第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2021年10月8日 星期
3 上一篇 放大 缩小 默认
སློབ་གྲྭའི་ནང་དུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད།
 

འདི་ནི་སློབ་གྲྭའི་བཤད་ཁྲིད་པས་སློབ་གྲོགས་ཚོར་མི་རིགས་མཐུན་སྒྲིལ་གྱི་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།

ཉེ་དུས། གསར་འགོད་པ་གྲོང་ཁྱེར་སློབ་ཆུང་དང་པོར་བསྐྱོད་སྐབས། ལུས་རྩལ་ཐང་དུ་སློབ་མ་ཚོ་མཉམ་དུ་བསྡད་ནས《ཀྲུང་ཧྭ་ང་ཁྱེད་ལ་དགའ》ཞེས་པའི་གླུ་གཞས་ལེན་བཞིན་ཡོད།

གྲོང་ཁྱེར་སློབ་ཆུང་དང་པོའི་ནང་བོད་རིགས་དང་རྒྱ་རིགས། ཧུའེ་རིགས། མོན་པ་རིགས། ལྷོ་པ་རིགས་སོགས་མི་རིགས་མི་འདྲ་བའི་སློབ་མ་ཚོས་མཉམ་དུ་སློབ་སྦྱོང་དང་འཚོ་བ་སྐྱེལ་བཞིན་ཡོད།

ལོ་མང་རིང་། སློབ་གྲྭས་མི་རིགས་མཐུན་སྒྲིལ་སློབ་གསོ་དེ་སློབ་གྲྭའི་སློབ་གསོ་དང་། ཁྱིམ་ཚང་གི་སློབ་གསོ། སྤྱི་ཚོགས་ཀྱི་སློབ་གསོ་བཅས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གཏིང་ཟབ་ཏུ་བཏང་ནས་སློབ་གྲྭ་ཡོངས་ཀྱི་མི་རིགས་ཁག་གི་དགེ་སློབ་དབར་ཕན་ཚུན་ཤེས་རྟོགས་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་རོགས་རམ་བཅས་བྱ་རྒྱུར་སྔར་བས་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་སློབ་གླིང་ཀུན་ཏུ་བཞད་ཡོད།

མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་བར་ཁྱམས་སུ་མི་རིགས་ཁག་གི་རྣམ་པར་བཀྲ་བའི་གྱོན་ཆས་དང་། ལོ་རྒྱུས་ཡུན་རིང་ལྡན་པའི་དམངས་སྲོལ། ཁྱད་ཆོས་མངོན་གསལ་དོད་པའི་རིག་གནས་བཅས་མཐོང་རྒྱུ་ཡོད་ཅིང་། དེ་ནི་ཡི་གེ་མང་པོ་ཡོད་པའི་ཤོག་དྲིལ་རིང་པོ་ཞིག་དང་འདྲ་བར་མིག་མདུན་དུ་མངོན་པ་དང་བརྗོད་བྱ་ ཁ་གསལ་བའི་འགྲེམས་པང་རེ་རེ་བཞིན་གྱིས་སློབ་མ་ཚོས་མི་རིགས་ཁག་གི་རིག་གནས་ལ་ཐད་ཀར་ཤེས་རྟོགས་ཐུབ་པ་བྱེད་ཀྱི་ཡོད་པ་རེད། སློབ་གསེང་དུ་སློབ་མ་ཚོ་མཉམ་དུ་མི་རིགས་མཐུན་སྒྲིལ་གྱི་བརྗོད་བྱ་གཙོ་བོའི་གླིང་དུ་འཛོམས་ནས་མི་རིགས་ཁག་གི་རིག་གནས་གོམས་སྲོལ་ཤེས་རྟོགས་ནན་ཏན་བྱེད་ཀྱི་ཡོད།

ལོ་རིམ་དྲུག་པའི་འཛིན་གྲྭ་ལྔ་པའི་སློབ་མ་འཇིགས་མེད་ཚེ་བརྟན་གྱིས། དུས་རྒྱུན་སློབ་ཚན་འཚོགས་སྐབས། རྒན་ལགས་ཀྱིས་ང་ཚོར་མི་རིགས་མཐུན་སྒྲིལ་སྐོར་གྱི་ཤེས་བྱ་བཤད་ཁྲིད་བྱེད་ཀྱི་རེད། སློབ་ཚན་གྲོལ་རྗེས། ང་ཚོའི་འཛིན་གྲྭའི་ནང་གི་སློབ་མ་ཚོས་ཕན་ཚུན་སློབ་སྦྱོང་གྲོས་བསྡུར་དང་རྩེད་མོ་རྩེད་རེས་བྱས་པས་མཐུན་སྒྲིལ་དམ་ཟབ་ཀྱི་རྣམ་པ་གང་སར་མཐོང་རྒྱུ་ཡོད་ཅེས་བཤད།

