第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ཡར་ལྷ་ཤམ་པོའི་རྒྱུད་ཀྱི་དབུལ་སྒྲོལ་ཐུབ་པའི་མང་ཚོགས་
དབུལ་ཐར་འགག་སྒྲོལ།
བྱ་ཐབས་སྣ་ཚོགས་སྤྱད་དེ་རིམས་ནད་ སྔོན་འགོག་ཚོད་འཛིན་བྱས་པ།
རིམས་ནད་སྔོན་འགོག་ཚོད་འཛིན་དང་ཞིང་འབྲོག་ལས་གཉིས་ཀ་འཐུས་ཤོར་མི་འགྲོ་བ་བྱེད་པ།
ཕུར་བུ་དོན་གྲུབ་ཀྱིས་རྩེད་ཐང་གྲོང་ཁུལ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་རྟོག་ཞིབ་གནང་བ།
| 山南网首页 |
2020年2月5日 星期
下一篇 4 放大 缩小 默认
ཡར་ལྷ་ཤམ་པོའི་རྒྱུད་ཀྱི་དབུལ་སྒྲོལ་ཐུབ་པའི་མང་ཚོགས་
 

དབུལ་སྒྲོལ་འགག་སྒྲོལ་ལས་དོན་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས། ལྷོ་ཁ་གྲོང་ཁྱེར་གྱིས་ཕུགས་ལ་ཕན་ཞིང་བརྟན་པའི་དབུལ་སྒྲོལ་ཐོན་ལས་རྣམ་གྲངས་འཕེལ་རྒྱས་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ། དབུལ་ཕོངས་མང་ཚོགས་དབུལ་སྒྲོལ་བརྟན་པོ་ཡོང་རྒྱུར་འགན་སྲུང་གང་ལེགས་བྱས་ཡོད་པ་རེད།

ཉེ་དུས། སྣེ་གདོང་ཆུས་མི་རིགས་ཀྱི་ཐེར་མ་ལག་ཤེས་བསླས་ཐག་ཆེད་ལས་མཉམ་ལས་ཁང་ནང་། འགན་འཁུར་བ་པ་སངས་ལས་མི་དང་མཉམ་དུ་དགའ་སྣང་ཆེན་པོས་གསར་དུ་ནང་འདྲེན་བྱས་པའི་ཚོང་རྟགས་གྲགས་ཅན་གྱི་སྣང་བརྙན་དང་། གྱོན་གོས་ཇུས་འགོད་འདིང་རྒྱུར་གྲོས་བསྡུར་བྱས་ཏེ། ཚོང་འབབ་སྔར་བས་བཟང་པོ་ཡོང་ཐབས་བྱེད་བཞིན་ཡོད་པ་རེད།

མཉམ་ལས་ཁང་འདིས་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་དུས་མཚུངས། ད་དུང་གྲོང་གསེབ་ཀྱི་ངལ་ནུས་ལྷག་མ་གནས་སྒྱུར་ལས་ཞུགས་ཐུབ་པར་བྱས་ཏེ། མང་ཚོགས་རྒྱུན་བསྲིངས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། དེ་གར་ཡུན་རིང་ལས་ཞུགས་བརྟན་པོ་ཐུབ་པའི་དབུལ་ཕོངས་དུད་ཁྱིམ་པད་མ་གཡུ་སྒྲོན་ལ་དེའི་ཐད་མྱོང་ཚོར་ཟབ་མོ་བྱུང་ཡོད།

མཉམ་ལས་ཁང་དུ་ལས་ཀ་བྱེད་བཞིན་ཡོད་པའི་ཟླ་བ་གཡང་འཛོམས་མ་གཞི་དབང་པོ་སྐྱོན་ཅན་ཡིན་རུང་། དབུལ་སྐྱོར་གནད་འཕིགས་སྲིད་ཇུས་ཀྱི་རོགས་རམ་འོག་ལས་ཞུགས་ཐུབ་ནས། ལག་རྩལ་ཁོང་དུ་ཆུད་པ་དང་། ད་ཆ་མཉམ་ལས་ཁང་ནང་དགེ་ཕྲུག་ཀྱང་ཁྲིད་ཀྱི་ཡོད་པ་རེད།

