第04版:社会聚焦 上一版3
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ཡིག་རྒྱུགས་གསུམ་གཏོང་རིང་རྒྱ་ཆེའི་སློབ་ཕྲུག་ཚོས་བཟའ་འཐུང་ཐད་ ཡིད་གཟབ་བྱེད་དགོས་ལུགས་བསྟན་འདུག
འདེབས་འཛུགས་གཞི་རྒྱ་ཅན་དུ་བཏང་སྟེ་ ཐོན་ལས་དམངས་ཕྱུག་མངོན་དུ་གྱུར་
དོམ་ཁྲ་ས་མཐོའི་གྲོང་ཁྱེར་ཟི་ལིང་དུ་འབྱོར་བ་ཐོག་མ་ཡིན་པ།
2019ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ཡོངས་བསྒྲགས་རྒྱུགས་བསྡུའི་སྐོར་གྱི་
| 山南网首页 |
2019年6月7日 星期
3 上一篇 放大 缩小 默认
2019ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ཡོངས་བསྒྲགས་རྒྱུགས་བསྡུའི་སྐོར་གྱི་
 

བོད་ལྗོངས་ཉིན་རེའི་ཚགས་པར་སྨྱན་སྦྱོར་འཕྲིན་སྟེགས་ཐོག་གནས་ཚུལ་སྤེལ་གསལ། ཟླ་6ཚེས་5ཉིན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་བཟུང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བྱ་ཐབས་སྣ་མང་སྤྱད་དེ་ཆེད་མངགས་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ལས་གནས་བཀོད་སྒྲིག་བྱས་ཤིང་། ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས།2019ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ཡོངས་བསྒྲགས་རྒྱུགས་བསྡུའི་སྐོར་གྱི་འབྲེལ་ཡོད་ཆ་འཕྲིན་གསར་ཤོས་སྤྱི་བསྒྲགས་བྱས་འདུག

