(པར་ངོས་དང་པོར་མཐུད) སྐབས་དགུ་པའི་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་94པའི་དགོངས་དོན།ལྗོངས་ཡོངས་ཀྱི་2018ལོའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་ཕན་འབྲས་དཔྱད་ཞིབ་ཐད་གནས་པའི་མངོན་གསལ་དོད་པའི་གནད་དོན་ཡོད་པའི་ཚན་པ་དང་གྲོས་མོལ་བྱས་ཚུལ་སྐོར་གྱི་བརྡ་ཁྱབ་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་།ངེད་གྲོང་ཁྱེར་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་གནང་བ་རེད།
ཚོགས་འདུས་ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་ལྷོ་ཁ་གྲོང་ཁྱེར་གྱི་བྱ་ཐབས་དོན་ཚན་ཉི་ཤུ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱས་པ་རེད།
ཚོགས་འདུས་རྫོང་ངམ་ཆུས་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དམར་དམག་རྒྱང་སྐྱོད་བྱེད་རིང་ཡུས་ཏུའུ་རྫོང་དུ་རྟོག་ཞིབ་གནང་སྐབས་ཀྱི་དོན་སྙིང་གལ་ཆེན་དང་ཆབ་སྲིད་ཀྱི་ནང་དོན་ལ་གོ་བ་གཏིང་ཟབ་བླངས་ནས་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་།དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ།དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ་དང་འཐབ་རྩོད་བྱེད་ཕོད་པ་བཅས་བྱས་ནས་ཏང་གི་འགན་འཁྲི་གཙང་སྒྲུབ་དང་དམངས་ལ་བདེ་སྐྱིད་བསྐྲུན་དགོས།སྤྱི་ཁྱབ་ཧྲུའུ་ཅི་ཡིས་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ལས་ཀའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་།གསུང་བཤད་ཀྱི་བླང་བྱ་ཁོང་དུ་ཡང་དག་ཆུད་པ།འཕེལ་རྒྱས་ཀྱི་བྱེད་ཐབས་ཞིབ་ཚགས་དོན་འཁྱོལ་བཅས་བྱས་ཏེ་ངེད་གྲོང་ཁྱེར་གྱི་གཙང་པོའི་དབུས་རྒྱུད་ས་ཁུལ་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།སྤྱི་ཁྱབ་ཧྲུའུ་ཅིས་ཅང་ཤིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ།ཁྲོམ་ར་ཅན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་།ཆེས་ཐད་ཀ་དང་ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་ཡག་པོ་བྱེད་པ།ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་།བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
ཚོགས་འདུས།རིམ་ཁག་ཏང་རྩ་འཛུགས་དང་སྒྲིག་བཤེར་ལྟ་བཤེར་ཚན་པས་སློབ་སྦྱོང་ནན་ཏན་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒོ་ཀུན་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་རྒྱུན་ཨུ་ཝང་གཡུང་ཅུན་གྱིས་ལྗོངས་ཡོངས་ཀྱི་འགན་འཁྲི་གཉིས་ཀྱི་གསོ་སྦྱོང་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཏེ་འགན་འཁྲི་གཉིས་ཀྱི་ཞིབ་ཕྲའི་ནང་དོན་དང་ལས་ཀའི་བླང་བྱ་ཁོང་དུ་ཡང་དག་ཆུད་པ་དང་།ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ།བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ།འགན་འཁྲིའི་ས་ཞིང་ཏན་ཏིག་ངང་ཡག་པོ་འདེབས་དགོས།བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་འབྲེལ་མཐུད་དང་མཐའ་གཅིག་ཏུ་དམ་འཛིན་བྱས་ཏེ་ཕན་ཚུན་གཞོགས་འདེགས་དང་ཕན་ཚུན་སྐུལ་འདེད་བཏང་སྟེ་ཏང་ལ་དོ་དམ་དང་ཏང་སྐྱོང་རྒྱུ་གཅིག་གྱུར་དང་མཉམ་ཤུགས་གཅིག་སྒྲིལ་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
ཚོགས་འདུས།རྫོང་ངམ་ཆུས་དང་།ཚན་པ་ཁག་གིས་ལྗོངས་ཡོངས་ཀྱི་2018ལོའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་ཕན་འབྲས་དཔྱད་ཞིབ་ཐད་མངོན་གསལ་དོད་པའི་གནད་དོན་ཡོད་པའི་ཚན་པར་ཁ་ཆད་གླེང་མོལ་བྱས་པའི་གནས་ཚུལ་བརྡ་ཁྱབ་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་གཏོང་བ་དང་། བསླབ་བྱ་དང་ལེན་བྱེད་པ། གཅིག་ཤེས་ཀུན་གྲོལ་བྱེད་པ།དག་ཐེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་ཏན་ཏིག་སྒྲུབ་དགོས།གཞི་རིམ་དུ་བསྐྱོད་དེ་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་སྨན་བཅོས་འགན་ལེན་དང་ཉེན་ཁང་སྒྱུར་བཀོད་སོགས་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱེད་དགོས། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་འབབ་འཕར་གྱི་བྱ་ཐབས་ཁག་དོན་འཁྱོལ་བྱས་ཏེ་ཞིང་འབྲོག་མང་ཚོགས་རྒྱུན་མཐུད་བརྟན་པོའི་ངང་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོ་བའི་དབུལ་སྒྲོལ་ཐུབ་པ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་དང་། ལྟ་སྐུལ་ཞིབ་བཤེར་དང་ལྡོག་འདྲེན་གནད་དོན་རིགས་ཁག་གི་དག་ཐེར་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་ཕྱོགས་ཡོངས་དང་།གནད་འཁེལ།ཚན་རིག་བཅས་ཀྱི་སྒོ་ནས་དག་ཐེར་ནན་ཏན་བྱས་ཏེ་རྩིས་ཐོའི་རྣམ་པའི་དབུལ་སྒྲོལ་དང་ཟོལ་བཅོས་རྣམ་པའི་དབུལ་སྒྲོལ་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།