第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་
རྟེན་འབྲེལ་ཞུ་བའི་བྱེད་སྒོའི་མཚོན་རྟགས་ཡོངས་བསྒྲགས་བྱས་པ།
རེ་བའི་ས་བོན།
དམངས་གཙོའི་བཅོས་སྒྱུར་བྱས་ནས་
ལོ་དྲུག་ཅུའི་རིང་ངེད་གྲོང་ཁྱེར་གྱིས་
རྒྱུགས་ཤོག་ཡག་པོ་ཞིག་ཕུལ་བ།
ཞུས་ཁྲེང་ཚང་གིས་གྲོང་ཨུད་རྒྱུན་ཨུད་རྒྱ་ཆེའི་ ཚོགས་འདུ་གཙོ་སྐྱོང་སྐོང་འཚོགས་གནང་བ།
ཕུར་བུ་དོན་གྲུབ་ཀྱིས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་51གཙོ་སྐྱོང་སྐོང་འཚོགས་གནང་བ།
| 山南网首页 |
2019年6月7日 星期
下一篇 4 放大 缩小 默认
རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་
རྟེན་འབྲེལ་ཞུ་བའི་བྱེད་སྒོའི་མཚོན་རྟགས་ཡོངས་བསྒྲགས་བྱས་པ།
 

མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་མཚོན་རྟགས་ཡོངས་བསྒྲགས་བྱས་པ་རེད།

བྱེད་སྒོའི་མཚོན་རྟགས་ནི་ཨང་ཀི“70”དང་རྒྱལ་ཁབ་ཀྱི་གཟུགས་བརྙན་མཚོན་པའི་རྒྱལ་རྟགས་དང་སྐར་ལྔ་དང་དེ་བཞིན་གནམ་བདེ་སྒོ་མོ་འཆར་འགོད་ཀྱི་གཞི་རྒྱུ་གཙོ་བོར་བྱས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ་རེད། བྱེད་སྒོའི་མཚོན་རྟགས་ཁྲོད་ཀྱི“70”དེ་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་པ་ཕྱེ་བའི་མཐོང་ཚོར་གྱི་ནུས་པ་ཐོན་རྒྱུའི་འཆར་འགོད་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་གི་རྣམ་པ་གསར་རྐྱང་མངོན་གསལ་དོད་པ་དང་། དེ་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། ཀྲུང་ཧྭ་མི་རིགས་ཀྱིས་འབད་འབུངས་ལྷོད་མེད་ངང་ལེའུ་གསར་པ་བརྩམས་པ་མཚོན་གྱི་ཡོད། “7”ཡི་བཟོ་དབྱིབས་དེ་དུས་ཆེན་གྱི་དར་ཚོན་དང་འདྲ་བར་གཡོ་བ་ལྟ་བུའི་ནུས་པ་ཐོན་པ་དང་མངོན་གསལ་དོད་པའི་གསེར་མདོག་ལངས་གཟུགས་ཀྱི་རྒྱལ་རྟགས་དང་སྐར་ལྔ། དེ་བཞིན་གནམ་བདེ་སྒོ་མོ་འཁོད་པའི་སྒོར་དབྱིབས་དེ་ལས་འགུལ་བ་དང་འགུལ་མེད་ཀྱི་རྣམ་པ་གྲུབ་ནས་དེས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཟབ་མོ་མཚོན་པ་མ་ཟད་དུས་ཆེན་གལ་ཆེན་གྱི་དགའ་སྟོན་རྣམ་པ་ཡང་མཚོན་གྱི་ཡོད་པ་རེད།

བྱེད་སྒོའི་མཚོན་རྟགས་དེ་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ཁོར་ཡུག་བཀོད་སྒྲིག་དང་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་བྱེད་སྒོའི་མཁོ་ཆས་བཟོ་བའི་ནང་རྒྱ་ཁྱབ་སྤྱོད་ཆོག་གི་ཡོད་པ་རེད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:社会聚焦
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་
རྟེན་འབྲེལ་ཞུ་བའི་བྱེད་སྒོའི་མཚོན་རྟགས་ཡོངས་བསྒྲགས་བྱས་པ།
རེ་བའི་ས་བོན།
དམངས་གཙོའི་བཅོས་སྒྱུར་བྱས་ནས་
ལོ་དྲུག་ཅུའི་རིང་ངེད་གྲོང་ཁྱེར་གྱིས་
རྒྱུགས་ཤོག་ཡག་པོ་ཞིག་ཕུལ་བ།
ཞུས་ཁྲེང་ཚང་གིས་གྲོང་ཨུད་རྒྱུན་ཨུད་རྒྱ་ཆེའི་ ཚོགས་འདུ་གཙོ་སྐྱོང་སྐོང་འཚོགས་གནང་བ།
ཕུར་བུ་དོན་གྲུབ་ཀྱིས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་51གཙོ་སྐྱོང་སྐོང་འཚོགས་གནང་བ།