第04版:国内新闻 上一版3
 
版面导航

第01版
头版

第02版
重要新闻

第03版
综合新闻
 
标题导航
གསར་དུ་བཟོ་བཅོས་བརྒྱབ་པའི《ཁེ་ལས་ཀྱི་མིང་ཐོ་འགོད་དོ་དམ་གྱི་གཏན་འབེབས》ཟླ་3ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ།
མེ་ལོང་
པར་རིས་གསར་འགྱུར་
2021ལོའི་ལོ་སྟོད་ཀྱི་དམག་མི་བསྡུ་བའི་ལས་དོན་ཟླ་2ཚེས་ 20ཉིན་ནས་འགོ་འཛུགས་རྒྱུ་ཡིན་པ།
རྒྱལ་ཁབ་འཁྱགས་ཤུད་ཁང་འཁྱགས་ཐིག་འཁྱགས་བཟོ་ཐོག་མ་ལེགས་གྲུབ་བྱུང་བ།
ལོ་ལྔ་ཚན་བཅུ་གསུམ་པའི་རིང་རང་རྒྱལ་གྱིས་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་ཁྲི་3.58བཏང་བ།
ཉིན་མཚན་མེད་པར་དཔྱིད་གསར་སྐྱེལ་འདྲེན་ལ་གྲ་སྒྲིག་བྱེད་བཞིན་པ།
| 山南网首页 |
2021年1月29日 星期
下一篇 4 放大 缩小 默认
གསར་དུ་བཟོ་བཅོས་བརྒྱབ་པའི《ཁེ་ལས་ཀྱི་མིང་ཐོ་འགོད་དོ་དམ་གྱི་གཏན་འབེབས》ཟླ་3ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ།
 

མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཟོ་བཅོས་བྱས་རྗེས་ཀྱི《ཁེ་ལས་ཀྱི་མིང་ཐོ་འགོད་དོ་དམ་གྱི་གཏན་འབེབས》ཡོངས་བསྒྲཌ་བྱས་ཏེ་འདི་ལོའི་ཟླ་3ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཟླ་1ཚེས་21ཉིན་འཚོཌ་པའི་སྲིད་ཇུས་ཀྱི་འཆར་ཅན་བརྡ་གཏོང་ཚོཌ་འདུའི་ཐོག རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་དང་ཁྲིམས་འཛིན་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་གཏན་འབེབས་གསར་པ་དེར་གསལ་འགྲེལ་ཞིབ་ཕྲ་བྱས་པ་རེད།

ཁེ་ལས་ཀྱི་མིང་ནི་ཁེ་ལས་ཤིག་ཁེ་ལས་གཞན་དང་དབྱེ་བ་འབྱེད་པའི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་ཡིན་ལ། ཚོང་ལས་མཚན་སྙན་གྱི་གཞི་རྟེན་ཡང་ཡིན་པ་དང་ད་དུང་རྒྱུ་ནོར་གྱི་རིན་ཐང་ཡང་ངེས་ཅན་འདུས་ཡོད། རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐང་ཅུན་གྱིས། གསར་དུ་ཡོངས་བསྒྲགས་བྱས་པའི《ཁེ་ལས་ཀྱི་མིང་ཐོ་འགོད་དོ་དམ་གྱི་གཏན་འབེབས》ནི་1991ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་སྤྲད་པའི《གཏན་འབེབས》ལ་ཕྱོགས་ཡོངས་ནས་བཟོ་བཅོས་བྱས་པ་ཞིག་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཟབ་གཏོང་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྐོར་གྱི་གོ་རིམ་གལ་ཆེན་ཞིག་རེད་ཅེས་ངོ་སྤྲོད་བྱས།

རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཐོ་འགོད་དེབ་སྐྱེལ་ཅུས་ཀྱི་ཅུས་ཀྲང་དབྱང་ཧུང་ཚན་གྱིས“ད་ཐེངས་བཟོ་བཅོས་ཀྱི་བཀྲག་མདངས་འཚེར་ས་ཆེ་ཤོས་ནི་ཁེ་ལས་ཀྱི་མིང་སྔོན་ཚུད་ནས་ཞིབ་མཆན་འགོད་པའི་ལམ་ལུགས་དེ་ཁེ་ལས་ཀྱི་མིང་རང་བརྟེན་འདུན་ཞུ་བྱེད་པའི་ལམ་ལུགས་སུ་བསྒྱུར་བ་དེ་རེད”ཅེས་ངོ་སྤྲོད་བྱས།

