第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ཞུས་ཁྲེང་ཚང་གིས་སྲིན་པོ་རིའི་བཀོད་སྒྲིག་ས་ཚིགས་སུ་རྟོག་ཞིབ་གནང་བ།
ནས་ཀྱིས་བོད་ཀྱི་ལོ་ངོ་70ཡི་ཞིང་ལས་ འཕོ་འགྱུར་ཆེན་པོའི་དཔང་པོ་བྱས་པ།
ལང་ཚོའི་ཉམས་འགྱུར་མངོན། བྱ་གཞག་གསར་གཏོད་སྒྲུབ།
ཇ་གང་ཞིག་བཏུངས་ན་ཁྲག་ཤེད་གཅོག་ ཐུབ་པ་ཁྱེད་ཀྱིས་ཤེས་སམ།
རང་ལྗོངས་སུ་ནགས་ཚལ་ཁེབས་ ཁྱོན་བརྒྱ་ཆ་12.31བར་འཕར་བ།
གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་འབབ་ཚུགས་ཁུལ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་རྣམ་གྲངས་ཁག་གཅིག་ཞིབ་བཤེར་རྩིས་ལེན་ཐུབ་པ།
| 山南网首页 |
2021年4月28日 星期
下一篇 4 放大 缩小 默认
ཞུས་ཁྲེང་ཚང་གིས་སྲིན་པོ་རིའི་བཀོད་སྒྲིག་ས་ཚིགས་སུ་རྟོག་ཞིབ་གནང་བ།
 

(པར་ངོས་དང་པོར་མཐུད) ས་གནས་ས་ཐོག་ཏུ་སྲིན་པོ་རིའི་དུས་ཐེངས་གཉིས་པའི་བཀོད་སྒྲིག་སྡོད་ཁང་གི་ལས་གྲྭའི་རྣམ་གྲངས་ཁག་འཛུགས་སྐྲུན་བྱས་ཚུལ་ལ་ལྟ་ཞིབ་གནང་བ་དང་ལས་དོན་ཁྲོད་ལྷག་པའི་གནད་དོན་ཁག་གཅིག་ལ་དམིགས་ནས་ས་གནས་ས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་གནང་བ་རེད།

ཞུས་ཁྲེང་ཚང་གིས་བླང་བྱ་བཏོན་གནང་དོན། བཀོད་སྒྲིག་ས་ཚིགས་འཛུགས་སྐྲུན་གྱི་འགན་འཁྲིའི་བསམ་པ་དང་དགོས་གཏུག་གི་བསམ་པ་ཆེ་རུ་བཏང་ནས་ཨར་ལས་ཀྱི་དུས་ཚོད་ཡག་ཤོས་དམ་འཛིན་བྱེད་པ་དང་། མིག་སྔའི་དམིགས་ཚད་ལས་འགན་གཙོ་བོར་དམིགས་པ། ཨར་ལས་ཀྱི་སྟོབས་ཤུགས་ལ་སྔར་བས་ཤུགས་སྣོན་རྒྱག་པ། ལས་ཀའི་ལས་འགན་ཁག་བགོས་ཞིབ་ཕྲ་བྱེད་པ། དུས་ཚོད་རེའུ་མིག་དང་། ལམ་རིས། འགན་འཁུར་བ་བཅས་ཁ་གསལ་བཟོ་དགོས་པ་དང་། གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། ལག་བསྟར་ལ་ཤུགས་སྣོན་རྒྱག་པ། སྒྲུབ་གཉེར་ལ་ལྟ་སྐུལ་གྱིས་རིགས་ཁག་གི་ཞིབ་མཆན་འགྲོ་ལུགས་གཉེར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལས་གྲྭ་འཛུགས་སྐྲུན་བདེ་བླག་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས། མ་དངུལ་གྲབས་གསོག་ཡག་པོ་བྱས་ནས་སྔ་ཙམ་ཇུས་འགོད་དང་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་། མ་དངུལ་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ། ས་ཆ་གྲབས་གསོག་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་། དངུལ་རྩའི་དངུལ་བུན། ཚོང་འགུགས