第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ཡར་ལྷ་ཤམ་པོའི་རྒྱུད་ཀྱི་དབུལ་སྒྲོལ་ཐུབ་པའི་མང་ཚོགས་
དབུལ་ཐར་འགག་སྒྲོལ།
བྱ་ཐབས་སྣ་ཚོགས་སྤྱད་དེ་རིམས་ནད་ སྔོན་འགོག་ཚོད་འཛིན་བྱས་པ།
རིམས་ནད་སྔོན་འགོག་ཚོད་འཛིན་དང་ཞིང་འབྲོག་ལས་གཉིས་ཀ་འཐུས་ཤོར་མི་འགྲོ་བ་བྱེད་པ།
ཕུར་བུ་དོན་གྲུབ་ཀྱིས་རྩེད་ཐང་གྲོང་ཁུལ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་རྟོག་ཞིབ་གནང་བ།
| 山南网首页 |
2020年2月5日 星期
3 上一篇 放大 缩小 默认
ཕུར་བུ་དོན་གྲུབ་ཀྱིས་རྩེད་ཐང་གྲོང་ཁུལ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་རྟོག་ཞིབ་གནང་བ།
 

(པར་ངོས་དང་པོར་མཐུད) མི་སྐྲག་པ། འཇུངས་མེད་ལེགས་སྐྱེས་ཕུལ་བའི་སྙིང་སྟོབས་དར་སྤེལ་གཏོང་དགོས་པའི་སྐུལ་མ་གནང་བ་རེད། ཕུར་བུ་དོན་གྲུབ་ཀྱིས་འབྲེལ་ཡོད་འགན་འཁུར་མི་སྣའི་སྙན་ཞུ་དང་རིམས་འགོག་བྱ་ཐབས་དོན་འཁྱོལ་གནས་ཚུལ་ཞིབ་ཕྲ་གསན་རྗེས། ཁོང་གིས་རིམས་ནད་ནི་བཀའ་རྒྱ་དང་། རིམས་འགོག་ནི་འགན་འཁྲི་ཡིན་པས། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྨན་བཅོས་ཚན་པས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀའི་ཇུས་གཞིའི་བླང་བྱ་གཞིར་བཟུང་། གོམ་གང་མདུན་སྤོས་ཀྱིས་གྲལ་བཤེར་དང་། ལྟ་ཞིབ། ལོགས་དབྱེ། བཅོས་སྐྱོབ་སོགས་ཀྱི་ལས་ཀའི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ་དང་སྦྲགས། ངེད་གྲོང་ཁྱེར་དུ་རིགས་འདྲའི་ནད་དཔེ་མི་ཐོན་པའི་དམིགས་ཚད་མངོན་འགྱུར་ལ་འབད་དགོས་པའི་ནན་བཤད་གནང་།

ཕུར་བུ་དོན་གྲུབ་ཀྱིས་གྲོང་ཁྱེར་དངོས་ཟོག་གྲབས་གསོག་མཛོད་ཁང་དང་གྲོང་ཁྱེར་འཕེལ་སྒྱུར་ཨུད་དུ་ཕེབས་ཏེ། ས་ཡུལ་དངོས་སུ་སྨན་བཅོས་དངོས་ཟོག་དང་འཚོ་བའི་དངོས་ཟོག་གྲབས་གསོག་གནས་ཚུལ་ལ་རྒྱུས་མངའ་ཞིབ་ཕྲ་གནང་བ་རེད། ཁོང་གིས་འབྲེལ་ཡོད་ཚན་པས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་དགོས་མཁོ་བསྐོང་ཐུབ་རྒྱུར་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ཧུའེ་ཧའོ་སྒོ་རྩིས་ཁང་ནི་ལྷོ་ཁའི་མང་ཚོགས་ཀྱིས་རྣམ་ཀུན་མཁོ་ཆས་སྒྲུབ་ས་ཞིག་ཡིན་སྟབས། ཕུར་བུ་དོན་གྲུབ་ཀྱིས་སྟབས་བསྟུན་ངང་འདི་གར་ཕེབས་པ་དང་། ཁྲོམ་རའི་མཁོ་སྤྲོད་དང་མང་ཚོགས་ཀྱི་དགོས་མཁོའི་གནས་ཚུལ་ཤེས་རྟོགས་ཞིབ་ཚགས་གནང་རྗེས། འདི་གར་མཁོ་དངོས་སྒྲུབ་བཞིན་ཡོད་པའི་མང་ཚོགས་དང་མཛའ་བརྩེའི་བཀའ་མོལ་བརྒྱུད། ཟོག་གོང་གང་འདྲ་ཡོད་མེད་ཀྱི་གནས་ཚུལ་ལ་རྒྱུས་མངའ་གནང་བ་རེད།

