第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
重要新闻
 
标题导航
| 山南网首页 |
2021年5月24日 星期
下一篇 4 放大 缩小 默认
མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་།
 

ཉེ་བའི་ལོ་ཤས་ནང་། རྫོང་སྣེ་འཛུགས་སྐྲུན་འགན་འཁྲི་ཚད་ཡོད་ཀུང་སིས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ། བྱ་ཐབས་ནུས་ལྡན་སྤྱད་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་སྐུལ་འདེད་སྒོས། མི་རིགས་མཐུན་སྒྲིལ་དེ་ཁེ་ལས་ཀྱི་ཐོན་སྐྱེད་སོགས་ལྷུ་ཚིགས་ཁག་ནང་རྒྱུན་རྣམ་ཅན་དུ་འགྱུར་བ་བྱས་པས། དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་གཉིས་ཀ་ཐོན་པ་བྱུང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཕུལ་བྱུང་མི་སྒེར་མང་པོ་ཞིག་ཐོན་ཡོད་པ་དང་། རྣམ་གྲངས་པུའི་འཛུགས་སྐྲུན་པ་ཝང་ཏུང་ནི་དེའི་ཁྲོད་ཀྱི་གྲས་ཤིག་ཡིན།

2014ལོར། ཝང་ཏུང་རྫོང་སྣེ་འཛུགས་སྐྲུན་འགན་འཁྲི་ཚད་ཡོད་ཀུང་སིར་གདན་ཞུ་བྱས་པ་རེད། ལྷུན་རྩེ་རྫོང་ནི་ས་བབ་མཐོ་ཞིང་གནམ་གཤིས་གྲང་ངར་ཆེ་བའི་རྐྱེན་གྱིས་ལྷུན་རྩེ་རྫོང་དུ་སླེབས་མ་ཐག་ཡིན་པའི་ཝང་ཏུང་ལ་ས་མཐོའི་གསོ་རླུང་དཀོན་པའི་ནད་རྟགས་མང་པོ་ཐོན་པ་རེད།

དེའི་སྐབས། ཀུང་སིར་ཁོ་པ་དང་མཉམ་དུ་གདན་ཞུ་བྱས་པའི་བཀྲ་ཤིས་ཉི་མས་ཝང་ཏུང་གི་གཟུགས་གཞི་བདེ་པོ་མེད་པ་ཤེས་རྗེས། ལམ་སེང་ཝང་ཏུང་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་རེད།

དེ་སྔོན། ང་ཐོག་མར་ལྷུན་རྩེ་རྫོང་དུ་སླེབས་སྐབས། དེ་གར་ཆ་རྒྱུས་མེད་པའི་ཁར་ད་དུང་གསོ་རླུང་དཀོན་པའི་ནད་རྟགས་ཐོན་པས། སེམས་ནང་དངོས་གནས་དངངས་འཚབ་ཆེན་པོ་སྐྱེས་བྱུང་། འོན་ཀྱང་། བཀྲ་ཤིས་ཉི་མས་ང་སྨན་ཁང་དུ་བསྐྱལ་བ་མ་ཟད། ངའི་ལྟོ་གོས་ཚང་མར་ཁོང་གིས་ལྟ་རྟོག་ཡག་པོ་བྱེད་མྱོང་། སྐབས་རེ་དགོང་མོ་གནམ་གཤིས་གྲང་ཟུག་ཆེ་བའི་དུས་སུ་ང་ལ་ཆེད་མངགས་མལ་གོས་སྐྱེལ་བར་ཡོང་བ་མ་ཟད་ལུས་པོར་དྲོ་ཇུས་བྱེད་དགོས་པའི་མངགས་བྱ་ཡང་བྱས་བྱུང་། དངོས་གནས་ཡིན་དེ་དུས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་ཝང་ཏུང་གིས་དེ་སྔོན་གྱི་གནས་ཚུལ་དྲན་གསོ་དང་སྦྲགས་དེ་ལྟར་གླེང་།

སྨན་ཁང་དུ་སྨན་བཅོས་དུས་ཐོག་ཏུ་བྱས་པ་དང་ལྟ་རྟོག་ཡག་པོ་བྱུང་བས། ཡུན་རིང་མ་འགོར་བར་ཝང་ཏུང་གི་གཟུགས་ཁམས་བདེ་རུ་སོང་བ་རེད།

