第04版:藏区新闻 上一版3
 
版面导航

第01版
头版

第02版
综合新闻

第03版
重要新闻
 
标题导航
| 山南网首页 |
2021年8月2日 星期
下一篇 4 放大 缩小 默认
ལྗོངས་ཡོངས་ཀྱི་ཨར་སྐྲུན་ལས་རིགས་འཕེལ་རྒྱས་ཀྱི“ལོ་ ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཀྲམ་པ།
 

བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱི་ཨར་སྐྲུན་ལས་རིགས་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)བཀྲམ་པ་དང་། 《འཆར་འགོད》ནང“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རང་ལྗོངས་ཀྱི་ཨར་སྐྲུན་ལས་རིགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་དང་འཕེལ་རྒྱས་ཀྱི་ལས་འགན་བཏོན་ཡོད་པ་སྟེ། 2025ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་ཨར་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་300ལྷག་ཙམ་ཟིན་པ་དང་། ཨར་སྐྲུན་ལས་རིགས་ཀྱི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་700ལྷག་ཙམ་ཟིན་པའི་བརྩོན་ལེན་བྱེད་རྒྱུ་དེ་རེད།

《འཆར་འགོད》ནང་ཨར་སྐྲུན་དང་རྩད་ཞིབ་ཇུས་འགོད་སོགས་ཨར་སྐྲུན་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་10སྐྱེད་སྲིང་དང་། ལས་གྲྭ་སྤྱིའི་འགན་གཙང་ལེན་པའི་ཁེ་ལས་དང་བརྒྱུད་རིམ་ཧྲིལ་པོའི་ལས་གྲྭའི་བློ་འདྲིའི་ཁེ་ལས་འཕེལ་རྒྱས་གཏོང་བར་རོགས་སྐྱོར། ཕྱོགས་བསྡུས་ཀྱི་ལེགས་ཆ་མངོན་གསལ་དོད་པའི་སྒྲིག་སྦྱོར་རྣམ་པའི་ཨར་སྐྲུན་ཁེ་ལས་5ནང་འདྲེན་སྐྱེད་སྲིང་བཅས་བྱེད་རྒྱུ་རེད། 2025ལོར་སླེབས་སྐབས། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་སྒྲིག་སྦྱོར་རྣམ་པའི་ཨར་སྐྲུན་ལས་འགོ་འཛུགས་ཚད་ཀྱིས་ལོ་དེར་གསར་སྐྲུན་གྱི་ཨར་སྐྲུན་བསྡུར་གྲངས་བཟུང་ཚད་བརྒྱ་ཆ་30ཡན་ཟིན་པ་དང་། ལོ་དེར་གྲོང་ཁྱེར་དང་དང་གྲོང་རྡལ་དུ་གསར་དུ་ལས་འགོ་བཙུགས་པའི་ཨར་སྐྲུན་ཁྲོད་ལྗང་མདོག་ཨར་སྐྲུན་རྒྱ་ཁྱོན་གྱིས་བཟུང་བའི་བསྡུར་གྲངས་བརྒྱ་ཆ་60ཟིན་པ་བྱ་རྒྱུ་ཡིན་ལུགས་བཏོན་ཡོད་པ་རེད།

《འཆར་འགོད》ནང་བོད་ཀྱི་ས་གནས་ཁག་གི་གནམ་གཤིས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་སྒྲིག་སྦྱོར་རྣམ་པའི་ཨར་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ་དང་། མཐའ་མཚམས་ས་ཁུལ་སྒྲིག་སྦྱོར་རྣམ་པའི་ཨར་སྐྲུན་འཕེལ་རྒྱས་ཀྱི་ཁུལ་ཁོངས་གཙོ་བོར་བརྩིས་ནས་རྒྱུན་མཐུད་སྐུལ་འདེད་བཏང་སྟེ“ལོ་ལྔ་ཚན་བཅུ་བཞི་པའི”དུས་མཇུག་ཏུ་སྒྲིག་སྦྱོར་རྣམ་པའི་ཨར་སྐྲུན་གྱིས་གསར་དུ་ལས་འགོ་བཙུགས་པའི་ཨར་སྐྲུན་ནང་བཟུང་བའི་བསྡུར་གྲངས་བརྒྱ་ཆ་30ཟིན་པ་བྱ་རྒྱུ་ཡིན་ལུགས་བཏོན་ཡོད།

“ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། ལྗོངས་ཡོངས་ཀྱི་ཨར་སྐྲུན་ལས་རིགས་བརྟན་ཐོག་ཡར་འཕེལ་བྱུང་ཞིང་། 2020ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་ཨར་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་རིན་ཐང་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་947.18ཟིན་པ་དང་ཨར་སྐྲུན་ལས་རིགས་ཀྱི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་2271.08ཟིན་ཡོད་པ་རེད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:重要新闻
   第04版:藏区新闻
ལྗོངས་ཡོངས་ཀྱི་ཨར་སྐྲུན་ལས་རིགས་འཕེལ་རྒྱས་ཀྱི“ལོ་ ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཀྲམ་པ།
ཟས་གོས་སེམས་ཁྲལ་མེད་པས་འཚོ་བ་སྐྱིད། བ་ཐང་ འབྱོར་ཕྱུག་དགའ་བའི་དཔལ་ལ་རོལ།
མེ་ལོང་
ཚན་རྩལ་ལས་ཞིང་ལས་ལ་རམ་འདེགས་ཐུབ་པ།
བོད་ལྗོངས་ཀྱི་ཤང་དང་གྲོང་རྡལ་ཚང་མར་ས་ངོས་གནམ་གཤིས་ས་ཚིགས་བཙུགས་པ།