第04版:生活常识 上一版3
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
གན་རྒྱ་འཇོག་དུས་རྩ་དོན་གང་དག་ལ་ བརྩི་སྲུང་ཞུ་དགོས་སམ།
གཅིན་རྒྱུའི་ལུད་བདེན་རྫུན་དབྱེ་བ་འབྱེད་ཐབས།
ས་འོག་རླངས་འཁོར་འཇོག་སར་མེ་སྐྱོན་ཐོན་སྐབས་གང་འདྲ་བྱེད་དགོས་སམ།
ཤང་གྲོང་དར་རྒྱས་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་དགོས་།
ནང་འདྲེན་ཁྱིམ་སྤྱོད་གློག་ཆས་རྫུན་མ་ ཡིན་མིན་དབྱེ་བ་འབྱེད་ཐབས།
| 山南网首页 |
2019年4月29日 星期
3 上一篇  下一篇 4 放大 缩小 默认
གཅིན་རྒྱུའི་ལུད་བདེན་རྫུན་དབྱེ་བ་འབྱེད་ཐབས།
 

མིག་སྔར་ཁྲོམ་རའི་ཐོག་ཉོ་ཚོང་བྱེད་པའི་གཅིན་རྒྱུའི་ལུད་མང་ཆེ་བ་ངོ་མ་ཡིན་ཀྱང་གཅིན་རྒྱུའི་ལུད་ཁག་གཅིག་ངོ་འགྱུར་རྫུན་མ་ཡིན། རྒྱ་ཆེའི་སོ་ནམ་པ་ཚོ་མགོ་སྐོར་མི་ཐེབས་པའི་ཆེད་དུ་གཤམ་གསལ་གཅིན་རྒྱུའི་ལུད་ཀྱི་བདེན་རྫུན་དབྱེ་འབྱེད་བྱེད་ཐབས་ཁག་གསུམ་ངོ་སྤྲོད་ཞུ་རྒྱུ་ཡིན།

༡ ལྟ་དཔྱད་བྱེད་ཐབས། གཅིན་རྒྱུ་ནི་མདོག་དཀར་རྐྱང་ཡིན་ལ་ཉ་སྒང་ལྟར་གྱི་ཕྱེད་དྭངས་གསལ་གྱི་རིལ་བུའི་དབྱིབས་སུ་ཡོད། གཞན་ཡང་གཅིན་རྒྱུ་ཁག་གཅིག་ཕྱེད་དཀར་དབྱིབས་འདྲ་བས་ཆེ་ཤེལ་གྱིས་ཞིབ་པར་བལྟས་ཚེ་ཁབ་ལྟར་གྱི་བཟོ་ལྟ་ཡོད་པ་དེ་དག་ནི་གཅིན་རྒྱུ་རྫུན་མ་ཡིན།

༢ བ་ཚྭ་ཡིན་མིན་ལྟ་ཚོད་བྱེད་པ། གཅིན་རྒྱུ་ཏོག་ཙམ་རྡོ་ཤོའི་ཆུའི་ནང་བླུགས་ཚེ་དྲི་མ་མེད་ན་གཅིན་རྒྱུ་ངོ་མ་ཡིན། གལ་ཏེ་དྲི་མ་ངན་པོ་ཡོད་ན་རྫས་ལུད་གཞན་ནམ་ཡང་ན་ཨན་ལུད་འདྲེས་ཡོད།

༣ བསྲེགས་ནས་བརྟག་ཐབས། རྫ་ཡམ་མམ་ལྕགས་ལེབ་གཅིག་མེའི་ནང་བཅུག་ནས་དམར་རྐྱང་བཟོས་ཐོག་དེའི་སྟེང་གཅིན་རྒྱུ་ཏོག་ཙམ་སྟོར་དགོས། གལ་ཏེ་ཨན་ལུད་ཀྱི་དྲི་མ་ངན་པོ་ཁ་ཞིང་དུ་བ་དཀར་རྐྱང་ཐོན་པ་དང་དེ་འཕྲལ་ཆུ་ལ་འགྱུར་ཚེ་དེ་ནི་གཅིན་རྒྱུ་ངོ་མ་ཡིན། གལ་ཏེ་སྲེག་པའི་སྐབས་ཕག་འཚག་བྱེད་ཅིང་ཚག་སྒྲ་བསྒྲགས་ཚེ་དེར་ལེའུ་སོན་ཨན་འདྲེས་པ་མཚོན། གལ་ཏེ་ཚ་སྐྱུར་བསྲེས་པའི་དྲི་མ་ངན་པ་ཁ་ཚེ་དེར་ལུའུ་འགྱུར་ཨན་འདྲེས་པ་མཚོན། གལ་ཏེ་དྲི་མ་མེད་ཅིང་ཚག་སྒྲའི་མེ་སྟག་འཁྱུད་ན་དེ་ནི་གཅིན་རྒྱུ་མིན་པར་སྤུས་དག་ཚྭ་ཡིན། གལ་ཏེ་ཚག་སྒྲ་ཡོད་ལ་དྲི་ངན་ཅུང་ཁ་ཚེ་གཅིན་རྒྱུར་ཟ་ཚྭ་འདྲེས་པའི་རྟགས་ཡིན་པས་དེ་དོན་ཡིད་གཟབ་གནང་དགོས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:生活常识
གན་རྒྱ་འཇོག་དུས་རྩ་དོན་གང་དག་ལ་ བརྩི་སྲུང་ཞུ་དགོས་སམ།
གཅིན་རྒྱུའི་ལུད་བདེན་རྫུན་དབྱེ་བ་འབྱེད་ཐབས།
ས་འོག་རླངས་འཁོར་འཇོག་སར་མེ་སྐྱོན་ཐོན་སྐབས་གང་འདྲ་བྱེད་དགོས་སམ།
ཤང་གྲོང་དར་རྒྱས་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་དགོས་།
ནང་འདྲེན་ཁྱིམ་སྤྱོད་གློག་ཆས་རྫུན་མ་ ཡིན་མིན་དབྱེ་བ་འབྱེད་ཐབས།