སློབ་ཁྲིད་ཐོག་ཁང་དུ་སློབ་མ་རྣམས་ཀྱི་སྐད་གསང་མཐོན་པོའི་སྐད་སྒྲ་སློབ་ཁང་གི་བར་ཁྱམས་སུ་འཁྱམས། ལོ་རིམ་གསུམ་པའི་འཛིན་གྲྭ་དང་པོའི་སློབ་མ་རྣམས་དགེ་རྒན་གྱི་སྣེ་ཁྲིད་འོག་ཤེས་བྱའི་གནས་ལ་སྦྱངས་པ་བརྩོན་གྱིས་འབད། འཛིན་གྲྭའི་ནང་གི་སློབ་མ་སུམ་ཅུ་ལྷག་གི་ཁྲོད་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས་སོགས་པའི་མི་རིགས་འདུས་ཡོད། ཚང་མས་མཉམ་དུ་སློབ་སྦྱོང་བྱས་ནས་ཁོར་ཡུག་གི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

ལོ་རིམ་གསུམ་པའི་འཛིན་གྲྭ་དང་པོའི་སློབ་མ་མཱ་ཝུན་ཞཱ་ཡིས། ང་ཚོའི་འཛིན་གྲྭ་ཞི་མཐུན་ལྡན་པ་དང་དུས་རྒྱུན་སློབ་སྦྱོང་དང་འཚོ་བའི་ཐད་དཀའ་ངལ་འཕྲད་སྐབས་ཚང་མས་ཕན་ཚུན་རོགས་རམ་བྱེད་པ་དང་ང་ཚོས་ད་དུང་མི་རིགས་ཁག་གི་སྐད་ཡིག་སློབ་སྦྱོང་བྱེད་ཀྱི་ཡོད་ཅེས་བཤད།

གྲོང་ཁྱེར་སློབ་ཆུང་དང་པོ་དེ་མི་རིགས་མང་བའི་སློབ་མའི་སློབ་གྲྭ་ཞིག་ཡིན་པའི་ངོས་ནས་སློབ་གྲྭས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་རྒྱུན་གཏན་གྱི་སློབ་ཁྲིད་ནང་བཅུག་ནས། དྲིན་ཚོར་སློབ་གསོའི་བརྗོད་དོན་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་དེ་སློབ་མ་ཚོའི་སེམས་ནང་བརྟན་པོ་བཙུགས་ཡོད།

ལོ་རིམ་བཞི་པའི་འཛིན་གྲྭ་དང་པོའི་དགེ་རྒན་ཡོན་ལིན་གྱིས། ང་ཚོའི་སློབ་གྲྭས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། སློབ་དུས་རེའི་སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི་ནང་དོན་ནི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་ཡིན་པ་མ་ཟད། ད་དུང་དུས་བཀག་ལྟར་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་བརྗོད་དོན་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་སོགས་ཀྱང་འཚོགས་ནས་སློབ་མ་ཚོར་སེ་འབྲུ་ལྟར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུའི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་ཀྱི་ཡོད་ཅེས་བཤད།

སློབ་ཁང་དུ་སློབ་ཁྲིད་བྱེད་པ་ཕུད་སློབ་གྲྭས་ད་དུང་རྒྱལ་དར་འོག་གི་གཏམ་བཤད་དང་མེས་རྒྱལ་ངའི་སེམས་ནང་གནས་ཞེས་པའི་རྒྱལ་གཅེས་རིང་ལུགས་ཀྱི་གཏམ་བཤད་འགྲན་བསྡུར་བྱས་པ་དང་། ང་ནི་ཏང་གི་བུ་མོ་ཡིན་པས་ནམ་ཡང་ཏང་གི་རྗེས་སུ་འབྲང་རྒྱུ་ཡིན་ཞེས་དགེ་སློབ་ཀྱི་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་པ་དང་། ནང་སའི་གཅེན་གཅུང་སློབ་གྲྭ་དང་ལོ་མང་རིང་མི་རིགས་མཐུན་སྒྲིལ་ལག་གདང་སྦྲེལ་བའི་འཕྲིན་ཡིག་དང་གྲོགས་པོ་སྒྲིག་པ་སོགས་ཀྱི་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་སློབ་མ་ཚོས་ཆུང་དུས་ནས་ཡང་དག་པའི་ལོ་རྒྱུས་ལྟ་བ་དང་། མི་རིགས་ལྟ་བ། རྒྱལ་ཁབ་ལྟ་བ། རིག་གནས་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཡོད།

