བདེ་སྐྱིད་དཔལ་སྒྲོལ་གྱིས་བསྒྱུར།
སྣ་དཀར་རྩེ་རྫོང་གྲོང་དུ་གནས་པའི་རྟ་མིག་གླིང་ཕྲན་ཡིག་རིས་པར་འདེབས་ཁང་དུ་སྐྱོད་སྐབས། ཚོང་ཁང་ནང་འགྲུལ་པ་རྒྱུན་ཆད་མེད་པར་ཡོང་བའི་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་བཞིན་ཡོད་པ་རེད། ན་གཞོན་བུ་མོ་ཞིག་གིས་གློག་ཀླད་མདུན་དུ་འཕྲེད་འགེལ་སྦྱར་ཡིག་བཟོ་བཞིན་ཡོད་ཅིང་། ཁོ་མོ་ནི་པར་འདེབས་ཁང་དེའི་སྦྱིན་བདག་བདེ་ལྡན་བཟང་མོ་རེད།
ད་ཆ་ཁོ་མོའི་བྱ་གཞག་ཚ་ཚ་འུར་འུར་ངང་སྒྲུབ་བཞིན་ཡོད་པ་མཐོང་རྒྱུ་ཡོད། འོན་ཀྱང་དང་ཐོག་བདེ་ལྡན་བཟང་མོར་ལས་གཏོད་ཀྱི་བསམ་བློ་མེད་པ་དང་། གཞུང་ཞབས་པའི་ཡིག་རྒྱུགས་བཏང་ནས་ལས་ཀ་བརྟན་པོ་ཞིག་འཚོལ་རྩིས་བྱེད་ཀྱི་ཡོད། དེའང་སློབ་ཆེན་སློབ་མ་མང་ཆེ་བའི་ཕུགས་བསམ་ཞིག་རེད།
བདེ་ལྡན་བཟང་མོས། དེ་སྔོན་ང་ཚོའི་ནང་མི་ཚང་མས་གཞུང་ཞབས་པའི་ཡིག་རྒྱུགས་འཕྲོད་ནས་ལས་ཀ་ཡག་པོ་ཞིག་རགས་པ་བྱ་རྒྱུ་དེ་མདུན་ལམ་ཆེ་ཤོས་ཤིག་ལ་བརྩིས་ཀྱི་ཡོད་ཅེས་བཤད། སློབ་ཆེན་ཐོན་རྗེས། བདེ་ལྡན་བཟང་མོས་སེམས་ནུས་ཡོད་རྒུས་གཞུང་ཞབས་པའི་ཡིག་རྒྱུགས་བཏང་ནས་བསྡད་པ་རེད། འོན་ཀྱང་ཁོ་མོ་ཡིག་རྒྱུགས་མ་འཕྲོད་པས། ལས་ཀ་གཞན་འཚོལ་དགོས་བྱུང་བ་རེད། 2017ལོར། ཁེ་ལས་ཀྱི་གདན་ཞུའི་ནང་ཞུགས་གྲབས་ཡོད་པའི་བདེ་ལྡན་བཟང་མོས་རྫོང་གིས་ལས་གཏོད་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་གཉེར་རྩིས་ཡོད་པའི་གནས་ཚུལ་ཤེས་རྗེས། ཁོ་མོར་སྔར་བྱུང་མྱོང་མེད་པའི་བསམ་ཚུལ་ཞིག་གློ་བུར་དུ་འཆར་བ་རེད། དངུལ་བུན་གཡར་བ་དང་ཁྲལ་བསྡུ་སོགས་ཀྱི་འབྲེལ་ཡོད་རོགས་སྐྱོར་སྲིད་ཇུས་ཤེས་རྗེས། ཁོ་མོར་ལས་གཏོད་ཀྱི་བསམ་ཚུལ་ཞིག་འཆར་བ་དང་། ཁོ་མོས་རང་ཉིད་ལ། མི་གཞན་གྱིས་བྱེད་ཐུབ་པ་ངས་བྱེད་མ་ཐུབ་པ་གང་ཡོད་ཅེས་བཤད།དེ་རྗེས། ཁོ་མོས་ལམ་སེང་གསོ་སྦྱོང་འཛིན་གྲྭའི་ནང་ཞུགས་པ་དང་། ཟླ་གཉིས་རིང་གི་གསོ་སྦྱོང་བྱས་པ་བརྒྱུད། སློབ་མཇུག་འགྲིལ་བའི་ལག་ཁྱེར་བདེ་བླག་ངང་རག་པ་རེད། 2018ལོར། སྲིད་གཞུང་གི་ (པར་ངོས་གསུམ་པར་གཟིགས)
འདི་ནི་བདེ་ལྡན་བཟང་མོས་སྦྱར་ཡིག་བཟོ་བཞིན་པ།