第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2019年5月6日 星期
3 上一篇 放大 缩小 默认
བོད་རྙིང་པའི“ཕྲུ་གུ་བདག་མེད”བོད་གསར་པའི“དགེ་རྒན་ཆུང་ཆུང”ལ་གྱུར་པ།
ཡར་ལངས་ཞིང་བྲན་གོང་དཀར་རྫོང་སླེའུ་ཆུང་གྲོང་ཚོའི་གྲོང་མི་རིག་འཛིན་ཆོས་སྒྲོན་གྱི་སྐོར་བཀོད་པ།
 

མི་སྣའི་རྒྱབ་ལྗོངས།

རིག་འཛིན་ཆོས་སྒྲོན། མོ། 1949ལོའི་ཟླ་4པར་སྐྱེས། ད་ལོ་ལོ་70སླེབས་པ་དང་། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་སླེའུ་ཆུང་གྲོང་ཚོའི་གྲོང་མི་ཡིན།

བོད་དུ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་དུ་རིག་འཛིན་ཆོས་སྒྲོན་གྱི་ཕ་མ་གཉིས་འཕྲེང་མགོ་གཞིས་ཀའི་ཁྲལ་པ་ཡིན། ལོ་གཅིག་ལ་སླེབས་སྐབས་རིག་འཛིན་ཆོས་སྒྲོན་སྲུ་མོ་བློ་བཟང་ཆོས་སྒྲོན་གྱི་ཁྱིམ་དུ་བཅོལ་བ་དང་། ཆེན་པོ་ཆགས་རྗེས་སྲུ་མོ་དང་མཉམ་དུ་རྡོ་རྗེ་བྲག་དགོན་པའི་མངའ་འོག་གི་མཆོད་ཁང་གི་དགེ་འདུན་པའི་གཡོག་མོ་བྱས།

བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་རིག་འཛིན་ཆོས་སྒྲོན་ལ་མི་ལུས་རང་དབང་ཐོབ་ནས་ས་ཞིང་དང་ནོར་ལུག་བགོ་བཤའ་ཐོབ་པ་དང་། སློབ་གྲྭར་ལོ་5བསྐྱོད་པ་དང་དགེ་རྒན་ལོ་6བྱས་པ་མ་ཟད། ད་དུང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་ནས་གྲོང་ཚོའི་ལས་བྱེད་པར་གྱུར་བ་དང་། ད་ཆ་ཡང་སླེའུ་ཆུང་གྲོང་ཚོའི་གྲོང་དོན་ལྟ་སྐུལ་པའི་འགན་འཁུར་བཞིན་ཡོད། རྒན་མོ་ཁོང་ལ་ཕྲུ་གུ་དྲུག་ཡོད་པ་ལས་ཆུང་ཤོས་བུ་མོ་ཚེ་བརྟན་སྒྲོལ་དཀར་དང་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད།

དཔྱིད་ཟླ་བཞི་པའི་བསིལ་རླུང་དེ་འཇམ་ཞིང་སྲབ་པའི་དར་གོས་ཤིག་དང་འདྲ་བར་རྒྱ་ལྕང་གི་རྩེ་མོ་བརྒྱུད་ཡར་ཀླུང་གཙང་པོའི་རབ་ཁ་བརྒལ་ནས་གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་སླེའུ་ཆུང་གྲོང་ཚོར་འཕྱོ།

སླེའུ་ཆུང་གྲོང་ཚོའི་ལོ་རྒན་བདུན་ཅུར་སོན་པའི་རིག་འཛིན་ཆོས་སྒྲོན་གཟུགས་པོ་ཐང་ལ་གྲུང་ཤ་དོད་པ་མ་ཟད། རིག་པ་ཡང་གསལ་པོ་འདུག ཉིན་དགུང་ཡོལ་རྗེས་ཉི་འོད་རབ་ཏུ་འཚེར་བ་དང་། གྲོང་དོན་ལྟ་སྐུལ་པ་ཡིན་པའི་ངོས་ནས་ཁོང་གྲོང་ཚོ་ཨུ་ལྷན་དུ་ཡོང་སྟེ། དཔྱིད་དུས་ཀྱི་ལྕང་མ་འཛུགས་རྒྱུའི་སྐོར་གྱི་གྲོང་ཚོའི་གྲོས་བསྡུར་ནང་ཞུགས།

གྲོས་བསྡུར་བྱས་ཟིན་རྗེས་རྒན་མོས་གསར་འགོད་པ་དང་ཅི་འཕྲོས་མོལ་འཕྲོས་བཤད་ནས་བསྡད། “བོད་དུ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་དུ་ཞིང་བྲན་རྣམས་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་པོ་མི་དྲོས་པ་མ་ཟད། ཉིན་གང་སྡུག་ལས་ཁོ་ན་བྱས་ནས་སྡོད་དགོས་པས། ད་ཆ་ནང་བཞིན་ལྟོ་གོས་ལ་སེམས་ཁྲལ་མེད་པར་རང་ཁྱིམ་རང་བདག་ཡོད་པ་མ་ཟད། ཚང་མར་གྲོང་ཚོ་མཉམ་སྡེབ་ཀྱི་བྱེད་སྒོའི་ནང་ཞུགས་པའི་དབང་ཆ་ག་ལ་ཡོད”ཅེས་རྒན་མོ་རིག་འཛིན་ཆོས་སྒྲོན་གྱིས་བཤད།

རིག་འཛིན་ཆོས་སྒྲོན་འཕྲེང་མགོ་གཞིས་ཀའི་ཁྲལ་པའི་ཁྱིམ་དུད་ཅིག་ཏུ་སྐྱེས་པ་དང་གཅེན་གཅུང་རྒན་གཞོན་གསུམ་ཡོད། ཁྱིམ་ཚང་དབུལ་བས་ཁོ་ཚོ་གཅེན་གཅུང་གསུམ་འོ་ཐག་ཆོད་མ་ཐག་ཕ་མ་གཉིས་ཀྱིས་སྤུན་མཆེད་དུད་ཚང་གསུམ་ལ་བཅོལ། “ང་རང་ཆུང་དུས་ནས་སྲུ་མོ་བློ་བཟང་ཆོས་སྒྲོན་དང་མཉམ་དུ་འཚོ་བ་སྐྱེལ་གྱི་ཡོད་པ་དང་། མ་རྒན་ལོ་རྩ་ལྔར་གྲོངས་པས་ངས་ཁོང་ཐེངས་མང་པོ་མཐོང་མྱོང་མེད་ལ། ཕ་རྒན་ཡང་སྐབས་འགར་ (པར་ངོས་གསུམ་པར་གཟིགས)

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:公益广告
ཞུས་ཁྲེང་ཚང་གིས་སྣ་དཀར་རྩེ་རྫོང་དུ་རྟོག་ཞིབ་གནང་བ།
ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་བཏང་ནས་རང་རྟེན་ནུས་པ་ཆེ་རུ་གཏོང་བ།
ལྔ་གཅིག་ངལ་རྩོལ་དུས་ཆེན་སྐབས་སུ་ཨར་ལས་ལས་ཡུལ་དུ་རིག་རྩལ་དང་ཤེས་བྱ་སྐྱེལ་བ།
བོད་རྙིང་པའི“ཕྲུ་གུ་བདག་མེད”བོད་གསར་པའི“དགེ་རྒན་ཆུང་ཆུང”ལ་གྱུར་པ།