第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ཞུས་ཁྲེང་ཚང་གིས་སྲིན་པོ་རིའི་བཀོད་སྒྲིག་ས་ཚིགས་སུ་རྟོག་ཞིབ་གནང་བ།
ནས་ཀྱིས་བོད་ཀྱི་ལོ་ངོ་70ཡི་ཞིང་ལས་ འཕོ་འགྱུར་ཆེན་པོའི་དཔང་པོ་བྱས་པ།
ལང་ཚོའི་ཉམས་འགྱུར་མངོན། བྱ་གཞག་གསར་གཏོད་སྒྲུབ།
ཇ་གང་ཞིག་བཏུངས་ན་ཁྲག་ཤེད་གཅོག་ ཐུབ་པ་ཁྱེད་ཀྱིས་ཤེས་སམ།
རང་ལྗོངས་སུ་ནགས་ཚལ་ཁེབས་ ཁྱོན་བརྒྱ་ཆ་12.31བར་འཕར་བ།
གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་འབབ་ཚུགས་ཁུལ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་རྣམ་གྲངས་ཁག་གཅིག་ཞིབ་བཤེར་རྩིས་ལེན་ཐུབ་པ།
| 山南网首页 |
2021年4月28日 星期
3 上一篇  下一篇 4 放大 缩小 默认
ལང་ཚོའི་ཉམས་འགྱུར་མངོན། བྱ་གཞག་གསར་གཏོད་སྒྲུབ།
 

(པར་ངོས་དང་པོར་མཐུད) ལས་ཞུགས་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག བདེ་ལྡན་བཟང་མོས་ལོ་ལྔའི་ནང་སྐྱེད་ཀ་མི་དགོས་པའི་ལས་གཏོད་དངུལ་བུན་སྒོར་ཁྲི་25གཡར་བ་དང་། དངུལ་དེ་དག་ལ་བརྟེན་ནས་ཁོ་མོས་གློག་ཀླད་དང་པར་འདེབས་འཕྲུལ་ཆས་སོགས་སྒྲིག་ཆས་ཉོས་ཏེ། པར་འདེབས་ཁང་དེ་བཙུགས་པ་རེད།འོན་ཀྱང་ལས་གཏོད་ཀྱི་ལམ་བུའི་ཐོག་དཀའ་ཚེགས་ཆེན་པོ་འཕྲད་རྒྱུ་ནི་སྨོས་ཅི་དགོས།བདེ་ལྡན་བཟང་མོས། མི་ཤུགས་དང་། ལག་རྩལ། ཉམས་མྱོང་། མ་དངུལ་བཅས་ནི་པར་འདེབས་ཁང་དེ་བཙུགས་མ་ཐག་འཕྲད་པའི་དཀའ་ངལ་ཆེ་ཤོས་དེ་རེད་འདུག་ཅེས་བཤད།

པར་འདེབས་ཁང་བཙུགས་རྗེས་ཀྱི་ཟླ་ཤས་ནང་། བདེ་ལྡན་བཟང་མོ་དང་ཁོ་མོའི་མཉམ་གཉེར་བྱེད་མི་བསོད་ནམས་རྡོ་རྗེ་གཉིས་ལས་མེད་པ་དང་། གང་ཅིའི་ཐད་ཀྱི་ཆ་རྐྱེན་མི་འདང་བའི་དབང་གིས་དུས་ཚོད་རིང་པོའི་ནང་པར་འདེབས་ཁང་ལ་ཡོང་འབབ་མ་བྱུང་བར་གྱོང་གུན་ཕོག སྐབས་རེ་བདེ་ལྡན་བཟང་མོས་ཕ་མའི་ས་ནས་དངུལ་གཡར་ཏེ་ཚོང་གཉེར་བྱེད་དགོས་བྱུང་ཡོད།

བདེ་ལྡན་བཟང་མོས་དེ་འདྲ་བྱས་ནས་ད་དུང་གྱོང་གུན་བྱུང་ན་རང་ཉིད་ལས་ཀ་འདི་བྱེད་པར་སེམས་ཤུགས་མིན་འདུག་ཅེས་བཤད།

འོན་ཀྱང་། ཁོ་གཉིས་སུས་ཀྱང་ལས་ཀ་འདི་བློས་གཏོང་མ་བྱས་པར། མིག་སྔར་འཕྲད་པའི་དཀའ་ངལ་སེལ་ཐབས་བྱ་རྒྱུ་དེ་སློབ་སྦྱོང་ཟམ་མི་ཆད་པར་བྱེད་རྒྱུར་རགས་ལུས་ཡོད་པ་དེ་རྟོགས།

ཉམས་མྱོང་མི་འདང་བ་དང་ལག་རྩལ་བྱང་ཆུབ་པོ་མེད་ཚེ། སློབ་སྦྱོང་དང་སྦྱོང་བརྡར་བྱེད་དགོས་ཡོད་པས། ཚོང་ཁང་གི་རྒྱུན་གཏན་གྱི་ལས་ཀར་ཤུགས་རྐྱེན་མི་ཐེབས་པ་བྱེད་པ་དང་དུས་མཚུངས། ཁོ་མོས་མཉེན་ཆས་PSདང་CDRYཡི་བཀོལ་སྤྱོད་ལག་རྩལ་རང་སྦྱོང་བྱས་པ་རེད།

