འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱིའི་ལས་ཚབ། གྲོང་ཁྱེར་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་ཚེ་རིང་ཕུན་ཚོགས་ཀྱིས་གྲོང་ཁྱེར་བདེ་འཇགས་ཨུ་ལྷན་གྱི་2021ལོའི་ཚང་གྲོས་ཐེངས་གསུམ་པ་གཙོ་སྐྱོང་གནང་བ་དང་། ཧུའུ་པེ་ཧྲི་ཡན་གྲོང་ཁྱེར་ཀྲང་ཝན་ཁུལ་ཡན་ཧུའུ་སྡེ་ཁུལ་གྱི་ཚོང་འདུས་ཁྲོམ་རར་སོལ་རླངས་འབར་གས་ཀྱི་ལས་འཛོལ་ཐད་ལ་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན། ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཡི་མཆན་བཀོད་མཛུབ་སྟོན་དགོངས་དོན་དང་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཛ་དྲག་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན། ཧྲུའུ་ཅི་ཞུས་ཁྲེང་ཚང་གིས་ཐོན་སྐྱེད་བདེ་འཇགས་ལས་དོན་སྐོར་ལ་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བཅས་སློབ་སྦྱོང་ལག་བསྟར་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ལས་ཀར་སླར་ཡང་ནན་བཤད་དང་སླར་ཡང་བཀོད་སྒྲིག་བྱས་པ་རེད།
གྲོང་སྤྱི་གཞོན་པ་ཧོང་ཅིན་ཁྲེང་དང་ཀྲང་ཧྥུ་ཁྲེན། བསོད་ནམས་ཆོས་པ། མོའི་ཡུང་ཝུན། ཝང་ཞཱ། འཇམ་དགའ་བཅས་ཚོགས་འདུར་ཞུགས།
ཚོགས་འདུའི་ཐོག་ཐོན་སྐྱེད་བདེ་འཇགས་ཐད་ལ་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་ (པར་ངོས་གཉིས་པར་གཟིགས)