བཀྲ་ཤིས་ཉི་མས་གཞན་ཡུལ་འགྲིམས་མཁན་ཝང་ཏུང་ལ་དྲོ་སྐྱིད་དེ་ལྟ་བུ་ཚོར་བ་བྱས་པས། རྗེས་སོར། ཁོང་གཉིས་པོ་དགེ་རྒན་དང་དགེ་ཕྲུག་གི་འབྲེལ་བ་ཙམ་དུ་མ་ཟད་བློ་མཐུན་པའི་གྲོགས་པོ་ཡག་པོ་ཞིག་ཏུ་གྱུར་ཡོད།

ལས་གནས་ཐོག་དངོས་སུ་ཞུགས་རྗེས། ཁོ་གཉིས་གཉིས་ཀ་ལས་གྲྭའི་ཚན་ཁག་ཏུ་ལས་བགོས་བརྒྱབ་པ་རེད། སྐབས་དེ་དུས། ལས་ཞུགས་བྱེད་མ་ཐག་ཡིན་པའི་བཀྲ་ཤིས་ཉི་མས་ལས་ཀའི་རྩལ་ནུས་གཅིག་ཀྱང་ཤེས་ཀྱི་མེད་པས། ལས་པ་དཀྱུས་མ་ཞིག་མ་བྱེད་ཀ་མེད་ལ་ཐུག འོན་ཀྱང་། ཝང་ཏུང་གིས་ལག་རྩལ་སྣ་ཚོགས་ཤེས་ཀྱི་ཡོད་པས། ཁོ་པ་དགེ་ཕྲུག་ལྟ་བུར་བརྩིས་ནས་རྩལ་ནུས་བསླབ་པས་འཛུགས་སྐྲུན་མི་སྣར་གྱུར།

དེ་སྔོན་ལས་ཀའི་ཐད་གནད་དོན་ཅི་འཕྲད་ཀྱང་ངས་རྒན་ཝང་ལགས་བཙལ་ནས་བཀའ་འདྲི་ཞུ་གི་ཡོད། ཁོང་ལ་ག་རེ་དྲིས་ཀྱང་མ་ཤེས་པའི་སྣེ་མེད་པས་ང་ཚོ་ཚང་མ་ཁོང་ལ་ཡིད་སྨོན་ཆེན་པོ་སྐྱེས་ཀྱི་འདུག་ཅེས་བཀྲ་ཤིས་ཉི་མས་བཤད།

ཉིན་ལྟར་མཉམ་དུ་ལས་ཀ་བྱས་པ་བརྒྱུད། བཀྲ་ཤིས་ཉི་མས་རྒན་ཝང་ལགས་ནི་འདྲིས་བདེ་བའི་མི་ཞིག་ཡིན་པ་ཤེས་རྗེས། ཁོ་པས་རང་འགུལ་ངང་རྒན་ཝང་ལགས་དངོས་སུ་དགེ་རྒན་ལ་བསྟེན་ནས་ལག་རྩལ་འབད་འབུངས་ཆེན་པོས་སྦྱངས།

ཁོ་པས་ངའི་ས་ནས་ལག་རྩལ་སྦྱོང་འདོད་ཡོད་པ་ཤེས་རྗེས། ང་དངོས་གནས་དགའ་པོ་བྱུང། ཁོ་པས་དེ་སྔོན་ང་ལ་རོགས་པ་དེ་འདྲ་བྱེད་མྱོང་ཡོད་པས། ད་ཐེངས་དངོས་གནས་ཁོ་པར་དྲིན་ལན་འཇལ་བའི་གོ་སྐབས་ཡག་པོ་ཞིག་རག་བྱུང་ཞེས་ཝང་ཏུང་གིས་སྤྲོ་བ་ཆེན་པོས་དེ་ལྟར་བརྗོད།

