第04版:党史知识 上一版3
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2021年10月8日 星期
下一篇 4 放大 缩小 默认
ཏང་གི་ལོ་རྒྱུས་རྟག་ཏུ་བསྐྱར་དྲན་བྱེད་ ཏང་གི་ལོ་རྒྱུས་བློ་ལ་བརྟན་པོར་ངེས།
ཀྲུང་གོ་གུང་ཁྲན་ཏང་སྐོར་གྱི་རྨང་གཞིའི་ཤེས་བྱ། (8)
 

【“ཐོག་མའི་བསམ་འདུན་མ་བརྗེད་པར་

འགན་ འཁྲི་བློ་ལ་བརྟན་པོར་འཆང་བ”】

ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“ཀྲུང་གོ་གུང་ཁྲན་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱེད་རྒྱུ་དེ་རེད། ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོ་གུང་ཁྲན་ཏང་མིས་རྒྱུན་ཆད་མེད་པར་མདུན་སྐྱོད་ལ་སྐུལ་མ་གཏོང་བའི་རྩ་བའི་སྒུལ་ཤུགས་ཡིན”“མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་བཏང་ནས‘སློབ་སྦྱོང་གཉིས་དང་ཚད་ལོན་གཅིག’གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་བཏང་སྟེ་རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཙོ་གནད་དུ་བཟུང་ནས་ཏང་ཡོངས་སུ‘ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི’བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་ཏང་ཡོངས་ཀྱིས་རང་རྟོགས་ངང་དུས་རབས་གསར་པའི་ཏང་གི་ལོ་རྒྱུས་འགན་འཁྲི་མངོན་འགྱུར་ཡོང་ཕྱིར་འབད་བརྩོན་ལྷོད་མེད་བྱེད་པར་སྐུལ་འདེད་གཏོང་དགོས”ཞེས་བཏོན་ཡོད།

2019ལོའི་ཟླ་5ཚེས་13ཉིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ་2019ལོའི་ཟླ་6པ་ནས་བཟུང་རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཙོ་གནད་དུ་བཟུང་ནས་ཏང་ཡོངས་ཀྱི་གོང་ནས་འོག་བར“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དུས་ཐེངས་གཉིས་ལ་དབྱེ་ནས་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད།

བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་ནི་ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་ཕྲག་ཏུ་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན་བཅས་རེད།

【ཏང་ལ་ཞུགས་པའི་གཞི་རྩའི་ཆ་རྐྱེན】

ཧྲིལ་ལོ་བཅོ་བརྒྱད་ལོན་པའི་ཀྲུང་གོའི་བཟོ་པ་དང་། ཞིང་པ། དམག་མི། ཤེས་ཡོན་ཅན། སྤྱི་ཚོགས་ཀྱི་རིམ་གྲས་གཞན་དག་ཁྲོད་ཀྱི་སྔོན་ཐོན་པ་བཅས་ཀྱིས་ཏང་གི་རྩ་འཛིན་དང་སྒྲིག་ཡིག་ཁས་བླངས་ཤིང་། ཏང་གི་རྩ་འཛུགས་ཤིག་གི་ནང་ལ་ཞུགས་པ་དང་འབྲེལ་དེའི་ནང་ལས་ཀ་ཧུར་ཐག་བྱེད་པ་དང་། ཏང་གི་གྲོས་ཆོད་ལག་ལེན་བསྟར་བ། ཏང་དངུལ་དུས་ཐོག་ཏུ་འབུལ་བ་བཅས་བྱེད་འདོད་ཡོད་མཁན་ཞིག་ཡིན་ཕྱིན། ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་རྒྱུའི་རེ་འདུན་ཞུ་ཡིག་འབུལ་ཆོག

ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས་ཀྱི་དྲི་བ་དྲིས་ལན།

◆ 85 ཙུན་དབྱིའི་གྲོས་ཚོགས་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་གང་ཡིན་ནམ།

ཙུན་དབྱིའི་གྲོས་ཚོགས་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཐོག་གལ་འགངས་ཧ་ཅང་ཆེ་བའི་གྲོས་ཚོགས་ཤིག་ཡིན་པ་དེར་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། གཅིག ཀྲུང་གོའི་གསར་བརྗེ་འཆི་གསོན་ལ་ཐུག་པའི་ཉེན་ཁ་ཆེ་བའི་འགག་རྩའི་དུས་སུ་ཙུན་དབྱིའི་གྲོས་ཚོགས་ཀྱིས་ཀྲུང་གོའི་གསར་བརྗེ་བསྐྱབས་པ་དང་། གཉིས། ཙུན་དབྱིའི་གྲོས་ཚོགས་ནི་ཀྲུང་གོ་གུང་ཁྲན་ཏང་གོ་རྟོགས་མ་སད་པ་ནས་འཐུས་སྒོ་ཚང་དུ་ཕྱིན་པའི་བར་གྱི་མཚོན་རྟགས་ཤིག་ཡིན། གསུམ། ཙུན་དབྱིའི་གྲོས་ཚོགས་ཀྱིས་མའོ་ཙེ་ཏུང་གི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱི་གནས་བབ་གཏན་འཁེལ་བྱས་ཡོད།

