第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2021年9月29日 星期
3 上一篇  下一篇 4 放大 缩小 默认
ལྷོ་ཁའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས།
བྱེད་ཐབས་སྣ་མང་སྤྱད་དེ་ཐེམ་ཐོའི་དོ་དམ་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 2020ལོའི་ཟླ་11ལ་ཐེམ་ཐོའི་དོ་དམ་ལས་དོན་རྩིས་བླངས་ཚུན། མཐའ་མཚམས་མངགས་གཏོང་ཁང་གི་ཐེམ་ཐོའི་ལས་དོན་ཆེད་ལས་ཅན་དང་། ཚད་ལྡན་ཅན། ཚད་གཞི་ཅན་བཅས་ཀྱི་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཐེམ་ཐོའི་དོ་དམ་ལས་དོན་ཁྲོད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་དང་ཉམས་ཞན་ལྷུ་ཚིགས་ཐག་གཅོད་ཧུར་ཐག་བྱེད་པ། ལས་ཀའི་སྤུས་ཚད་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། དུས་བབ་གསར་པའི་ཐེམ་ཐོའི་དོ་དམ་ལས་དོན་གྱི་བླང་བྱ་གསར་པ་དང་འཚམ་པ་བཅས་བྱ་ཆེད། ལྷོ་ཁ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་བྱེད་ཐབས་སྣ་མང་སྤྱད་དེ་ཐེམ་ཐོའི་དོ་དམ་ལས་སྒོ་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་ནས་ཐེམ་ཐོའི་དོ་དམ་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རམ་འདེམས་བྱས་པ་རེད།

མཛུབ་སྟོན་རང་བཞིན་གྱི་ལག་དེབ་རྩོམ་སྒྲིག་པར་འདེབས་བྱས་ཤིང་། མིག་སྔའི་མཐའ་མཚམས་མངཌ་གཏོང་ཁང་གི་ཐེམ་ཐོའི་ལས་དོན་སྒྲུབ་མཁན་མི་དམངས་ཉེན་རྟོག་པའི་སྲིད་ཇུས་དང་ཁྲིམས་སྲོལ་གྱི་ཤེས་བྱ་མི་འདང་བའི་དངོས་ཡོད་གནས་ཚུལ་དང་། ལྷོ་ཁ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་རྨང་གཞིའི་ཤེས་བྱ་དང་། ལས་དོན་སྒྲུབ་རིམ། ལས་ཀའི་ཚད་གཞི་ཕྱོཌ་གསུམ་ལ་དམིཌ་ནས། ཐེམ་ཐོའི་སྲིད་ཇུས་ལམ་ལུཌ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་སྤྱད་འཐུས། རྒྱུན་མཐོང་གི་གནད་དོན་ལ་ལན་འདེབས་པ་སོཌ་ཀྱི་ནང་དོན་བསྡུ་རུབ་དང་ལེཌ་སྒྲིག་བྱས་པ་མ་ཟད། ཚན་རིག་དང་མཐུན་ཞིང་ལུཌ་དང་མཐུན་པ་དང་། ཚད་ལྡན་ནུས་ཆེ། སྟབས་བདེ་གོ་ཆོད། ནུས་པ་ཆེར་གཏོང་བཅས་ཀྱི་རྩ་དོན་གཞིར་བཟུང་། 《ཐེམ་ཐོའི་ལས་ཀའི་ལག་དེབ》300ལྷག་ཙམ་པར་འགྲེམས་བྱས་པ་རེད།

ཚད་ལྡན་ཅན་གྱི་ལམ་ལུཌ་འཛུཌ་སྐྱོང་བྱས་ཤིང་། ལྷོ་ཁ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་མང་ཚོཌ་ལ་ཐེམ་ཐོ་གཉེར་བ་དང་། བདག་སྤྲོད་བྱེད་པ། ཞིབ་མཆན་འགོད་པ་སོཌ་ཀྱི་བརྒྱུད་རིམ་ཡོངས་བསྒྲཌ་བྱས་ནས། གྲོན་བསྡུའི་རྣམ་གྲངས་དང་། གྲོན་བསྡུའི་གཞི་འཛིན་ས། གྲོན་བསྡུའི་ཚད་གཞི་བཅས་ཁ་གསལ་བཟོས་པ་དང་། ཕྱི་གསལ་ནང་གསལ་གྱི་ལས་སྒྲུབ་ལག་བསྟར་གྱིས་ག་དུས་ཡིན་ནའང་མང་ཚོཌ་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ་ཐེམ་ཐོའི་ཞབས་ཞུ་ཡོངས་བསྒྲགས་ཅན་དང་ཁ་གསལ་ཅན་ཏན་ཏིག་ཡོང་བར་བྱས་པ་རེད།

ཆེད་ལས་ཅན་གྱི་དཔུང་ཁག་འཛུགས་སྐྱོང་བྱས་ཤིང་། ལྷོ་ཁ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་ཐེམ་ཐོའི་ལས་སྒྲུབ་མི་དམངས་ཉེན་རྟོག་པའི་ཞབས་ཞུའི་སྤུས་ཚད་མཐོ་རུ་དང་ལས་ཕྱོད་ཆེ་རུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ། WelinKདང་སྐད་འཕྲིན་ཚོགས་པ་སོགས་ཀྱི་ལས་སྟེགས་ལ་བརྟེན་ནས་རང་རྟེན་སློབ་སྦྱོང་དང་། དྲ་ཐོག་སློབ་སྦྱོང་བྱ་ཐབས་སྤྱད་དེ་ལས་སྒོའི་ཤེས་པ་དང་། བཅའ་ཁྲིམས་ཁོང་དུ་ཆུད་པ། ལས་ཕྱོད་ཆེ་བ། ཞབས་འདེགས་ཞུ་ཤེས་པ་བཅས་ཀྱི་ཐེམ་ཐོའི་དོ་དམ་དཔུང་ཁག་ཁག་གཅིག་གསོ་སྐྱོང་ཏན་ཏིག་བྱས་པ་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:社会焦点
ལག་བདེ་པོ་འཚོ་བའི་བརྟེན་ས་རེད། སྐྱིད་འཚོ་བ་མི་སྨོན་རང་སྐྱིད་རེད།
ཀུ་ཤུའི་ཐོན་ལས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ།
བྱེད་ཐབས་སྣ་མང་སྤྱད་དེ་ཐེམ་ཐོའི་དོ་དམ་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་བ།