འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་དུས། གྲོང་ཁྱེར་ཤེས་དཔལ་ཨུ་ལྷན་གྱིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ཨུ། ཀྲུང་དབྱང་ཤེས་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཧུའུ་ཉིང་གིས་རྒྱལ་ཡོངས་བསམ་པའི་དཔལ་ཡོན་དར་སྤེལ་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་དགོངས་དོན་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཀྲང་གཞོན་པ་ཕུའུ་ཧྭ་ཡིས་རྒྱལ་ཡོངས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུའི་ལས་ཀའི་གསོ་སྦྱོང་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།
གྲོང་ཨུད་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཀྲང་། གྲོང་ཁྱེར་ཤེས་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་གཡན་ཧུང་གིས་ཚོགས་འདུ་གཙོ་སྐྱོང་གནང་།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། གྲོང་ཁྱེར་ཤེས་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧྲེན་བའེ་ཚུན། གྲོང་སྤྱི་གཞོན་པ། གྲོང་ཁྱེར་ཤེས་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་མུའུ་ཡུང་ཝུན་བཅས་ཚོགས་འདུར་ཞུགས།
གཡན་ཧུང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་བསམ་པའི་དཔལ་ཡོན་དར་སྤེལ་ལ་མཐོང་ཆེན་ཚད་མཐོན་པོ་གནང་བ་དང་། རྒྱལ་ཡོངས་བསམ་པའི་དཔལ་ཡོན་དར་སྤེལ་གཟེངས་བསྟོད་ཚོགས་ཆེན་ཐོག རྒྱུན་ཨུ་ཝང་ཧུའུ་ཉིང་གིས་བསམ་པའི་དཔལ་ཡོན་དར་སྤེལ་ལས་ཀའི་གལ་ཆེའི་དོན་སྙིང་ལ་རྒྱས་བཤད་གཏིང་ཟབ་གནང་བ་དང་། ཇི་ལྟར་བྱས་ནས་དུས་རབས་གསར་པའི་བསམ་པའི་དཔལ་ཡོན་དར་སྤེལ་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་ཡོད་པས། ང་ཚོས་བསམ་པའི་དཔལ་ཡོན་དར་སྤེལ་གྱི་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་བརྩི་སྲུང་ཞུ་ཡུལ་མཁོ་འདོན་བྱས་ཡོད་པ་རེད། ཁོང་མའི་ཚན་ཁག་གིས་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཧྲུའུ་ཅི་ཞུས་ཁྲེང་ཚང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་ལྟར། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དར་སྤེལ་གྱི་ལས་དོན་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་བཏང་ཐོག ངེད་གྲོང་ཁྱེར་གྱི་བསམ་པའི་དཔལ་ཡོན་དར་སྤེལ་གྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་།
ཁོང་གིས། དུས་རབས་གསར་པའི་བསམ་པའི་དཔལ་ཡོན་དར་སྤེལ་གྱི་ལས་དོན་ཁག་ལག་བསྟར་དོན་འཁྱོང་ཏན་ཏིག་ཡོང་བ་བྱེད་དགོས་པ་སྟེ། ཁོང་མིའི་ཚན་ཁག་གིས་ཐོག་མའི་བསམ་མདུན་བློ་ལ་བརྟན་པོ་འཆང་ཞིང་། བསམ་གཞིས་གསར་གཏོད་དང་། འབྲེལ་མཐུད་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་མཉམ་ཤུགས་ཆགས་པ་བྱས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་སྒོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དྲིལ་བསྒྲགས་སློབ་སྦྱོང་གཏིང་ཟབ་སྤེལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིང་ཐང་ལྟ་བ་སྐྱེད་སྲིད་དང་ལག་ལེན་ཤུགས་ཆེར་གཏོང་བ། མུ་མཐུད་ནས་བསམ་པའི་དཔལ་ཡོན་དར་སྤེལ་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་གཏོད་བཅས་བྱས་ཐོག མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་རྒྱུར་སྐུལ་འདེད་དང་རིག་གནས་དམངས་ཕན་ལས་གཞི་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ཕྱོགས་ཡོངས་ནས་བསམ་པའི་དཔལ་ཡོན་དར་སྤེལ་གྱི་ལས་དོན་ཁག་གཏིང་ཟབ་དང་། དངོས་དོན། མི་སེམས་ལ་ཟུག་པ་བཅས་བྱེད་དགོས་པའི་ནན་བཤད་གནང་།