འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། འདི་ལོ་ནས་བཟུང་། སྣེ་གདོང་ཆུས་ཀྱིས“རྨང་གཞི་བརྟན་གཏོང་དང་དུས་བདེ་སྐྲུན་པ། བརྟན་ལྷིང་འགན་ལེན། འཕེལ་རྒྱས་ལ་སྐུལ་འདེད”བཅས་ཀྱི་བླང་བྱར་གཞིགས་ནས་སྐར་གསོག་སྒོ་རྩིས་ཚོང་ཁང་དང་མཉམ་འབྲེལ་ལས་གཏོད་སོགས་གསར་གཏོད་ཀྱི་རྣམས་གྲངས་བཙུཌ་ནས“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གསར་གཏོད་ཀྱི་བྱེད་སྒོར་སྐུལ་འདེད་བཏང་བར་ཕན་འབྲས་དངོས་འབྲེལ་དྲང་འབྲེལ་ཐོན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱིས་སྣེ་གདོང་ཆུས་ཀྱི་གཉིས་ལྡན་དུད་སྦྲེལ་གྱི་སྐར་གསོག་སྒོ་རྩིས་ཚོང་ཁང་དང་པོ་བཙུགས་ཤིང་། དུད་སྦྲེལ་གྱི་ཁོངས་མིས་ཤེས་བྱ་སློབ་སྦྱོང་དང་། ཤེས་བྱའི་དྲི་ལན། མང་ཚོགས་ལ་ཞབས་ཞུ་སོགས་ཧུར་ཐག་བསྒྲུབས་པར་སྐར་མ་ཐོབ་པ་དང་། ཐོབ་པའི་སྐར་གསོག་གིས་སྡེ་ཁུལ་གྱི་སྒོ་རྩིས་ཚོང་ཁང་ནས་དངོས་ཟོག་བརྗེ་པོ་རྒྱག་ཆོག་གི་ཡོད་པ་རེད།