ཁེ་ལས་ཀྱི་མིང་སྔོན་ཚུད་ནས་ཞིབ་མཆན་འགོད་པའི་སྲིད་འཛིན་ཆོག་འཐུས་ཀྱི་དོན་ཚན་དག་སྲིད་འཛིན་ལས་ཁུངས་ཀྱིས་ཁེ་ལས་དང་སྤྱི་ཚོཌ་ལ་ཞབས་ཞུ་མཁོ་འདོན་བྱེད་པར་བསྒྱུར་ཡོད། དེ་སྔ་ཁེ་ལས་ཀྱི་མིང་སྔོན་ཚུད་ནས་ཞིབ་མཆན་འགོད་པ་ནི་ཁེ་ལས་ཀྱིས་ཐོ་འགོད་དང་ལས་གཉེར་ལག་ཁྱེར་མ་བླངས་གོང་སྔོན་ལ་ཐོ་འགོད་ལས་ཁུངས་སུ་ཁེ་ལས་ཀྱི་མིང་ཞིབ་མཆན་འགོད་པའི་འདུན་ཞུ་བྱེད་དགོས་པ་དང་། ཐོ་འགོད་ལས་ཁུངས་ཀྱིས་བདག་སྤྲོད་བྱས་པའི་མིང་ལ་ཞིབ་དཔྱད་དང་བརྡར་གཅོད་བྱས་རྗེས་གཏན་འབེབས་དང་མཐུན་པའི་ཁེ་ལས་ཀྱི་མིང་ལ་ཁེ་ལས་ཀྱི་མིང་སྔོན་ཚུད་ནས་ཞིབ་མཆན་བཀོད་པའི་བརྡ་ཐོ་གཏོང་དགོས་པ་གཏན་འབེབས་བྱས་ཡོད། ཁྲིམས་འཛིན་པུའུ་ཁྲིམས་འཛུགས་ཅུས་གཉིས་པའི་ཅུས་ཀྲང་ལིའུ་ཁྲང་ཁྲུན་གྱིས“ད་ཐེངས་ཀྱི་བཟོ་བཅོས་དེས་ཁེ་ལས་ཀྱིས་ཁེ་ལས་ཀྱི་མིང་རང་བརྟེན་གདམ་ག་བྱེད་པའི་དབང་ཆར་བརྩི་འཇོག་གང་ལེགས་བྱས་པ་དང་། ཁེ་ལས་ཀྱི་མིང་གི་ཐོན་ཁུངས་སྔར་ལས་ལྷག་པ་སྤྱད་དེ་ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྔར་བས་འཕེལ་བར་བྱས་པ་དང་ཆབས་ཅིག ཁེ་ལས་ཀྱི་མིང་རང་བརྟེན་འདུན་ཞུ་བྱེད་པའི་བྱ་སྤྱོད་ཀྱི་ཚད་གཞི་ཡང་སྔར་བས་ཁ་གསལ་བཟོས་ཡོད”ཅེས་བརྗོད།

ཐང་ཅུན་གྱིས་ང་ཚོས་གློད་སྡོམ་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱེད་དགོས། ཁེ་ལས་ཀྱི་མིང་རང་བརྟེན་གདམ་ག་བྱེད་ཆོག་ཀྱང་དེ་ནི་རྒྱ་ཡན་དུ་བཏང་བ་ཞིག་མིན་པར། ཁེ་ལས་ཀྱི་མིང་ལ་ད་དུང་ཚད་གཞི་ཁག་གཅིག་ཡོད་པ་སྟེ། རྒྱུ་རྐྱེན་གང་ཞིག་ཚང་དགོས་པ་དང་། བྱེད་མི་ཆོག་པ་འགའ་ཞིག་ཡོད་སྟབས་གློད་དང་སྡོམ་གཉིས་ཀ་མངོན་ཡོད་ཅེས་བརྗོད།

ལིའུ་ཁྲང་ཁྲུན་གྱིས“ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ན་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་དང་ཁྲོམ་རའི་སྒྲིག་ལམ་བཟང་པོ་སྲུང་སྐྱོང་ཐུབ་ནས་ཁེ་ལས་ཀྱི་མིང་ཐོ་འགོད་དོ་དམ་ལམ་ལུགས་ཀྱི་སྒྱུར་བཅོས་བྱེད་ཐུབ་པ་དང་། དང་ལེན་ཐུབ་པ། དོ་དམ་ཐུབ་པ་བཅས་ཡོང་བའི”ངོས་འཛིན་བྱེད་ཀྱི་ཡོད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:重要新闻
   第03版:综合新闻
   第04版:国内新闻
གསར་དུ་བཟོ་བཅོས་བརྒྱབ་པའི《ཁེ་ལས་ཀྱི་མིང་ཐོ་འགོད་དོ་དམ་གྱི་གཏན་འབེབས》ཟླ་3ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ།
མེ་ལོང་
པར་རིས་གསར་འགྱུར་
2021ལོའི་ལོ་སྟོད་ཀྱི་དམག་མི་བསྡུ་བའི་ལས་དོན་ཟླ་2ཚེས་ 20ཉིན་ནས་འགོ་འཛུགས་རྒྱུ་ཡིན་པ།
རྒྱལ་ཁབ་འཁྱགས་ཤུད་ཁང་འཁྱགས་ཐིག་འཁྱགས་བཟོ་ཐོག་མ་ལེགས་གྲུབ་བྱུང་བ།
ལོ་ལྔ་ཚན་བཅུ་གསུམ་པའི་རིང་རང་རྒྱལ་གྱིས་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་ཁྲི་3.58བཏང་བ།
ཉིན་མཚན་མེད་པར་དཔྱིད་གསར་སྐྱེལ་འདྲེན་ལ་གྲ་སྒྲིག་བྱེད་བཞིན་པ།