第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
重要新闻
 
标题导航
| 山南网首页 |
2021年8月2日 星期
下一篇 4 放大 缩小 默认
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་ལ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་ངེད་གྲོང་ཁྱེར་གྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་བ་དང་བོད་ལ་ཞི་བས་བཅིངས་བཀྲོལ་བཏང་ནས་ལོ་70འཁོར་བར་བསུ་བ་ཞུ་བའི་མཚམས་འདིར།ཉིན་ཤས་བསྟུད་མར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ། ངེད་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་རེད། ཚང་མས་མགྲིན་གཅིག་ཏུ་བརྗོད་དོན། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་སེམས་ལ་བརྟན་པོར་འཆང་སྟེ། སྒོ་ཀུན་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་སྒོས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཡང་དག་པ་དང་ཆ་ཚང་བ། དེ་བཞིན་ཕྱོགས་ཡོངས་ནས་ལག་བསྟར་བཅས་ཐོག་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་ཐུབ་པ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་བརྒྱུད། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ཆེར་གཏོང་བ་བཅས་ཀྱི་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱས་ཏེ། ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་ཐད་མུ་མཐུད་ནས་གྲུབ་འབྲས་གསར་པ་བླངས་ནས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབད་པས་རྩོམ་རྒྱུ་ཡིན།

གོང་དཀར་པོ་སྲིན་པོ་རི་ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོས་བཀོད་སྒྲིག་ས་ཚིགས་ཀྱི་མང་ཚོགས་ཟླ་བས་བརྗོད་དོན། འདི་ལོ་ནི་ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང་བོད་ཞི་བས་བཅིངས་བཀྲོལ་བཏང་ནས་ལོ་70འཁོར་བའི་ལོ་ཞིག་རེད། རྟེན་འབྲེལ་ཞུ་འོས་པའི་དམིགས་བསལ་དུས་བཟང་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་འཁུར་བསྣམས་ནས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོར་གཟིགས་པར་ཕེབས་པས། ངའི་སེམས་ལ་དྲོ་སྐྱིད་དང་སེམས་འགུལ་ཆེན་པོ་ཐེབས་བྱུང་། ད་ལྟའི་ཆར་ང་ཚོར་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བ་ནི་ཏང་གིས་གནང་བས། ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱས་ཐོག རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་རང་ཉིད་ལ་དབང་བའི་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་རྒྱུ་ཡིན།

ངའི་སེམས་ནང་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་ཐུགས་འཁུར་ཟབ་བཞེས་གནང་བར་སྙིང་ཐག་པ་ནས་ཐུཌ་རྗེ་ཆེ་ཞུ་ཡིན། སླད་ཕྱིན་ངས་རང་འཁྲིའི་ལས་གནས་ཐོག་འགན་འཁྲི་ཡག་པོ་འཁུར་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དགོངས་དོན་དོན་ལག་ལེན་ཁྲོད་དོན་འཁྱོལ་བྱས་ནས་མང་ཚོཌ་ཀྱི་ཐོབ་སེམས་དང་བདེ་སྐྱིད་ཚོར་སེམས་མཐོར་འདེགས་ཟམ་མི་ཆད་པ་གཏོང་རྒྱུ་ཡིན་ཞེས་སྲིན་པོ་རི་ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོས་བཀོད་སྒྲིག་ས་ཚིགས་ནག་ཆུ་གྲོང་ཁྱེར་མཚེའུ་གཉིས་རྫོང་མཚོ་སྦྲེལ་བྱང་མ་ཤང་ཏང་ཨུད་ཧྲུའུ་ཅི་ལི་ཅུན་གྱིས་དེ་ལྟར་གླེང་།

སྡེ་ཁུལ་གྱི་ཧྲུའུ་ཅི་ཨང་དང་པོ་དབྱངས་ཅན་སྒྲོལ་དཀར་གྱིས་བརྗོད་དོན། གསར་འགྱུར་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མང་ཚོགས་ཁྱིམ་དུ་ཕེབས་ནས་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་རྒྱུས་མངའ་ཞིབ་ཕྲ་གནང་བ་མཐོང་སྐབས་སེམས་འགུལ་ཆེན་པོ་ཐེབས་བྱུང་། སྡེ་ཁུལ་ལས་སྒྲུབ་མི་སྣ་ཞིག་ཡིན་པའི་ངོས་ནས། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ཡིན་པའི་འདུ་ཤེས་ཁྱིམ་ཚང་ཁྲི་མ་སྟོང་ལ་བརྒྱུད་སྤྲོད་སྒོས། སྡེ་ཁུལ་གྱི་མི་དམངས་མང་ཚོགས་དང་སྐྱིད་སྡུག་མཉམ་མྱོང་གིས་མུ་མཐུད་ནས་སྡེ་ཁུལ་གྱི་མི་དམངས་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་ཕྱོགས་པའི་རེ་སྒུག་མངོན་འགྱུར་ཆེད་འབད་འབུངས་བྱ་རྒྱུ་ཡིན།