ལོ་རིམ་དྲུག་པའི་འཛིན་གྲྭ་གསུམ་པའི་སློབ་མ་ཀུན་བཟང་བདེ་སྐྱིད་ཀྱིས། སློབ་གྲྭས་སྤེལ་བའི་ལག་གདང་སྦྲེལ་བའི་འཕྲིན་ཡིག་གི་བྱེད་སྒོ་བརྒྱུད་ཧོ་པེ་ནས་ཡིན་པའི་གྲོགས་པོ་ངོ་ཤེས་ནས་འཕྲིན་ཡིག་གཏོང་རེས་བྱས་པ་བརྒྱུད་རྩ་ཆེའི་མཛའ་གྲོགས་ཤིག་ཐོབ་པ་མ་ཟད། ད་དུང་ཁོང་གི་སློབ་སྦྱོང་གི་གྲུབ་འབྲས་ལའང་རོགས་རམ་ཆེན་པོ་ཐོབ་ཡོད་ཅེས་བཤད།

ཀུན་བཟང་བདེ་སྐྱིད་ཀྱིས། ངས་དུས་རྒྱུན་ཧོ་པེ་ཧྲི་ཅ་ཀྲོང་གི་གྲོགས་པོ་ཞིག་ལ་འཕྲིན་ཡིག་འབྲི་གི་ཡོད། ང་ཚོས་རང་ཉིད་ཀྱི་ཕ་ཡུལ་གྱི་འགྱུར་ལྡོག་དང་ཉེ་དུས་ཀྱི་སློབ་སྦྱོང་གནས་ཚུལ་མཉམ་སྤྱོད་བྱེད་པ་དང་། ད་དུང་རང་ཉིད་ཀྱི་སྤྲོ་སྣང་དང་དགའ་ཕྱོགས་གླེང་གི་ཡོད། ཡི་གེ་འབྲི་བའི་བརྒྱུད་རིམ་ནང་ངའི་རྒྱ་ཡིག་གི་བརྗོད་ནུས་དང་རྩོམ་འབྲིའི་ནུས་པ་ཆེ་རུ་ཕྱིན་སོང་ཞེས་བཤད།

ཀུན་སྤྱོད་སློབ་གསོའི་ཀྲུའུ་རེན་རྐང་འཛུགས་ཀྱིས། སླད་ཕྱིན་ངེད་སློབ་གྲྭས་ལས་ཀ་བྱེད་སྟངས་དང་བྱེད་ཐབས་གསར་གཏོད་བྱས་ནས་མི་རིགས་མཐུན་སྒྲིལ་སློབ་གསོའི་བརྗོད་དོན་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་དང་གཏམ་བཤད་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་སློབ་མ་རྣམས་ཚད་དང་མཐུན་པའི་ཕུལ་བྱུང་གི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཞིག་ཏུ་སྐྱེད་སྲིང་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བཤད།

མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མཉམ་དུ་གསོ། དར་རྒྱས་གོང་འཕེལ་གྱི་འབྲས་བུ་མཉམ་དུ་སྤྱོད། མ་འོངས་པར། གྲོང་ཁྱེར་སློབ་ཆུང་དང་པོས་དཔེ་ཁྲིད་མི་སྐྱོང་གི་ཐོག་མའི་བསམ་འདུན་མ་བརྗེད་པར་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོར་གཅེས་སྐྱོང་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་པ་བཅས་བྱ་རྒྱུ་རེད།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:党史知识
ཕུར་བུ་ཚེ་རིང་གི་ལས་གཏོད་ཕུགས་བསམ།
སློབ་གྲྭའི་ནང་དུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད།
ཟངས་རི་རྫོང་གིས་ཏང་གི་ལོ་རྒྱུས་དང“དེ་བས་གསུམ”གྱི་ཆེད་དོན་ སློབ་གསོའི་ཤེས་བྱའི་འགྲན་བསྡུར་གཉེར་བ།