第02版:重要新闻 上一版3  4下一版
 
版面导航

第01版
头版

第02版
重要新闻

第03版
综合新闻
 
标题导航
གྲོང་ཁྱེར་ཤེས་དཔལ་ཨུ་ལྷན་གྱིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་པ།
གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱིས་སྲིད་གཅིག་དང་ཨུད་གཅིག་ཁང་གཉིས་ཀྱི་ལས་དོན་འབྲེལ་གཏུག་ཚོགས་འདུ་འཚོགས་པ།
རྫོང་ངམ་ཆུས་ཀྱི་བསྡུས་འཕྲིན་
ངེད་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།
གོང་དཀར་རྫོང་གིས་ཏོག་གསར་གློ་ཚད་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ཁྱོན་ཡོངས་ནས་འགོ་ཚུགས་པ།
| 山南网首页 |
2021年1月29日 星期
3 上一篇  下一篇 4 放大 缩小 默认
རྫོང་ངམ་ཆུས་ཀྱི་བསྡུས་འཕྲིན་
 

▲ ཉེ་དུས། འཕྱོངས་རྒྱས་རྫོང་གིས་རྫོང་ཡོངས་ཀྱི་རིམས་ནད་འགོག་ཟོན་དང་སྤྱི་ཚོགས་བརྟན་ལྷིང་གི་ལས་དོན་ལ་ལྟ་སྐུལ་དང་ཞིབ་བཤེར་བྱས་ཤིང་། ཁོངས་གཏོགས་ཁུལ་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ། རིམས་ནད་འགོག་ཟོན་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་མཐོང་ཆེན་ཚད་མཐོན་པ་བྱས་ནས། འགན་འཁྲི་ལས་དོན་དང་ལས་ཀའི་ཁག་བགོས་ཁ་གསལ་ཡོང་བ་བྱེད་པ་དང་། རིམས་ནད་འགོག་ཟོན་གྱི་ཤེས་བྱ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུང་བཏང་ནས། ཞིང་འབྲོག་མང་ཚོགས་ལ་རིམས་ནད་འགོག་ཟོན་གྱི་སློབ་གསོ་དང་གོམས་གཤིས་བཟང་པོ་ཆགས་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད།

▲  ཉེ་དུས། མཚོ་སྨད་རྫོང་ཨུད་དྲིལ་བསྒྲགས་པུའུ་ཡིས་ཆེད་དོན་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག ཏང་གི་དྲིལ་བསྒྲགས་བསམ་བློའི་ལས་དོན་སྐོར་གླེང་བ་ཞེས་པ་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། ཚོགས་འདུས། སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་སྟེ་རང་འགུལ་ངང་སློབ་སྦྱོང་བྱེད་པ་དང་ལྟེ་བའི་དོན་སྙིང་ཁོང་དུ་ཆུད་པ་སོགས་བྱས་ནས་ལས་ཀའི་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་པའི་བླང་བྱ་བཏོན་པ་རེད།

▲ ཉེ་དུས། རྒྱ་ཚྭ་རྫོང་གིས་སྒོ་སྟེན་སྨན་ཁང་དང་སྨན་རྫས་ཚོང་ཁང་གི་གཅིག་སློག་གཉིས་འགོག་གི་སྨན་རྫས་དོ་དམ་བྱེད་ཚུལ་ལ་ཆེད་དོན་ལྟ་སྐུལ་དང་ཞིབ་བཤེར་བྱས་པ་རེད།

▲  ཉེ་དུས། ཆུ་གསུམ་རྫོང་རིམས་ནད་འགོག་ཟོན་གཞུང་ལས་ཁང་གིས་འབྲེལ་ཡོད་ཚན་ཁག་དང་མཉམ་དུ་རྫོང་ནང་ཁུལ་གྱི་རིམས་ནས་འགོག་ཟོན་བྱ་ཐབས་དོན་འཁྱོལ་ལ་གཙོ་གནད་དུ་ཞིབ་བཤེར་བྱས་ནས་ལྷག་བསྡད་པའི་གནད་དོན་ལ་འཕྲལ་དུ་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

▲ ཉེ་དུས། གོང་དཀར་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་སོའོ་8དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་དང་བླང་པ་9ཡིས་རིམས་ནས་འགོག་ཟོན་གྱི་གཙང་ཕྱག་ཆེན་མོའོ་བྱེད་སྤེལ་ཞིང་། བྱེད་སྒོའི་ནང་། གྲོང་ཚོ་ཁག་གི་མི་མང་འདུ་འཛོམས་བྱེད་ཡུལ་དང་། གྲོང་ཚོའི་ལམ་གཙོ་བོ། དེ་བཞིན་གད་སྙིགས་སྤུངས་ས་སོགས་ལ་ཁྱོན་ཡོངས་ནས་དུག་སེལ་དང་གཙང་སྦྲ་བྱས་པ་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:重要新闻
   第03版:综合新闻
   第04版:国内新闻
གྲོང་ཁྱེར་ཤེས་དཔལ་ཨུ་ལྷན་གྱིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་པ།
གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱིས་སྲིད་གཅིག་དང་ཨུད་གཅིག་ཁང་གཉིས་ཀྱི་ལས་དོན་འབྲེལ་གཏུག་ཚོགས་འདུ་འཚོགས་པ།
རྫོང་ངམ་ཆུས་ཀྱི་བསྡུས་འཕྲིན་
ངེད་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།
གོང་དཀར་རྫོང་གིས་ཏོག་གསར་གློ་ཚད་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ཁྱོན་ཡོངས་ནས་འགོ་ཚུགས་པ།