第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
ངེད་གྲོང་ཁྱེར་གྱིས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གཏིང་ཟབ་དང་ ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བཏང་བ།
ངེད་གྲོང་ཁྱེར་གྱིས་སྟོན་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།
ལག་གདང་སྦྲེལ་ནས་མི་རིགས་མཐུན་སྒྲིལ་དང་ཞི་མཐུན་འབྱོར་ཕྱུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་བྱས།
| 山南网首页 |
2021年10月18日 星期
下一篇 4 放大 缩小 默认
ངེད་གྲོང་ཁྱེར་གྱིས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གཏིང་ཟབ་དང་ ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བཏང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་ངེད་གྲོང་ཁྱེར་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྐུལ་སྤེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། གྲོང་ཁྱེར་དེས་ཀྲུང་དབྱང་རྩ་འཛུགས་པུའུ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། སློབ་གསོ་པུའུ་བཅས་ཀྱི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་ལས་དོན་སྐུལ་སྤེལ་ཚོགས་འདུ་དང་རང་སྐྱོང་ལྗོངས་ཀྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་བཀོད་སྒྲིག་བླང་བྱ་སྔར་བས་ལག་བསྟར་དོན་འཁྱོལ་བྱས་ནས་སྨན་བཅོས་དང་། སློབ་གསོ། ཞིང་ལས་དང་གྲོང་གསེབ་སོགས་ཁྱབ་ཁོངས་ཁག་གི་ལས་དོན་ཐད་ཚད་བརྒལ་གསར་པ་དང་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་ཚུན། ངེད་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། སློབ་གསོའི་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་བ། “ཚོགས་སྒྲིག་ཆུང་ངུའི”བོད་སྐྱོར་གྱིས་དཀའ་གནད་གནད་སྨིན་ཐག་གཅོད་བྱས་ཡོད། གྲུབ་འབྲས་དེ་དག་ནང་ཁ་གཏད་རོགས་སྐྱོར་ཞིང་ཆེན་གྱི་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་རོགས་སྐྱོར་འདུས་པ་དང་དེ་ནི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་ཚད་མཐོའི་སྐུལ་འདེད་དང་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་པའི་འབྲས་བུ་རེད། གོམ་སྟབས་རྗེས་མར་ངེད་གྲོང་ཁྱེར་དང་ཁ་གཏད་རོགས་སྐྱོར་ཞིང་ཆེན་གྱིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་ཡང་དག་ངང་ལག་བསྟར་བྱེད་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་བྱས་ནས། ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་དང་། “འཕྲལ་མཁོ་དང་། དཀའ་གནད། སེམས་ཁྲལ། རེ་འདོད”བཅས་ལ་དམིགས་ཏེ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱས་ནས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་ཞབས་འདེགས་ཞུ་བའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ། ཐོག་མཐའ་བར་གསུམ་དུ་བྱས་རྗེས་འཇོག་པ་དང་རང་འགན་གཙང་སྒྲུབ་བྱེད་པ་དང་། སེམས་ནུས་གཅིག་སྒྲིལ་དང་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་བསྐྱོད་ནས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ་རེད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:党史知识
ངེད་གྲོང་ཁྱེར་གྱིས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གཏིང་ཟབ་དང་ ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བཏང་བ།
ངེད་གྲོང་ཁྱེར་གྱིས་སྟོན་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།
ལག་གདང་སྦྲེལ་ནས་མི་རིགས་མཐུན་སྒྲིལ་དང་ཞི་མཐུན་འབྱོར་ཕྱུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་བྱས།