◆ 86 ཡན་ཨན་ཀུན་སྤྱོད་དག་ཐེར་ལས་འགུལ་གྱི་ནང་དོན་གང་ཡིན་ནམ།

ཡན་ཨན་ཀུན་སྤྱོད་དག་ཐེར་ལས་འགུལ་གྱི་ནང་དོན་ནི། རང་ཤེད་རིང་ལུགས་ལ་ངོ་རྒོལ་བྱས་ནས་སློབ་སྲོལ་དག་ཐེར་དང་། ཕྱོགས་རིས་རིང་ལུགས་ལ་ངོ་རྒོལ་བྱས་ནས་ཏང་སྲོལ་དག་ཐེར། ཏང་ནང་ཁུལ་གྱི་རྩོམ་ཡིག་ཡན་ལག་བརྒྱད་ལྡན་ལ་ངོ་རྒོལ་བྱས་ནས་རྩོམ་སྲོལ་དག་ཐེར་བཅས་བྱེད་དགོས་པ་དེ་ཡིན། དེའི་ནང་རང་ཤེད་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུ་ནང་དོན་གཙོ་བོར་བཟུང་ཡོད།

◆ 87 ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་བཏོན་པའི“ངེས་པར་དུ་བྱེད་དགོས་པ་གཉིས”ཀྱི་ཞིབ་ཕྲའི་ནང་དོན་གང་ཡིན་ནམ།

ཏང་ཡོངས་ཀྱིས་ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་ང་རྒྱལ་འཚབ་འཚུབ་སྤོང་བའི་སྤྱོད་ཚུལ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས་པ་དང་། ངེས་པར་དུ་དཀའ་སྤྱད་འབད་འཐབ་ཀྱི་སྤྱོད་ཚུལ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས་པ་དེ་ཡིན།

◆ 88 ཀྲུང་གོ་གུང་ཁྲན་ཏང་གི“སྤྱོད་ཚུལ་ཆེན་པོ་གསུམ”གང་ཡིན་ནམ།

ཏང་གི“སྤྱོད་ཚུལ་ཆེན་པོ་གསུམ”ནི་ཏང་གི་དུས་ཡུན་རིང་པོའི་འཐབ་རྩོད་ནང་གྲུབ་པའི་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པ་དང་། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ་བཅས་ཀྱི་སྤྱོད་ཚུལ་བཟང་པོ་ཡིན་ཞིང་། དེ་ནི་ཏང་གི་ངོ་བོ་དང་དམིགས་ཡུལ་གྱི་མཚོན་ཚུལ་ཞིག་ཡིན།

◆ 89 ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་སྤྱི་ཚོགས་རིང་ལུགས་སྒྱུར་བཀོད་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་བའི་བར་ནི་བར་བརྒལ་དུས་སྐབས་ཤིག་ཡིན། བར་བརྒལ་དུས་སྐབས་དེའི་ཏང་གི་སྤྱིའི་ལམ་ཕྱོགས་ལ་ནང་དོན་གང་དག་ཚུད་ཡོད་དམ།

བར་བརྒལ་དུས་སྐབས་དེའི་ཏང་གི་སྤྱིའི་ལམ་ཕྱོགས་ནི་དུས་ཡུན་ཧ་ཅང་རིང་པོའི་ནང་རྒྱལ་ཁབ་ཀྱི་སྤྱི་ཚོགས་རིང་ལུགས་བཟོ་ལས་ཅན་རིམ་བཞིན་མངོན་འགྱུར་དང་རྒྱལ་ཁབ་ཀྱིས་ཞིང་ལས་དང་། ལག་ཤེས་བཟོ་ལས། མ་རྩ་རིང་ལུགས་ཀྱི་བཟོ་ཚོང་ལས་རིགས་བཅས་ལ་སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཀོད་བྱས་པ་རིམ་བཞིན་མངོན་འགྱུར་བྱུང་བ་དེ་ཡིན། ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:党史知识
ཏང་གི་ལོ་རྒྱུས་རྟག་ཏུ་བསྐྱར་དྲན་བྱེད་ ཏང་གི་ལོ་རྒྱུས་བློ་ལ་བརྟན་པོར་ངེས།