第03版:综合 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
ཞུས་ཁྲེང་ཚང་གིས་གོང་དཀར་སྣ་དཀར་རྩེ་ལྷོ་བྲག་བཅས་སུ་རྟོག་ཞིབ་གནང་།
དགུན་དུས་ཀྱི་ཞོགས་པར་མགོ་བོ་བཀྲུ་མི་རུང་།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུས་རིགས་གཞུང་ སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་རྒྱ་ཆེའི་ཚོགས་འདུ་འཚོགས་པ།
ཚེ་རིང་ཕུན་ཚོགས་ཀྱིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་གྱ་གཅིག་པ་སྐོང་འཚོགས་གནང་བ།
| 山南网首页 |
2021年9月29日 星期
3 上一篇  下一篇 4 放大 缩小 默认
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུས་རིགས་གཞུང་ སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་རྒྱ་ཆེའི་ཚོགས་འདུ་འཚོགས་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུས་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་རྒྱ་ཆེའི་ཚོགས་འདུ་ཐེངས་དགུ་པ་སྐོང་འཚོགས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུ་དང་། ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ན་གཞོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་འགོ་ཚུགས་མཛད་སྒོ། ཧོ་པེ་ཁྲེང་ཏེར་རྟོག་ཞིབ་གནང་སྐབས། ཀྲུང་དབྱང་གི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཅིག་པ། དེ་བཞིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་དང་། ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ། གྲོང་ཨུད་རྒྱུན་ཨུད་རྒྱ་ཆེ་བཅས་ཀྱི་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་རེན་ཝང་ཏེ་ཝུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་གཞོན་པ་ཁྲེན་ཧའེ་ཆིང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི། ཀྲུའུ་རེན་གཞོན་པ་ཚེ་རིང་ཚོགས་འདུར་ཞུགས།

ཚོགས་འདུའི་ཐོག ཏང་ཙུའི་ཁོངས་མི་ཁག་ཅིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་ཚོཊ་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དགོངས་དོན་ལ་མཐའ་སྐོར་ནས་གཏམ་བཤད་སྤེལ་རེས་གནང་བ་རེད།

ཝང་ཏེ་ཝུན་གྱིས་ནན་བཤད་གནང་དོན། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ནང་ཞུགས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུཊ་རྒྱུའི་སློབ་སྦྱོང་སློབ་གསོའི་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་དགོས། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཁྲོད་ཀྱི་རིམ་པ་ཁག་གི་མི་དམངས་འཐུས་ཚོགས་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་དགེ་མཚན་གྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྟག་ཏུ་བཞད་པར་བྱེད་དགོས། ལས་བྱེད་པའི་དཔུང་ཁག་སྟོབས་ཆེར་གཏོང་བ་དང་དུས་རབས་གསར་པའི་མི་རིགས་ས་ཁུལ་གྱི་ལས་བྱེད་པ་ཡག་པོའི་ཚད་གཞི་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས། འདུ་ཤེས་བཞི་ཟབ་གཏོང་དང་། གདེང་ཚོད་བཞི་བརྟན་གཏོང་། སྲུང་སྐྱོང་གཉིས་ཐུབ་པ་བཅས་ལ་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ཤུགས་བཅས་ཆེ་རུ་ཏན་ཏིག་བཏང་སྟེ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་ལེགས་པོ་སྒྲུབ་པའི་བྱ་སྤྱོད་དངོས་ལ་བརྟེན་ནས་སྲུང་སྐྱོང་གཉིས་ཀྱི་བློ་བརྟན་འགྱུར་མེད་མཚོན་དགོས། མི་དམངས་མང་ཚོགས་ཀྱི་བསམ་ཚུལ་དང་རེ་བ་དག་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་ལས་དོན་ཁྲོད་ནས་མཚོན་པར་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་མགྲིན་ཚབ་པ་ཡག་པོ་བྱས་ཏེ། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་འདི་ཉིད་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་འཐུས་ཚབ་ལས་ཁུངས་ཤིག་ཏུ་འཛུགས་སྐྱོང་ཧུར་ཐག་བྱེད་དགོས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:社会焦点
ཞུས་ཁྲེང་ཚང་གིས་གོང་དཀར་སྣ་དཀར་རྩེ་ལྷོ་བྲག་བཅས་སུ་རྟོག་ཞིབ་གནང་།
དགུན་དུས་ཀྱི་ཞོགས་པར་མགོ་བོ་བཀྲུ་མི་རུང་།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུས་རིགས་གཞུང་ སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་རྒྱ་ཆེའི་ཚོགས་འདུ་འཚོགས་པ།
ཚེ་རིང་ཕུན་ཚོགས་ཀྱིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་གྱ་གཅིག་པ་སྐོང་འཚོགས་གནང་བ།