ཏང་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་འོག ཉིན་ཤས་གོང་ལྷོ་བྲག་རྫོང་སྲད་ཤང་སྲད་གྲོང་ཚོའི་ཚོགས་ཆུང་གཉིས་པའི་དུད་ཚང་71སྡོད་ཁང་གསར་པར་སྤོས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྤུས་ཚད་ལེགས་པའི“འབྱོར་འབྲིང་སྡོད་ཁང”བསྐྲུན་པ་ཕུད། ད་དུང་འགྲོ་ལམ་དང་། ཆུ་འགྲོ གློག་རླངས་སོགས་རྨང་གཞིའི་སྒྲིག་བཀོད་དང་ཐོན་ལས་འཕེལ་རྒྱས་སོགས་ཞོར་གཏོགས་སྒྲིག་ཆས་བསྐྲུན་ཞིང་། འདི་ནི་རྫོང་དེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་སྡོད་ཁང་གསར་པར་ལྟ་བཞིན་པ།