འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་དུས།རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ།གྲོང་ཨུད་ཧྲུའུ་ཅི་ཞུས་ཁྲེང་ཚང་གིས་གོང་དཀར་དང་གྲ་ནང་།འཕྱོངས་རྒྱས།སྣེ་གདོང་བཅས་ཀྱི་གྲོང་ཚོ་དང་དགོན་སྡེ།ཁེ་ལས།ཞིང་ནང་མུ་ཁ་བཅས་སུ་རྟོག་ཞིབ་གནང་བ་དང་།ས་བབ་མཐོ་ཤོས་ཀྱི་སྐྱེ་ཁམས་གནས་སྤོ་དང་།དབུལ་སྒྲོལ་འགག་སྒྲོལ།ཆོས་དོན་དོ་དམ།ཞིང་འབྲོག་ལས་ཐོན་སྐྱེད་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་ཤེས་རྟོགས་གནང་བ་རེད།
གྲོང་ཨུད་རྒྱུན་ཨུ།དྲུང་ཆེ་ཧོ་ཕེ་ཡིས་རྟོག་ཞིབ་རིང་ཕེབས་རོགས་ཞུས།
སྲིན་པོ་རིའི་ས་བབ་མཐོ་ཤོས་ཀྱི་སྣོད་བཅུད་གནས་སྤོའི་ཚོད་ལྟའི་ལས་དོན་ནི་ཞུས་ཁྲེང་ཚང་གིས་དོ་ཁུར་ཆེ་ཤོས་བྱེད་པའི་གཙོ་གནད་ལས་དོན་ཞིག་ཡིན།སྤྱི་ཚེས་24ཉིན།ཞུས་ཁྲེང་ཚང་གིས་སླར་ཡང་སྣོད་བཅུད་གནས་སྤོའི་ས་ཚིགས་སུ་ཕེབས་ཏེ་ལས་དོན་ཁག་གི་སྐུལ་འདེད་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་།ཁོང་གིས་གནས་སྤོས་ས་ཚིགས་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་འཆར་འགོད་དང་ལག་བསྟར་བྱས་ཚུལ་གྱི་སྙན་ཞུ་ཞིབ་ཕྲ་གསན་པ་དང་།སྲིན་པོ་རི་ལམ་རྒྱུད་འཛུགས་སྐྲུན་འཆར་འགོད་ལམ་ཐིག་བརྒྱུད་རྣམ་གྲངས་དང་ཐོན་ལས་འཛུགས་སྐྲུན་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། སྲིན་པོ་རི་ས་བབ་མཐོ་ཤོས་ཀྱི་སྣོད་བཅུད་གནས་སྤོའི་ཚོད་ལྟའི་ལས་དོན་ལག་བསྟར་བྱ་རྒྱུ་ནི་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ་དང་།བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་སོགས་མཆན་འགོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་པ་དང་།ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་འབྲེལ་བ་ཡོད་པ།མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་པ།ལྷོ་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་བཅས་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་།ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷས་ཐུགས་ཁུར་ཆེན་པོ་གནང་གི་ཡོད་ལ་ཚོགས་འདུ་ཐེངས་མང་འཚོགས་ནས་བཀོད་སྒྲིག་གནང་ཡོད་ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་མཛུབ་ཁྲིད་དང་།ས་གནས་ས་ཐོག་ཏུ་ལས་དོན་སྒྲུབ་པ།ཆེད་དོན་སྐུལ་སྤེལ་བཅས་ཐེངས་མང་གནང་ཡོད།གྲོང་ཁྱེར་ཡོངས་ཀྱི་རྫོང་ངམ་ཆུས་དང་།ཚན་པ་ཁག་གི་འབྲེལ་ཡོད་རྫོང་དང་ཚན་པ་ཁག་གིས་སྔར་བས་བསམ་བློའི་ངོས་འཛིན་ལ་ཤུགས་སྣོན་དང་། (པར་ངོས་གསུམ་པར་གཟིགས)