དབུལ་སྒྲོལ་འགག་སྒྲོལ་བྱེད་སྐབས་གཞན་ལ་བརྟེན་དགོས་ལ། དེ་བས་ཀྱང་རང་སོ་སོར་བརྟེན་དགོས། དབུལ་ཕོངས་མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི་ལས་དོན་སྤེལ་ནས། ས་ཆ་བརྒྱུད་བཤུག་དང་། ལས་གནས་མཁོ་འདོན་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས། མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་རོགས་སྐྱོར་བྱས་པ་རེད། ཉེ་བའི་དུས་ཚོད་ནང་། གྲ་ནང་རྫོང་རྔ་སྒྲ་ཤང་གི་བོད་རྩྭ་མུའུ་ཁྲི་ཡི་རྩི་ཤིང་སོན་མྱུག་གསོ་སྤེལ་རྟེན་གཞིས་ལས་མི་ཚོར་གླ་ཆ་སྤྲོད་བཞིན་ཡོད་པ་དང་། གྲམ་མདའ་གྲོང་ཚོའི་གྲོང་མི་ཟླ་བ་ཚེ་རིང་གིས་གླ་ཆ་རྩིས་རྒྱག་གིན་དུ། དགའ་བའི་འཛུམ་མདངས་འཕྱུར་བཞིན་ཡོད་པ་རེད།

རྟེན་གཞི་འདི་ཀྲུང་གོ་རྡོ་ཐའི་དམིགས་འཛུགས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཤིག་ཡིན་པའི་ངོས་ནས། ཡུལ་དེའི་དབུལ་ཕོངས་དུད་ཁྱིམ་དང་སློབ་གྲྭ་ཆེ་མོ་བ་གང་མང་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པར་བྱས་པར་མ་ཟད། མང་ཚོགས་ཚོར་ཤིང་སོན་འདེབས་འཛུགས་སོགས་རྩལ་ནུས་སྦྱོར་བརྡར་བྱས་པ་རེད།

ཉེ་ལམ་ལོ་ཤས་ནང་། ལྷོ་ཁ་གྲོང་ཁྱེར་གྱིས་ཁག་གཅིག་བྱས་པ་ལྔ་དང་གནད་འཕིགས་དྲུག་གི་བྱེད་ཐབས་དོན་འཁྱོལ་ཧུར་ཐག་བྱས་ཏེ། འབབ་འཕར་གྱི་འགག་གནད་སྒྲོལ་ས་བཙལ་ནས། དབུལ་སྒྲོལ་གྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཡོད། ལྔ་བཅུ་གསུམ་རིང་ཐོན་ལས་ཀྱི་དབུལ་སྐྱོར་རྣམ་གྲངས་ཆེ་རིགས་དྲུག་ལག་བསྟར་བྱས་ནས། ཁྱོན་རྣམ་གྲངས་༢༡༤ལས་འགོ་བཙུགས་པ་དང་། རྣམ་གྲངས་༡༥༩ལས་མཇུག་སྒྲིལ་ནས། མི་ཁྲི་གཉིས་དང་བདུན་སྟོང་ལྷག་ལ་ཕན་པ་ཐོབ་ཡོད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:专版
ཡར་ལྷ་ཤམ་པོའི་རྒྱུད་ཀྱི་དབུལ་སྒྲོལ་ཐུབ་པའི་མང་ཚོགས་
དབུལ་ཐར་འགག་སྒྲོལ།
བྱ་ཐབས་སྣ་ཚོགས་སྤྱད་དེ་རིམས་ནད་ སྔོན་འགོག་ཚོད་འཛིན་བྱས་པ།
རིམས་ནད་སྔོན་འགོག་ཚོད་འཛིན་དང་ཞིང་འབྲོག་ལས་གཉིས་ཀ་འཐུས་ཤོར་མི་འགྲོ་བ་བྱེད་པ།
ཕུར་བུ་དོན་གྲུབ་ཀྱིས་རྩེད་ཐང་གྲོང་ཁུལ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་རྟོག་ཞིབ་གནང་བ།