第04版:藏区新闻 上一版3
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
བོད་ཀྱིས་གསར་བརྗེའི་ཡུལ་སྐོར་ལམ་ཐིག་ ཁག་བདུན་ཁྱབ་བསྒྲཌ་བྱས་པ།
གཅིག་ནས་སྒོ་བསྟེན་སྨན་བཅོས་ཀྱི་རོགས་རེས་འགན་སྲུང་ནུས་པ་ཆེ་རུ་གཏོང་དགོས།
མེ་ལོང་
བོད་ཀྱིས་5G+འཕྲུལ་མིའི་ལག་རྩལ་སྤྱད་དེ་རྒྱང་ཁྲིད་རུས་ནད་གཤགས་བཅོས་བདེ་བླག་ངང་ལེགས་སྒྲུབ་བྱས་པ།
བོད་ཀྱིས་ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་སྔར་བས་ལེགས་སུ་བཏང་བ།
བོད་ཀྱི་དེང་རབས་རྫ་ཆས་རིག་གནས་ཞིབ་འཇུག་ཁང་ལྷ་སར་བཙུགས་པ།
| 山南网首页 |
2021年4月28日 星期
3 上一篇  下一篇 4 放大 缩小 默认
གཅིག་ནས་སྒོ་བསྟེན་སྨན་བཅོས་ཀྱི་རོགས་རེས་འགན་སྲུང་ནུས་པ་ཆེ་རུ་གཏོང་དགོས།
 

ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།

《ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་བཅོས་ཀྱི་

རོགས་རེས་འགན་སྲུང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་

གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ།

《བསམ་འཆར》ནང་ཕྱོགས་ལྔ་ནས་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་བཅོས་ཀྱི་རོགས་རེས་འགན་སྲུང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བའི་བྱེད་ཐབས་ཞིབ་ཕྲ་བཏོན་ཡོད།

ལས་ཐོག་ལས་བཟོ་མི་སྒེར་གྱི་རྩིས་ཐོར་མི་སྒེར་གྱིས་འཇལ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་འཇུག་དགོས་པ་དང་། འཇུག་པའི་ཚད་གཞི་དེ་རྩ་དོན་ཐོག་མི་སྒེར་གྱིས་འཇལ་བའི་གཞི་གྲངས་ཀྱི་2%ལ་ཚོད་འཛིན་བྱེད་དགོས་པ་ན་པས་འཇལ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་ཚང་མ་སྤྱི་འདོམས་ཐེབས་རྩར་འཇུག་དགོས།

གཉིས་ནས་མི་སྒེར་གྱི་རྩིས་ཁྲར་འཇུག་ཐབས་ལེགས་སུ་གཏོང་དགོས།

མི་སྒེར་གྱི་རྩིས་ཁྲ་དེ་འགན་བཅོལ་ལ་ཞུགས་མཁན་མི་སྣས་སྨན་བཅོས་འགན་བཅོལ་སྲིད་ཇུས་ཁྱབ་ཁོངས་སུ་རང་མི་སྒེར་གྱིས་འཇལ་དགོས་པའི་ཐད་གཙོ་བོར་སྤྱོད་དགོས་པ་དང་། འགན་བཅོལ་ལ་ཞུགས་མཁན་རང་ཉིད་དམ་དེའི་བཟའ་ཟླ་དང་། ཕ་མ། བུ་ཕྲུག་བཅས་ཀྱིས་དམིགས་འཛུགས་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱས་ནས་ཐོན་པའི་སྨན་རིན་ཡང་མི་སྒེར་གྱི་རྩིས་ཁྲ་ནས་སྤྲོད་ཆོག་པ་དང་དེ་བཞིན་དམིགས་འཛུགས་སིལ་ཚོང་སྨན་ཚོང་ཁང་ནས་སྨན་དང་། སྨན་བཅོས་ཡོ་བྱད་བཅས་ཉོས་པའི་རིན་པའང་དེ་ནས་སྤྲོད་ཆོག

གསུམ་ནས་མི་སྒེར་གྱི་རྩིས་ཁྲའི་བེད་སྤྱོད་ཁྱབ་ཁོངས་ཚད་ལྡན་དུ་གཏོང་དགོས།

བཞི་ནས་ལྟ་འདོམས་ལ་ཤུགས་སྣོན་རྒྱག་དགོས།

སྨན་བཅོས་འགན་བཅོལ་གྱི་ཐེབས་རྩའི་སྔོན་རྩིས་དོ་དམ་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་ཐེབས་རྩའི་རྩིས་བཤེར་དང་ནང་ངོས་ཚོད་འཛིན་གྱི་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།

ལྔ་ནས་སྒོ་བསྟེན་སྨན་བཅོས་ཀྱི་རོགས་རེས་འགན་སྲུང་དང་འཚམ་པའི་གྲོན་དངུལ་འཇལ་སྤྲོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ཐད་མི་གྲངས་ལ་གཞིགས་ནས་གྲོན་དངུལ་སྤྲད་ཆོག་པ་དང་། མི་གྲངས་ལ་གཞིགས་ནས་གྲོན་དངུལ་སྤྲོད་རྒྱུ་དེ་གཅོང་ནད་དོ་དམ་དང་ཟུང་འབྲེལ་ཡོང་ཐབས་འཚོལ་ཞིབ་ཧུར་ཐག་བྱེད་དགོས། ཉིན་མོའི་གཤགས་བཅོས་དང་དེ་བཞིན་ཆ་རྐྱེན་དང་འཚམ་པའི་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་རིགས་ལ་ནད་རིགས་སམ་ཡང་ན་ནད་གཞི་བརྟག་དཔྱད་ཀྱི་འབྲེལ་ཡོད་ཁག་དབྱེར་གཞིགས་ནས་གྲོན་དངུལ་སྤྲོད་རྒྱུ་ཁྱབ་གདལ་གཏོང་དགོས། སྨན་བཅོས་འགན་བཅོལ་ནས་སྨན་རིན་སྤྲོད་པའི་ཚད་གཞི་ཚན་རིག་དང་ལུགས་དང་མཐུན་པའི་སྒོ་ནས་གཏན་འཁེལ་བྱེད་དགོས། (ཡོང་ཁུངས་བོད་ལྗོང་ཉིན་རེའི་ཚགས་པར)

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:藏区新闻
བོད་ཀྱིས་གསར་བརྗེའི་ཡུལ་སྐོར་ལམ་ཐིག་ ཁག་བདུན་ཁྱབ་བསྒྲཌ་བྱས་པ།
གཅིག་ནས་སྒོ་བསྟེན་སྨན་བཅོས་ཀྱི་རོགས་རེས་འགན་སྲུང་ནུས་པ་ཆེ་རུ་གཏོང་དགོས།
མེ་ལོང་
བོད་ཀྱིས་5G+འཕྲུལ་མིའི་ལག་རྩལ་སྤྱད་དེ་རྒྱང་ཁྲིད་རུས་ནད་གཤགས་བཅོས་བདེ་བླག་ངང་ལེགས་སྒྲུབ་བྱས་པ།
བོད་ཀྱིས་ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་སྔར་བས་ལེགས་སུ་བཏང་བ།
བོད་ཀྱི་དེང་རབས་རྫ་ཆས་རིག་གནས་ཞིབ་འཇུག་ཁང་ལྷ་སར་བཙུགས་པ།