第03版:重要新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
重要新闻
 
标题导航
| 山南网首页 |
2021年8月2日 星期
3 上一篇 放大 缩小 默认
ངེད་གྲོང་ཁྱེར་དུ་ཀྲུང་དབྱང་སྲིད་ཁྲིམས་དཔུང་ཁག་སློབ་གསོ་བཅོས་སྒྲིག་གི་ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་ཨང་བཅུ་བཞི་པར་སློབ་གསོ་བཅོས་སྒྲིག་ལས་དོན་སྤེལ་ཚུལ་སྙན་ཞུ་འབུལ་བའི་ཚོགས་འདུ་འཚོགས་པ།
 

(པར་ངོས་དང་པོརམཐུད) ཚད་ནས་གནང་བའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲིད་ཁྲིམས་ལས་དོན་ལ་མཐོང་ཆེན་ཚད་མཐོན་པོ་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅིས་དེའི་ཐད་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་འགོད་རབ་དང་རིམ་པ་སྤེལ་གནང་མཛད་ཡོད། དེའི་ཐོག་ནས་སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པའི་དཔུང་ཁག་ལ་མཐོང་ཆེན་ཚད་མཐོན་པོ་དང་ཐུགས་རེ་ཟབ་བཞེས་གནང་བ་མཚོན་པས། ང་ཚོས་སྲིད་ཁྲིམས་དཔུང་ཁག་སློབ་གསོ་བཅོས་སྒྲིག་ལས་དོན་ཡག་པོ་སྤེལ་རྒྱུར་ཁ་ཕྱོགས་གསལ་སྟོན་དངགཞི་རྩའི་རྩ་དོན་མཁོ་འདོན་གནང་ཡོད།

སུན་རུའེ་པེའོ་ཡིས་ངེད་གྲོང་ཁྱེར་གྱི་སྲིད་ཁྲིམས་དཔུང་ཁག་སློབ་གསོ་བཅོས་སྒྲིག་གི་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་འབྲེལ། ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་གི་འགན་འཁྲི་དང་ལས་འགན། དེ་བཞིན་ལས་ཀའི་རྩ་དོན་དང་ལག་ལེན་བྱ་ཐབས་ཐད་ངོ་སྤྲོད་ཀྱང་གནང་བ་རེད། ཁོང་གིས་མཛུབ་སྟོན་གནང་དོན། སྲིད་ཁྲིམས་དཔུང་ཁག་སློབ་གསོ་བཅོས་སྒྲིག་གི་ལས་དོན་སྤེལ་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས་སློབ་གསོ་བཅོས་སྒྲིག་ལས་དོན་སྤེལ་རྒྱུ་འདི་ཉིད་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅིས་གནང་བའི་མཛུབ་སྟོན་གལ་ཆེན་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་དང་། རྒྱལ་ཁབ་བདེ་འཇགས་སྲུང་ཡོལ་འཛུགས་སྐྱོང་བརྟན་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་སྤེལ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ལ་རྩིས་ཐོག ལན་སྤྲོད་གནད་དོན་བཅོས་སྒྲིག་མཐའ་འཁྱོངས་སྒོས། གྲོང་ཨུད་འགན་འཁུར་བློ་མཐུན་གཙོ་བོས་གལ་ཆེའི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་དང་། གལ་ཆེའི་བརྒྱུད་རིམ་ལ་སྒྲིག་འཛུགས་མཐུན་སྦྱོར། གལ་ཆེའི་གྱོད་དཔེར་ཐད་མར་ལྟ་འདོམས་གཉེར་སྐུལ། གལ་ཆེའི་གནད་དོན་ལ་ཞིབ་འཇུག་ཐག་གཅོད་བཅས་ཡོད་པའི་ཐོག་ནས་སྲིད་ཁྲིམས་དཔུང་ཁག་སློབ་གསོ་བཅོས་སྒྲིག་གི་ལས་དོན་ཐད་གྲུབ་འབྲས་གསར་པ་ཐོན་རྒྱུར་སྐུལ་སྤེལ་བཏང་ཡོད།

