འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས།ལྷོ་ཁའི་ཡན་ལག་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་བརྙན་འཕྲིན་མཚོན་ཁྲ་ཅན་དང་། གློག་ཀླད། སློབ་སྦྱོང་མཁོ་ཆས་སོགས་འཁྱེར་ནས་སྣེ་གདོང་ཆུས་ཁྲ་འབྲུག་ཆ་ཚང་སློབ་ཆུང་དང་གོང་དཀར་རྫོང་བྲག་ཆེན་གྲོང་ཚོའི་སློབ་མ་དང་གྲོང་མི་ཚོར་སྤྲད་དེ་ཁོང་ཚོའི་སློབ་སྦྱོང་གི་གནས་ཚུལ་དང་ཐོན་སྐྱེད་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱས་པ་དང་ཆབས་ཅིག་མི་དམངས་དཔུང་སྡེས་རྒྱ་ཆེའི་མང་ཚོགས་ལ་བཅངས་པའི་སེམས་པ་མཚོན་པར་བྱས་པ་རེད།
འདི་ནི་སློབ་སྐྱོར་ཁ་གཏད་པས་དཔོན་དམག་ཚོར་སྐེ་དར་འདོགས་བཞིན་པ།