དེ་རྗེས། ལས་ཡུལ་ཐོག བཀྲ་ཤིས་ཉི་མ་དང་ཝང་ཏུང་གཉིས་རྟག་ཏུ་མཉམ་ཏུ་ལས་ཀ་བྱེད་པ་དང་། ཝང་ཏུང་གིས་རྨང་གཞིའི་ངོས་སྙོམས་བརྟག་ཆས་བེད་སྤྱོད་བྱེད་སྟངས་ནས་འགོ་བཙུགས་ཏེ། བཀྲ་ཤིས་ཉི་མར་སྤྱོད་སྒོ་ཡངས་པའི་ལག་རྩལ་མང་དག་ཞིག་བསླབ།

ཝང་ཏུང་གིས་ངང་རྒྱུད་རིང་པོས་ལག་རྩལ་ཁོ་པར་བརྒྱུད་སྤྲོད་བྱས་པ་དང་། དེའི་ཐོག་ཁོ་པ་རང་ཉིད་ཀྱིས་འབད་པ་བརྒྱ་དང་བརྩོན་པ་སྟོང་བསྟེན་མཐར། བཀྲ་ཤིས་ཉི་མར་ཨར་སྐྲུན་གྱི་ལག་རྩལ་སྣ་ཚོགས་འཇགས་པ་རེད། ད་ལྟའི་ཆར་བཀྲ་ཤིས་ཉི་མ་ཡང་ཀུང་སིའི་རྣམ་གྲངས་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་ལས་སྣེ་འཛིན་མཁན་དུ་གྱུར་ཡོད།

གལ་སྲིད་རྒན་ཝང་ལགས་མེད་ན། ང་ལ་ད་ཆའི་ཡར་རྒྱས་དེ་འདྲ་བྱུང་མི་སྲིད། ངས་ཁོང་དང་མཉམ་དུ་ལས་ཀ་ལོ་6ཙམ་བྱས་པ་དང་། དེའི་ནང་ལག་རྩལ་ཀྱང་ལོ་6སྦྱངས་པ་ཡིན། ཁོང་ནི་ངའི་སེམས་ནང་གི་དགེ་རྒན་ཡིན་ལ་ངའི་གྲོགས་པོ་ཡག་ཤོས་དེ་ཡང་ཡིན་ཞེས་བཀྲ་ཤིས་ཉི་མས་དེ་ལྟར་བརྗོད།

རྫོང་སྣེ་འཛུགས་སྐྲུན་འགན་འཁྲི་ཚད་ཡོད་ཀུང་སིར་སླེབས་པ་ནས་བཟུང་། ཝང་ཏུང་གིས་མདོ་ཡུལ་དང་བྱར་སྨད། ཙ་རི་སོགས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་ས་ཚིགས་སུ་བསྐྱོད་དེ། ཁོང་གིས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ལྷུན་རྩེ་བསྐྲུན་རྒྱུའི་བྱ་གཞག་ནང་ཞུགས་ཤིང་། རང་ཉིད་ཀྱི་གོམ་སྟབས་ལ་བརྟེན་ནས་མེས་རྒྱལ་མཐའ་མཚམས་ཀྱི་ས་ཚད་འཇལ་བ་དང་། བྱ་སྤྱོད་ངོ་མའི་ཐོག་ནས་མི་རིགས་མཐུན་སྒྲིལ་འབྲེལ་ཟམ་བསྐྲུན་ཕྱིར་ལེགས་སྐྱེས་འབུལ་དང་ཕུལ་མུས་སུ་མཆིས་སོ། །

མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཟམ་བརྩེ་བ་ཟབ་མོས་བསྐྲུན།

ལྷུན་རྩེ་རྫོང་རྫོང་སྣེ་འཛུགས་སྐྲུན་འགན་འཁྲི་ཚད་ཡོད་ཀུང་སིའི་ལས་མི་ཝང་ཏུང་སྐོར་བཀོད་པ།

བདེ་སྐྱིད་དཔལ་སྒྲོལ་གྱིས་བསྒྱུར།

ཝང་ཏུང་གིས་ལས་མིར་ཁང་པ་བརྒྱབ་སྟངས་མཛུབ་ཁྲིད་བྱེད་བཞིན་པ།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:重要新闻
   第04版:党史知识
མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་།
བསྡུས་ འཕྲིན་
ཁོར་ཡུག་གདེང་འཇོག་གི་ཞབས་ཞུ་ལེགས་སུ་ཧུར་ཐག་བཏང་བ།