སྤྱི་བསྒྲགས་ནང་གསལ་དོན། གཅིག་ནས་2019ལོའི་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་གཞུང་ལས་པར(ལས་དོན་མི་སྣ)བསྡུ་བའི་ཡོངས་བསྒྲགས་རྒྱུགས་བསྡུ་ཁག་དང་པོའི་སྐར་གྲངས་དང་ཚད་ལོན་མི་སྣའི་མིང་ཐོ་2019ལོའི་ཟླ་5ཚེས་17ཉིན་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་དྲ་ཚིགས་ཐོག་ཡོངས་བསྒྲགས་བྱས་པ་དང་། མངགས་གཏོང་གི་ལས་དོན་དུས་ཐོག་ཏུ་སྤེལ་མཁན་ཡིན་པས་རྒྱུགས་སྤྲོད་སློབ་མས་དྲ་ཐོག་གི་བརྡ་ཐོར་དོ་སྣང་བྱེད་དགོས་པ་དང་། གཉིས་ནས་2019ལོར་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ཡོངས་བསྒྲགས་སློབ་བསྡུ་ཁག་གཉིས་པའི་ལས་དོན་སྤེལ་ནས། བྱ་གཞག་ཚན་པའི་ལས་དོན་མི་སྣ་3000ཡས་མས་བསྡུ་རྩིས་ཡོད་པ་དང་། ཡོངས་བསྒྲགས་རྒྱུགས་སྤྲོད་ཀྱི་སྤྱི་བསྒྲགས་ཉེ་དུས་ཁྱབ་བསྒྲགས་བྱེད་མཁན་ཡིན། ཡོངས་བསྒྲགས་སློབ་བསྡུ་ཁག་གཉིས་པ་རྒྱུགས་ཐེངས་གཉིས་ལ་དབྱེ་ནས། རྒྱུགས་ཐེངས་དང་པོ་ཟླ་6པའི་ཟླ་མཇུག་ཏུ་བཀོད་སྒྲིག་བྱས་ཏེ་སློབ་མ་2000ཙམ་བསྡུ་རྩིས་ཡོད་ཅིང་། གཙོ་བོ་དགེ་འོས་རིགས་ཀྱི་ལས་གནས་བསྡུ་རྒྱུ་དང་། རྒྱུགས་ཐེངས་གཉིས་པ་ཟླ་7པའི་ཟླ་དཀྱིལ་དུ་བཀོད་སྒྲིག་བྱས་ནས་མི་1000ཡས་མས་བསྡུ་རྩིས་ཡོད་ཅིང་། གཙོ་བོ་གཞི་རིམ་བྱ་གཞག་ཚན་པའི་ལས་གནས་བསྡུ་ཡི་ཡིན་པ། གསུམ་ནས་2019ལོར་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ཡོངས་བསྒྲགས་རྒྱུགས་བསྡུ་ཁག་གསུམ་པའི་ལས་དོན་སྤེལ་ནས། ཐེམ་ཁུངས་བོད་ནས་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ཁྲོད་ནས་ལྗོངས་ཕྱིར་གཞུང་ལས་པ་300ཡས་མས་བསྡུ་རྩིས་ཡོད་པ་དང་། ཡིག་རྒྱུགས་ཟླ་8པར་བཀོད་སྒྲིག་བྱེད་མཁན་ཡིན་པ། བཞི་ནས་2019ལོར་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ཡོངས་བསྒྲགས་རྒྱུགས་བསྡུ་ཁག་བཞི་པའི་ལས་དོན་སྤེལ་ནས། བྱ་གཞག་ཚན་པའི་ལས་དོན་མི་སྣ་1000ཙམ(དགེ་འོས་རིགས་ཀྱི་ལས་གནས་600ཙམ་དང་བྱ་གཞག་ཚན་པའི་ལས་གནས་400ཙམ)བསྡུ་རྒྱུ་དང་། ཟླ་10པར་ཡིག་རྒྱུགས་བཀོད་སྒྲིག་བྱེད་མཁན་ཡིན་པ། ལྔ་ནས་2019ལོར་ལས་ཞུགས་བོད་སྐྱོར་གྱི་བྱ་ཐབས་ལ་བརྟེན་ནས་ལྗོངས་ཕྱིའི་བྱ་གཞག་ཚན་པར་ཡོངས་བསྒྲགས་སློབ་བསྡུའི་ལས་དོན་མུ་མཐུད་སྤེལ་ནས་ལས་གནས་ཁྱོན་400ལས་མི་ཉུང་བ་མཁོ་འདོན་བྱེད་མཁན་ཡིན་པ་བཅས་རེད།

སྤྱི་བསྒྲགས་ནང་བསྟན་དོན།མཐོ་སློབ་སློབ་ཐོན་སློབ་མས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལས་ཞུགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་ཧུར་ཐག་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ལས་ཀར་ཞུགས་སྟངས་འདེམས་པ། ཐབས་ལམ་མི་འདྲ་བར་བརྟེན་ནས་བྱས་རྗེས་འཇོག་པ་དང་རང་གི་རིན་ཐང་མངོན་པ། རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བཅས་བྱེད་དགོས་པའི་རེ་བ་ཡོད་པ་བསྟན་འདུག

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:社会聚焦
ཡིག་རྒྱུགས་གསུམ་གཏོང་རིང་རྒྱ་ཆེའི་སློབ་ཕྲུག་ཚོས་བཟའ་འཐུང་ཐད་ ཡིད་གཟབ་བྱེད་དགོས་ལུགས་བསྟན་འདུག
འདེབས་འཛུགས་གཞི་རྒྱ་ཅན་དུ་བཏང་སྟེ་ ཐོན་ལས་དམངས་ཕྱུག་མངོན་དུ་གྱུར་
དོམ་ཁྲ་ས་མཐོའི་གྲོང་ཁྱེར་ཟི་ལིང་དུ་འབྱོར་བ་ཐོག་མ་ཡིན་པ།
2019ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ཡོངས་བསྒྲགས་རྒྱུགས་བསྡུའི་སྐོར་གྱི་