རྒྱལ་ཡོངས་ཀུན་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་བཞིན་པའི་སྐབས་དང་བོད་ལ་ཞི་བས་བཅིངས་བཀྲོལ་བཏང་ནས་ལོ་70འཁོར་བར་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་རྟེན་འབྲེལ་གཟབ་རྒྱས་ཞུ་བཞིན་པའི་མཚམས་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་མཐོང་ཆེན་ཚད་མཐོན་པོ་གནང་བ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་བྱམས་བརྩེའི་ཐུགས་འཁུར་ཟབ་བཞེས་གནང་བ་མཚོན་ཐུབ། དྲིལ་བསྒྲགས་བསམ་བློའི་ཁྱབ་ཁོངས་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ངས་སླད་ཕྱིན་སྤྱི་ཁྱབ་ཧྲུའུ་ཅིའི་བདུན་གཅིག་གསུང་བཤད་གལ་ཆེན་དགོངས་དོན་དང་བོད་དུ་གཟིགས་ཞིབ་གནང་བར་ཕེབས་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་གནང་བའི་གསུང་བཤད་གལ་ཆེན་དགོངས་དོན་སློབ་སྦྱོང་ལག་བསྟར་ཡག་པོ་བྱེད་རྒྱུ་འདི་ཉིད་མིག་སྔ་དང་རྗེས་སོའི་དུས་ཚིགས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་འགངས་ཆེན་ཞིག་ལ་རྩིས་ཐོག གོང་སྟབས་གང་གིས་སྔོན་ལ་སློབ་སྦྱོང་དང་། རིམ་པ་གཅིག་གིས་སྔོན་ལ་ཟབ་སྦྱོང་སྒོས། ཚད་གཞིར་བསྟུན་ནས་རང་བཤེར་བྱས་ཐོག་སློབ་སྦྱོང་ཁྲོད་ཧེ་བག་དང་ཞན་ཆ་འཚོལ་ཞིབ་ཆད་གསབ་ཀྱིས་ཕུགས་བསམ་གྱི་དད་འདུན་སྔར་བས་བརྟན་གཏོང་དང་། ཐོག་མའི་བསམ་འདུན་དང་གཟི་བརྗིད་ལས་འགན་ལག་བསྟར་སྔར་བས་ཏན་ཏིག་ཐུབ་པ་བྱ་རྒྱུ་ཡིན་ཞེས་གྲོང་ཨུད་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་བཀྲ་ཤིས་རྣམ་རྒྱལ་གྱིས་དེ་ལྟར་གླེང་།

གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུད་ཀྱི་ཅུད་ཀྲང་གཞོན་པ་ཝང་པིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་བའི་སྐོར་གྱི་བརྙན་འཕྲིན་གསར་འགྱུར་བལྟས་རྗེས་ཆོད་སེམས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་ངལ་ཁྱད་དུ་བསད་ནས་བོད་དུ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་གཟིགས་པར་ཕེབས་པ་མ་ཟད། ཞིང་གསུམ་ལས་དོན་ལ་མཛུབ་ཁྲིད་གནང་བས། ང་ཚོར་ལྕག་སྐུལ་ཚད་མེད་ཐེབས་བྱུང་། བོད་ཞི་བས་བཅིངས་བཀྲོལ་བཏང་ནས་ལོ་70སོང་ཚུན། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་འགོ་ཁྲིད་འོག ལྷོ་ཁའི་ཞིང་ལས་གྲོང་གསེབ་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། སླད་ཕྱིན་ང་ཚོས་ངེས་པར་དུ་ཐོན་ལས་འཕེལ་རྒྱས་དང་། མང་ཚོགས་འབབ་འཕར། ཤང་གྲོང་དར་རྒྱས་སོགས་ཀྱི་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅིས་གནང་བའི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། ཞིང་ལས་གྲོང་གསེབ་དེང་རབས་ཅན་དུ་འགྱུར་སླད་ཞིང་གསུམ་མི་སྣའི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན།

བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:重要新闻
   第04版:藏区新闻
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་ལ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་ངེད་གྲོང་ཁྱེར་གྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།