第04版:藏区新闻 上一版3
 
版面导航

第01版
头版

第02版
综合新闻

第03版
重要新闻
 
标题导航
| 山南网首页 |
2021年8月2日 星期
3 上一篇  下一篇 4 放大 缩小 默认
བོད་ལྗོངས་ཀྱི་ཤང་དང་གྲོང་རྡལ་ཚང་མར་ས་ངོས་གནམ་གཤིས་ས་ཚིགས་བཙུགས་པ།
 

མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར་བོད་རང་སྐྱོང་ལྗོངས་ཀྱི་ལྗོངས་ཡོངས་སུ་ཁྱོན་རིགས་ཁག་གི་གནམ་གཤིས་བརྟག་ཞིབ་ས་ཚིགས་1009བཙུགས་ཟིན་ནས་ས་ངོས་གནམ་གཤིས་ས་ཚིགས་ཤང་དང་གྲོང་རྡལ་ཚང་མར་ཁྱབ་ཡོད་པས། ས་ངོས་གནམ་གཤིས་ལྟ་དཔྱད་ལས་སྒོ་ཆ་ཚང་རང་འགུལ་ཅན་ལ་གྱུར་ཡོད། མཁའ་དབྱིངས་ཀྱི་གནམ་གཤིས་བརྟག་ཞིབ་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས། མཁའ་དབྱིངས་ཀྱི་གནམ་གཤིས་ལྟ་དཔྱད་ས་ཚིགས་8དང་གནམ་གཤིས་ལེ་ཏ་12བཙུཌ་པ་དེ་དག་དྲ་སྦྲེལ་བཀོལ་སྤྱོད་ཐུབ་ནས་སྲུང་སྐར་རྒྱང་ཚོར་བཀོལ་སྤྱོད་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད་ལ། རླུང་སྤྲིན་མ་ལག་དང་རྒྱལ་ཁབ་ཕྱི་ནང་གི་སྲུང་སྐར་གཞན་དག་8ཀྱི་བརྙན་རིས་དཔྱད་གཞིའི་ཡིག་ཆ་བསྡུ་ལེན་ཡང་ཐུབ་སྟེ་འགྲིམ་འགྲུལ་དང་། འཕྲལ་སྡོམ། དམངས་སྤྱོད་མཁའ་འགྲུལ་སོཌ་སྡེ་ཚན་14དང་གྲངས་གཞི་མཉམ་སྤྱོད་ཐུབ་ཡོད།

ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱི་གནམ་གཤིས་སྔོན་བརྡ་དང་ཉེན་གཏོང་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད། ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་རྫོང(ཆུས)74ལ་དུས་ཡུན་ཐུང་འབྲིང་དང་ཤང(གྲོང་རྡལ་དང་ཁྲོམ་གཞུང)695ཚང་མར་ཞིབ་ཚགས་ཅན་གྱི་གནམ་གཤིས་སྔོན་བརྡ་གཏོང་ཐུབ་པ་བྱུང་ཡོད། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་ཉེན་གཏོང་མ་ལག་ཕྱོཌ་ཡོངས་ནས་བསྐྲུན་ཏེ་རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་བཅས་རིམ་པ་གསུམ་དུ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་གནམ་གཤིས་བཀོད་འདོམས་པུའུ་བཙུཌ་ཡོད་པས། གནམ་གཤིས་ཆ་འཕྲིན་ཞབས་ཞུའི་ས་ཚིགས་ཤང་དང་གྲོང་རྡལ་ཚང་མར་ཁྱབ་པ་དང་གནམ་གཤིས་ཆ་འཕྲིན་སྤེལ་གཏོང་མི་སྣ་གྲོང་ཚོ་རིམ་པའི་གནམ་གཤིས་ས་ཚིགས་ཚང་མར་ཁྱབ་ནས་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔའི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་གནམ་གཤིས་མ་ལག་བསྐྲུན་ཡོད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:重要新闻
   第04版:藏区新闻
ལྗོངས་ཡོངས་ཀྱི་ཨར་སྐྲུན་ལས་རིགས་འཕེལ་རྒྱས་ཀྱི“ལོ་ ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཀྲམ་པ།
ཟས་གོས་སེམས་ཁྲལ་མེད་པས་འཚོ་བ་སྐྱིད། བ་ཐང་ འབྱོར་ཕྱུག་དགའ་བའི་དཔལ་ལ་རོལ།
མེ་ལོང་
ཚན་རྩལ་ལས་ཞིང་ལས་ལ་རམ་འདེགས་ཐུབ་པ།
བོད་ལྗོངས་ཀྱི་ཤང་དང་གྲོང་རྡལ་ཚང་མར་ས་ངོས་གནམ་གཤིས་ས་ཚིགས་བཙུགས་པ།