་མ་འདྲེན་སོགས་བྱེད་ཐབས་སྣ་ཚོགས་གང་ལེགས་སྤྱད་དེ་མ་དངུལ་བསྡུ་སྒྲིལ་གྱི་འཕེལ་རིམ་མགྱོགས་སུ་བཏང་ནས་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས། ཉེ་འཁོར་གྱི་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྡོད་མལ་ཁོར་ཡུག་བཅོས་སྐྱོང་གི་ལས་དོན་རྒྱུན་མཐུད་ངང་སྤེལ་བ། ཉེ་འཁོར་གྱི་ཨར་སྐྲུན་རྒྱུ་ཆ་སྤུངས་འཇོག་དང་། ཨར་སྐྲུན་གད་སྙིགས་གཙང་བཅོས། ཁོར་ཡུག་འཕྲོད་བསྟེན་གཙང་བཤེར་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་བསྐྲུན་ཟིན་པའི་ས་ཁོངས་སྔོ་འགྱུར་དང་། མཛེས་བཟོ། གྲོང་ཚོའི་རྣམ་པ་བཅོས་སྐྱོང་བཅས་ཀྱི་དོ་དམ་ལས་དོན་མགྱོགས་སུ་གཏོང་དགོས། ལས་ཀའི་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་ནས་ལས་གྲྭའི་འཕེལ་རིམ་ཁག་གཅིག་འདོམས་བཀོད་སྒྲིག་བྱས་ཏེ་བདེ་འཇགས་དང་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། མ་དངུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་རྣམ་གྲངས་འཛུགས་སྐྲུན་ཁྲོད་ཀྱི་ལས་བྱེད་པའི་སྤྱོད་ཚུལ་དང་སྲིད་གཙང་ཉེན་ཁའི་གནད་དོན་ལ་དམ་པོར་དམིགས་ནས་སྤྱོད་གཙང་གི་འགག་སྒོ་ནན་པོ་སྲུང་དགོས། དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་ཉིན་རེའི་སྙན་ཞུ་དང་གཟའ་འཁོར་ཕྱོགས་སྡོམ་བྱས་ཏེ་སྲིན་པོ་རི་བཀོད་སྒྲིག་ས་ཚིགས་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་དང་། གལ་ཆེའི་དོན་དག ལྷག་པའི་གནད་དོན་སོགས་དུས་ཐོག་ཏུ་གྲོང་ཨུད་ལ་སྙན་སེང་ཞུ་དགོས་པ་མ་ཟད། གྲོང་ཨུད་ཀྱི་ཐབས་ཇུས་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱེད་དགོས་སོ།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:藏区新闻
ཞུས་ཁྲེང་ཚང་གིས་སྲིན་པོ་རིའི་བཀོད་སྒྲིག་ས་ཚིགས་སུ་རྟོག་ཞིབ་གནང་བ།
ནས་ཀྱིས་བོད་ཀྱི་ལོ་ངོ་70ཡི་ཞིང་ལས་ འཕོ་འགྱུར་ཆེན་པོའི་དཔང་པོ་བྱས་པ།
ལང་ཚོའི་ཉམས་འགྱུར་མངོན། བྱ་གཞག་གསར་གཏོད་སྒྲུབ།
ཇ་གང་ཞིག་བཏུངས་ན་ཁྲག་ཤེད་གཅོག་ ཐུབ་པ་ཁྱེད་ཀྱིས་ཤེས་སམ།
རང་ལྗོངས་སུ་ནགས་ཚལ་ཁེབས་ ཁྱོན་བརྒྱ་ཆ་12.31བར་འཕར་བ།
གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་འབབ་ཚུགས་ཁུལ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་རྣམ་གྲངས་ཁག་གཅིག་ཞིབ་བཤེར་རྩིས་ལེན་ཐུབ་པ།