ཁོ་གཉིས་ཀྱིས་ད་དུང་རང་སོ་སོར་ལས་བགོས་བརྒྱབ་སྟེ། བདེ་ལྡན་བཟང་མོས་དུས་རྒྱུན་གྱི་པར་འདེབས་དང་། པར་ལེན། རྒྱ་ཡིག་རྩོམ་སྒྲིག་སོགས་ཀྱི་འགན་འཁུར་བ་དང་། བསོད་ནམས་རྡོ་རྗེས་བོད་ཡིག་ཡིག་སྒྱུར་དང་། རྩོམ་སྒྲིག ཕྱིར་བསྐྱོད་ཚོང་འབྲེལ་ལས་དོན་སོགས་ཀྱི་འགན་འཁུར་གྱི་ཡོད། སྐབས་རེ་ཁོ་གཉིས་ལས་ཀའི་ཐོག་བསམ་ཚུལ་མི་མཐུན་པ་ཡོང་གི་ཡོད་ཀྱང་། ཁོ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་བྱ་བ་ཐམས་ཅད་ལ་གྲོས་བསྡུར་བྱེད་པའི་རྩ་དོན་བཟུང་ནས་གནད་དོན་ཚང་མ་མཐར་ཐག་གཅོད་ཡག་པོ་ཐུབ་ཀྱི་ཡོད་པ་རེད།

ཁོ་གཉིས་ཀྱིས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད། པར་འདེབས་ཁང་དེའི་གྱོང་གུན་རིམ་བཞིན་ཁེ་ཕོགས་སུ་བསྒྱུར་བ་དང་། ཁེ་སྤོགས་རག་པའི་ཟླ་དང་པོར། དངུལ་སྨར་སྒོར་8000རང་ཉིད་ཀྱི་ལག་ཏུ་འབྱོར་སྐབས། བདེ་ལྡན་བཟང་མོར་དགའ་ཚོར་ཆེན་པོ་སྐྱེས།

བདེ་ལྡན་བཟང་མོས་དགའ་ཚོར་ཆེན་པོས། ང་གཉིས་ཀྱིས་དཀའ་ལས་བརྒྱབ་པ་ཚང་མར་འབྲས་བུ་ཐོབ་བྱུང་བས། རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ནས་ཐོབ་པའི་གྲུབ་འབྲས་དེ་ལས་བློ་ཡིད་ཚིམས་པ་གང་ཡོད་ཅེས་བཤད།

ད་ཆ་བདེ་ལྡན་བཟང་མོའི་ཡོང་འབབ་སྒོར་ཁྲི་12ཙམ་ཟིན་གྱི་ཡོད་པ་རེད།

བདེ་ལྡན་བཟང་མོས་མ་འོངས་ལ་རེ་བས་ཁེངས་ཤིང་། ངས་དངུལ་བུན་འཇལ་རྗེས་པར་འདེབས་ཁང་རྒྱ་ཆེ་རུ་བཏང་ནས་ཡན་ལག་ཚོང་ཁང་གཉིས་ཙམ་བཙུགས་ཏེ། ལས་སྒུག་སློབ་ཆེན་སློབ་མ་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ན་གཞོན་ཁག་གཅིག་བསྡུས་ནས་རང་ཉིད་ཀྱིས་ཤེས་པའི་ལག་རྩལ་དེ་ཚོ་ཁོང་ཚོར་སློབ་ཀྱི་ཡིན་ཞེས་བཤད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:藏区新闻
ཞུས་ཁྲེང་ཚང་གིས་སྲིན་པོ་རིའི་བཀོད་སྒྲིག་ས་ཚིགས་སུ་རྟོག་ཞིབ་གནང་བ།
ནས་ཀྱིས་བོད་ཀྱི་ལོ་ངོ་70ཡི་ཞིང་ལས་ འཕོ་འགྱུར་ཆེན་པོའི་དཔང་པོ་བྱས་པ།
ལང་ཚོའི་ཉམས་འགྱུར་མངོན། བྱ་གཞག་གསར་གཏོད་སྒྲུབ།
ཇ་གང་ཞིག་བཏུངས་ན་ཁྲག་ཤེད་གཅོག་ ཐུབ་པ་ཁྱེད་ཀྱིས་ཤེས་སམ།
རང་ལྗོངས་སུ་ནགས་ཚལ་ཁེབས་ ཁྱོན་བརྒྱ་ཆ་12.31བར་འཕར་བ།
གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་འབབ་ཚུགས་ཁུལ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་རྣམ་གྲངས་ཁག་གཅིག་ཞིབ་བཤེར་རྩིས་ལེན་ཐུབ་པ།