འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་དུས།གསར་འགོད་པས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུད་ནས་ཤེས་རྟོགས་བྱུང་བར།2020ལོར་ངེད་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་11དོན་འཁྱོལ་བྱས་པ་དང་།ལས་འགན་མུའུ་ཁྲི་9འཛུགས་སྐྲུན་བྱས་པ་དང་།རྣམ་གྲངས་ལྷོ་བྲག་དང་སྣ་དཀར་རྩེ།སྣེ་གདོང་།རྒྱ་ཚྭ།ཟངས་རི། ལྷུན་རྩེ།གོང་དཀར།གྲ་ནང་།མཚོ་སྨད།ཆུ་གསུམ།མཚོ་སྣ་བཅས་རྫོང་11དང་ཤང་གྲོང་44ལ་ཁྱབ་ཡོད་པ་རེད།
མིག་སྔའི་བར།ངེད་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་ས་ཞིང་རྣམ་གྲངས་11ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་།དེའི་ནང་འཕྲུལ་ལམ་དང་ས་ཆ་ཁོད་སྙོམས།ཞིང་ནང་བགྲོད་ལམ་སོགས་ཞིང་ལས་བྱ་ཐབས་བརྒྱ་ཆ་100ལེགས་གྲུབ་ཟིན་ནས་མ་འཇོག་གི་སྒོར་ཁྲི་11044.59ལེགས་གྲུབ་ཟིན་པ་དེས་སྤྱིའི་མ་འཇོག་གི་བརྒྱ་ཆ་37ཟིན་པ་དང་།རྣམ་གྲངས་མྱུར་ཚད་དེ་2019ལོ་དང་བསྡུར་ན་བརྒྱ་ཆ་29འཕར་ཡོད་པ་རེད།