ཁོང་གིས་སྒོ་རྩིས་ཁང་གི་འགན་འཁུར་མི་སྣར་མུ་མཐུད་ནས་མཁོ་སྤྲོད་ཀྱི་ལས་དོན་ཡག་པོ་སྒྲུབ་སྟེ། ཚོང་ཟོག་གི་རིན་གོང་བརྟན་པོ་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད། རིམས་འགོག་གི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་སྒོས། མང་ཚོགས་ཀྱི་མཁོ་ཟོག་སྒྲུབ་རྒྱུར་སྟབས་བདེ་དང་བདེ་འཇགས་སྐྲུན་དགོས་པའི་མངགས་བྱ་གནང་བ་རེད།

དེ་རྗེས། ཕུར་བུ་དོན་གྲུབ་ཀྱིས་ཤམ་ཆུའི་མགྲོན་ཁང་དང་། ལན་ཐཱན་ཚོང་དོན་མགྲོན་ཁང་། ལྷོ་ཁའི་མགྲོན་ཁང་བཅས་སུ་ཕེབས་ཏེ། ས་ཡུལ་དངོས་ནས་གནས་གཏན་འཁེལ་ཟིན་པའི་གསོ་རིག་ལྟ་ཞིབ་ཁང་གི་རིམས་འགོག་བྱ་ཐབས་དོན་འཁྱོལ་གནས་ཚུལ་ལ་གཟིགས་རྗེས། ཁོང་གིས་གནས་གཏན་འཁེལ་ཟིན་པའི་གསོ་རིག་ལྟ་ཞིབ་ཁང་ནི་རིམས་འགོག་ལས་དོན་ཁྲོད་ཀྱི་འགངས་ཆེའི་ལས་ཀ་ཞིག་རེད། ངེས་པར་དུ་གསོ་རིག་ལྟ་ཞིབ་བྱ་ཡུལ་མི་སྣའི་འཚོ་བའི་འགན་སྲུང་ལས་དོན་ཞིབ་ཚགས་སྒྲུབ་ཐོག ཁོང་ཚོའི་དངོས་ཡོད་དཀའ་ངལ་སེལ་རོགས་བྱས་ཏེ། འབྲེལ་ཡོད་ཀྱི་དུག་སེལ་དང་། ལུས་དྲོད་བརྟག་བཤེར་སོགས་དོན་འཁྱོལ་ཡག་པོ་སྒོས། སྔ་ཙམ་ནས་ནད་བརྟག་དང་། སྔ་ཙམ་ནས་སྙན་ཞུ། སྔ་ཙམ་ནས་སྨན་བཅོས་བཅས་ཡོང་རྒྱུར་འགན་སྲུང་བརྒྱུད། རིམས་འགོག་ཀྱི་སྲུང་རག་བཙན་པོ་འཛུགས་དགོས་པའི་ནན་བཤད་གནང་བ་རེད།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:专版
ཡར་ལྷ་ཤམ་པོའི་རྒྱུད་ཀྱི་དབུལ་སྒྲོལ་ཐུབ་པའི་མང་ཚོགས་
དབུལ་ཐར་འགག་སྒྲོལ།
བྱ་ཐབས་སྣ་ཚོགས་སྤྱད་དེ་རིམས་ནད་ སྔོན་འགོག་ཚོད་འཛིན་བྱས་པ།
རིམས་ནད་སྔོན་འགོག་ཚོད་འཛིན་དང་ཞིང་འབྲོག་ལས་གཉིས་ཀ་འཐུས་ཤོར་མི་འགྲོ་བ་བྱེད་པ།
ཕུར་བུ་དོན་གྲུབ་ཀྱིས་རྩེད་ཐང་གྲོང་ཁུལ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་རྟོག་ཞིབ་གནང་བ།