ཉེ་དུས། གྲོང་ཁྱེར་རིག་གནས་ཅུས་དང་ཀྲུང་གོ་བཟོ་ཚོང་དངུལ་ཁང་ལྷོ་ཁའི་ཡན་ལག་དངུལ་ཁང་། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་ལྷོ་ཁའི་ཡན་ལག་དངུལ་ཁང་། ཀྲུང་གོ་ཞིང་ལས་དངུལ་ཁང་སྣེ་གདོང་ཆུས་ཉིང་ལག་དངུལ་ཁང་། བོད་ལྗོངས་དངུལ་ཁང་ལྷོ་ཁའི་ཡན་ལག་དངུལ་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་བཙུགས་པའི་དཔེ་དྲི་འཐུལ་བའི་སྣེ་གདོང་·དམངས་ཡོངས་ཀྱི་མཉམ་སྤྱོད་དཔེ་ཀློག་ས་ཚིགས་དེ་དངོས་སུ་སྤྱོད་འགོ་ཚུགས་ཤིང་། དངུལ་ཁང་ཁག་གི་ལས་སྒོའི་ཚོམས་ཆེན་དུ་དཔེ་སྒྲོམ་སྒྲིག་པ་དང་དཔེ་དེབ་དེབ་གྲངས་ཁྱོན་2000ལྷག་ཙམ་ཡོད་པ་རྣམས། མང་ཚོགས་ཚོས་རིན་པ་མི་དགོས་པར་ལྟ་ཀློག་བྱས་ན་འགྲིག་གི་ཡོད་པ་རེད།