སུན་རུའེ་པེའོ་ཡིས་བླང་བྱ་བཏོན་གནང་དོན། ལྷོ་ཁ་གྲོང་ཁྱེར་དང་ལྷག་དོན་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་སློབ་གསོ་བཅོས་སྒྲིག་ལས་དོན་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་གཏོང་བརྒྱུད། སློབ་གསོ་བཅོས་སྒྲིག་ལས་དོན་སྤེལ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅིའི་བདུན་གཅིག་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་དང་ཟུང་འབྲེལ་བྱེད་དགོས་པ་དང་། ད་དུང་སྤྱི་ཁྱབ་ཧྲུའུ་ཅིས་བོད་དུ་གཟིགས་ཞིབ་ལ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་དགོངས་དོན་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་རེ་འདུན་གལ་ཆེན་དང་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཐོག་བསམ་སྦྱོར་གཅིག་གྱུར་ཡོང་བ་བྱེད་དགོས་པ་དང་། འདུ་ཤེས་བཞི་ཟབ་གཏོང་དང་། གདེང་ཚོད་བཞི་བརྟན་གཏོང་། སྲུང་སྐྱོང་གཉིས་ཐུབ་པ་བཅས་སྒོས། རང་འགུལ་ངང་དུས་བབ་གསར་པ་དང་ལས་འགན་གསར་པར་འཚམས་བསྟུན་ཐུབ་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཉེན་རྟོག་པ་བཅོས་སྐྱོང་ཟབ་གཏོང་། གྲི་དངོ་ནང་གཏད་དང་རུས་བཞོག་དུག་བཅོས་མཐའ་འཁྱོངས། སློབ་སྦྱོང་སློབ་གསོར་དམ་འཛིན། རྩད་ཞིབ་བཅོས་སྒྲིག་དམ་ནན། རྩ་འཛུགས་ཀྱི་བརྟག་ཞིབ་ཆེར་གཏོང་། ཆེད་དོན་བཅོས་སྒྲིག་ལེགས་སྤེལ། ཀུན་ལ་གནོད་པའི་བྱེད་གཏེ་གཙང་སེལ། མཁྲེགས་ནད་བཅོས་སྒྲིག་མཐིལ་ལོན་བཅས་ཀྱིས་ཏང་དང་མི་དམངས་ཀྱིས་ཡིད་རྟོན་འཕེར་བ་དང་། བློས་འགེལ་ཆོག་པ། བློ་བཟོད་བདེ་བ་བཅས་ལྡན་པའི་སྲིད་ཁྲིམས་དཔུང་ཁག་བཟང་པོ་ཞིག་གཏོད་དགོས།

