འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་དུས།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།གྲོང་སྤྱི་ཕུར་བུ་དོན་གྲུབ་ཀྱིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་51པ་གཙོ་སྐྱོང་གནང་སྟེ་ལྗོངས་ཡོངས་ཀྱི་2018ལོའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཕན་འབྲས་དཔྱད་ཞིབ་ཐད་མངོན་གསལ་དོད་པའི་གནད་དོན་ཡོད་པའི་ཚན་པར་ཁ་ཆད་གླེང་མོལ་བྱས་ཚུལ་སྐོར་གྱི་བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་བརྡ་ཁྱབ་བརྒྱུད་བསྒྲགས་སློབ་སྦྱོང་དང་།གྲོང་ཁྱེར་ཡོངས་ཀྱི་ཉེ་བའི་ལོ་ཤས་ཚུན་དབུལ་སྒྲོལ་འགག་སྒྲོལ་རྩིས་བཤེར་ཁྲོད་ལྷག་པའི་གནད་དོན་བཅོས་སྒྲིག་གནས་ཚུལ་སྙན་ཞུ་ཞུས་པ་དང་།ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད།
གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་ཝང་ཡའུ་ཧྭ།ཁྲེན་ཀྲེང་ཞང་།སླེའོ་ལེང་ཧུའེ།ཧྥང་ཤུད།ཀྲང་ཧྥུ་ཁྲེན།བསོད་ནམས་ཆོས་པ།མུའུ་ཡུང་ཝེན།འཇམ་དགའ།ཏེང་ཆོན་བཅས་ཚོགས་འདུར་ཞུགས།
ཕུར་བུ་དོན་གྲུབ་ཀྱིས་བཅོས་སྒྲིག་ལ་ (པར་ངོས་གསུམ་པར་གཟིགས)