང་དགོས། འོས་སྒུག་སོགས་འབྲེལ་ཡོད་གཏན་འབེབས་ནན་བསྟར་ཡོད་པའི་རྨང་གཞིའི་འོག་རྣམ་གྲངས་ཀྱི་མྱུར་ཚད་ལ་སྐུལ་སྤེལ་གྱིས་རྣམ་གྲངས་སྔ་ཙམ་ནས་འཛུགས་སྐྲུན་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། སྒྲིག་ཁྲིམས་ཀྱི་གཏན་འབེབས་ནན་པོ་སྲུང་སྟེ། ཁྲིམས་བཞིན་རྣམ་གྲངས་ལག་བསྟར་གྱི་གཙོ་གཞི་ལེགས་འདེམས་བྱས་ནས་ཉེན་ཟོན་ཆེར་སྐྱེད་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་རྣམ་གྲངས་སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་སྐུལ་སྤེལ་གཏོང་དགོས། རྣམ་གྲངས་ཀྱི་སྤུས་ཚད་ལ་སྣང་ཆེན་བྱས་ཏེ། ལས་གྲྭའི་སྤུས་ཚད་ཚེ་གང་འགན་འཁུར་བའི་ལམ་ལུགས་ནན་བསྟར་བྱེད་དགོས་པ་དང་། ཆ་རྐྱེན་ཚང་དགོས་ཁ་གསལ་དང་ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པའི་ལག་རྩལ་རེ་འདུན་གཞིར་བཟུང་གཅིག་གྱུར་བཀོད་སྒྲིག་ཐོག་ནས་ལག་བསྟར་བྱེད་དགོས་པ། ལས་གཞིའི་རྣམ་གྲངས་ཀྱི་སྔོན་དཔག་ཕན་འབྲས་དང་ལས་ནུས་སྟོན་གྲངས་གཉིས་ཕན་ཚུན་གཅིག་གྱུར་ཡོད་པའི་ཐོག་ནས་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་མ་ལག་བཅོས་སྐྱོང་གི་དཔེ་མཚོན་ལས་གྲྭ་ཞིག་ཏུ་གཏོད་དགོས། མ་ལག་བཅོས་སྐྱོང་ལ་དོ་ཁུར་བྱས་ཏེ། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཡི་སླར་གསོ་རྣམ་གྲངས་ལག་བསྟར་བྱ་རྒྱུ་དེ་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་དང་། ཤང་གྲོང་དར་རྒྱས། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག ཡུལ་སྐོར་ཐོན་ལས་འཕེལ་རྒྱས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཅས་དང་ཟུང་འབྲེལ་བརྒྱུད། གོམ་གང་མདུན་སྤོས་ཀྱིས་རྣམ་གྲངས་ཀྱི་ཕན་འབྲས་དང་ལས་ཀའི་ཕན་ནུས་མཐོར་འདེགས་ཡོང་བ་བྱ་དགོས།
ཚོགས་འདུའི་ཐོག སྣེ་གདོང་ཆུས་དང་། གོང་དཀར་རྫོང་། གྲ་ནང་རྫོང་། གྲོང་ཁྱེར་མི་སྤྱི་ཅུད། སྐྱེ་ཁམས་ཁོར་ཡུག་ཅུད། ཆུ་བེད་ཅུད། ཞིང་ལས་གྲོང་གསེབ་ཅུད། ནགས་ཚལ་རྩྭ་ཐང་ཅུད་བཅས་ཀྱིས་ཁག་སོ་སོར་འབྲེལ་ཡོད་རྣམ་གྲངས་སྤེལ་ཚུལ་སྙན་ཞུ་ཕུལ་བ་རེད།