ཞུས་ཁྲེང་ཚང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན། གྲོང་ཁྱེར་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་དང་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་དགོས་པ་སྟེ། འདུ་ཤེས་བཞི་ཟབ་གཏོང་དང་། གདེང་ཚོད་བཞི་བརྟན་གཏོང་། སྲུང་སྐྱོང་གཉིས་ཐུབ་པ་བཅས་ཀྱི་ཚད་ནས་སློབ་གསོ་བཅོས་སྒྲིག་ལས་དོན་སྤེལ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅིའི་བདུན་གཅིག་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་དང་སྤྱི་ཁྱབ་ཧྲུའུ་ཅིས་བོད་དུ་གཟིགས་ཞིབ་ལ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་དགོངས་དོན་དང་ཟུང་འབྲེལ་བྱེད་དགོས། ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅིས་བོད་དུ་གཟིགས་ཞིབ་ལ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་སྐོར་ལ་གནང་བའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་ནན་པོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ཐད་བཏོན་གནང་བའི་རེ་འདུན་གསར་པར་གོ་བ་གཏིང་ཟབ་ལེན་པ། སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ལ་གནང་བའི་མཐོང་ཆེན་ཚད་མཐོན་པོ་དང་བོད་ཀྱི་མི་དམངས་ལ་གནང་བའི་ཐུགས་ཁུར་ཟབ་བཞེས་ལ་མྱོང་ཚོར་གཏིང་ཟབ་ཐུབ་པ་བཅས་བྱས་ཐོག་ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་གི་རེ་འདུན་གཞིར་བཟུང་། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་ནས་ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་བླང་བྱ་དེ་བས་དམ་པ་བཅས་དང་ལྡན་པ་བྱེད་དགོས། རང་འགུལ་ངང་གཞོགས་འདེགས་དང་། ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར། རང་རྟོགས་ངང་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་དོན་ལ་གཞོགས་འདེགས་བྱེད་དགོས་པ་སྟེ། ཏང་ཨུད་དམ་ཏང་ཙུའུ་ཡི་གཙོ་འགན་དང་། ཚན་པའི་འཁྲི་འགན། འབྲེལ་ཡོད་སྡེ་ཚན་གྱི་འཁྲི་འགན། སློབ་གསོ་བཅོས་སྒྲིག་གཞུང་ལས་ཁང་གི་སྣེ་ཁྲིད་འགན་འཁྲི་བཅས་དམ་ནན་ཡོད་པའི་ཐོག་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་གིས་བཏོན་པའི་གནད་དོན་དང་ལན་སྤྲོད་བསམ་འཆར་ཅི་ཡོད་རང་འགུལ་གྱིས་དང་ལེན་ཞུ་དགོས་པ་མ་ཟད། གཅིག་ཤེས་ཀུན་གྲོལ་ཐོག་སྒོ་ཀུན་ནས་བཅོས་སྒྲིག་མཐའ་འཁྱོངས་པ་བྱེད་དགོས། བཅོས་སྒྲིག་ཕན་འབྲས་སྲ་བརྟན་བཏང་ནས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་འདི་གནས་སྐབས་ཀྱི་ལས་དོན་ཞིག་རྩ་བ་ནས་མིན་པའི་འདུ་ཤེས་བརྟན་པོ་བསྐྱངས་དགོས་པ་སྟེ། ཤུགས་སྒྲིམ་མི་ལྷོད་པ་དང་། སྤེལ་ཤུགས་ཆུང་རུ་མི་གཏོང་བ། ཚད་གཞི་དམའ་རུ་མི་གཏོང་བ་བཅས་རྒྱུན་བསྲིང་ཐུབ་པ་བྱས་ཏེ། སློབ་གསོ་བཅོས་སྒྲིག་དེ་སྲིད་ཁྲིམས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་དང་ཟུང་འབྲེལ་ནུས་ལྡན་བྱ་རྒྱུ་དང་། ལམ་ལུགས་ལ་བརྟེན་ནས་མི་དང་བྱ་བར་དོ་དམ། ལས་དོན་གྱི་ཕན་འབྲས་དངོས་ཀྱིས་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་སྔར་བས་བཟང་བ་དང་། བདེ་སྐྱིད་ཐོབ་སེམས་སྔར་བས་ཕུགས་བཙན་པ། བདེ་འཇགས་ཚོར་སེམས་སྔར་བས་འགན་ལེན་ཐུབ་པ་བཅས་བྱེད་དགོས་པ་དང་། བྱ་སྤྱོད་ངོ་མའི་གྲུབ་འབྲས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཐུགས་བློ་བདེ་བ་དང་། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཐུགས་བློ་བདེ་བ། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་བློ་ཡིད་ཚིམས་པ་བཅས་བྱེད་དགོས།

ཚོགས་འདུ་བརྙན་འཕྲིན་ཁ་པར་རྣམ་པའི་ཐོག་ནས་བསྐོང་འཚོགས་བྱས་ཤིང་། རྩེད་ཐང་དུ་ཚོགས་ར་གཙོ་བོ་དང་རྫོང་ངམ་ཆུས་ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད། གྲོང་ཁྱེར་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་སློབ་གསོ་བཅོས་སྒྲིག་འགོ་ཁྲིད་ཚོ་ཆུང་གི་ཁོངས་གཏོགས་ཚན་པའི་འགན་འཁུར་བློ་མཐུན་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པ་རེད།

བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:重要新闻
   第04版:藏区新闻
རྒྱལ་ཁབ་བདེ་འཇགས་དང་། སྤྱི་ཚོཌ་བརྟན་ལྷིང་། མི་དམངས་བདེ་སྐྱིད་བཅས་ཡོང་བའི་འགན་ལེན་བྱེད་དགོས།
ངེད་གྲོང་ཁྱེར་དུ་ཀྲུང་དབྱང་སྲིད་ཁྲིམས་དཔུང་ཁག་སློབ་གསོ་བཅོས་སྒྲིག་གི་ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་ཨང་བཅུ་བཞི་པར་སློབ་གསོ་བཅོས་སྒྲིག་ལས་དོན་སྤེལ་ཚུལ་སྙན་ཞུ་འབུལ་བའི་ཚོགས་འདུ་@