第04版:国内新闻 上一版3
 
版面导航

第01版
头版

第02版
重要新闻

第03版
综合新闻
 
标题导航
གསར་དུ་བཟོ་བཅོས་བརྒྱབ་པའི《ཁེ་ལས་ཀྱི་མིང་ཐོ་འགོད་དོ་དམ་གྱི་གཏན་འབེབས》ཟླ་3ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ།
མེ་ལོང་
པར་རིས་གསར་འགྱུར་
2021ལོའི་ལོ་སྟོད་ཀྱི་དམག་མི་བསྡུ་བའི་ལས་དོན་ཟླ་2ཚེས་ 20ཉིན་ནས་འགོ་འཛུགས་རྒྱུ་ཡིན་པ།
རྒྱལ་ཁབ་འཁྱགས་ཤུད་ཁང་འཁྱགས་ཐིག་འཁྱགས་བཟོ་ཐོག་མ་ལེགས་གྲུབ་བྱུང་བ།
ལོ་ལྔ་ཚན་བཅུ་གསུམ་པའི་རིང་རང་རྒྱལ་གྱིས་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་ཁྲི་3.58བཏང་བ།
ཉིན་མཚན་མེད་པར་དཔྱིད་གསར་སྐྱེལ་འདྲེན་ལ་གྲ་སྒྲིག་བྱེད་བཞིན་པ།
| 山南网首页 |
2021年1月29日 星期
3 上一篇  下一篇 4 放大 缩小 默认
ལོ་ལྔ་ཚན་བཅུ་གསུམ་པའི་རིང་རང་རྒྱལ་གྱིས་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་ཁྲི་3.58བཏང་བ།
ལོ་ལྔ་ཚན་བཅུ་གཉིས་པ་ལས་བརྒྱ་ཆ་57འཕར་བ།
 
མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་25ཉིན་པེ་ཅིང་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་ཆུ་བེད་ལས་དོན་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རིམ་རྩིས་བྱས་ན་ཆུ་བེད་འཛུགས་སྐྲུན་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་ཁྲི་3.58བཏང་བ་དེ“ལོ་ལྔ་ཚན་བཅུ་གཉིས་པ”ལས་57%འཕར་བ་རེད། གཙང་པོ་དང་ཆུ་བོ་ཆེན་པོ་བཅོས་སྐྱོང་དང་ཤིས་ཅང་ཏ་ཐེང་རོང་ཆེན་དང་ཧོའེ་ཧོ་ཁྲུའུ་ཧྲན་ཏན་ཆུ་མཛོད་སོགས་ཚོད་འཛིན་རང་བཞིན་གྱི་ལྟེ་བའི་ལས་གྲྭ་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་ཕྱིན་པ་དང་། འབྲི་ཆུའི་འགག་གསུམ་ལས་གྲྭས་ཕྱོགས་བསྡུས་ཀྱི་ཕན་འབྲས་ཧ་ཅང་ཆེན་པོ་རྒྱུན་མཐུད་འདོན་སྤེལ་བྱས་པ། ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་དང་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭར་རིམ་རྩིས་བྱས་ན་ཆུ་རྒྱ་དཔངས་གྲུ་བཞི་དུང་ཕྱུར་367.42དྲངས་པ། གཙོ་གནད་རྒྱུག་ཁུལ་དང་ས་ཁོངས་ཀྱི་ཆུའི་བདེ་འཇགས་འགན་ལེན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།

2020ལོར་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཕྱོགས་ཡོངས་ནས་མགྱོགས་སུ་ཕྱིན་ཞིང་། གཙོ་གནད་ཐོག་སྐུལ་འདེད་བཏང་བའི་ཆུ་བེད་ཀྱི་གཙོ་གནད་ལས་གྲྭའི་གསལ་ཐོ་ཁག་150བཏོན་ཏེ་དུས་འགོའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་ཆུ་བེད་ལས་གྲྭ་རྣམ་གྲངས་གལ་ཆེན་ཁག་45ལས་འགོ་བཙུགས་པ་རེད། ཆུ་བོ་འབྲིང་ཆུང་སྤྱི་ལེ་ཁྲི་1.7ལྷག་ཙམ་བཅོས་སྐྱོང་བྱས་པ་དང་ཉེན་ཡོད་ཆུ་མཛོད་3200ལྷག་ཙམ་བརྟན་དུ་བཏང་ཡོད་པ་རེད། ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་གི་ཆུ་གྲོན་ཆུང་སྒྱུར་བཀོད་བདེ་བླག་བྱུང་བ་དང་ཆུ་འདྲེན་གཞི་ཁྱོན་མུའུ་ཁྲི་3000ལྷག་ཙམ་གསར་འཕར་དང་། སླར་གསོ། ལེགས་བཅོས་བཅས་བྱས་ཏེ་ལོར་ཆུ་གྲོན་ཆུང་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་18མང་དུ་ཕྱིན་ཡོད་པ་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:重要新闻
   第03版:综合新闻
   第04版:国内新闻