བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་སྐད་འཕྲིན་ཐོག ཚེས་16ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་གློག་བརྙན་ཅུས་དང་། གློག་བརྙན་འཕྲིན་ལམ། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་བཅས་ཀྱིས་མཉམ་དུ་བརྩམས་ནས་བཏོན་པའི་གློག་བརྙན《ང་ཡི་ཧི་མ་ལ་ཡ》ཞེས་པ་དངོས་སུ་འཁྲབ་འགོ་ཚུགས་འདུག
གློག་བརྙན《ང་ཡི་ཧི་མ་ལ་ཡ》ཞེས་པ་ནི་2017ལོའི“ཀྲུང་གོར་སེམས་འགུལ་ཐེབས་པའི་མི་སྣ”སྒྲོལ་དཀར་དང་གཡང་འཛོམས་བོད་རིགས་གཅེན་གཅུང་གཉིས་ཀྱི་ཕུལ་བྱུང་བྱས་རྗེས་གཞིར་བཟུང་། སྒྲིག་རྩོམ་བྱས་ནས་འཁྲབ་པ་ཞིག་ཡིན་པ་དང་། དེའི་ནང་ཁོང་གཉིས་ཀྱིས་ཕ་འདས་པོའི་འདུན་པ་བསྐྱངས་ནས་སྔ་ཕྱི་བར་གསུམ་དུ“ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན་པས། ཕྱུགས་འཚོ་མཐའ་སྲུང་བྱེད་རྒྱུ་ནི་འགན་འཁྲི་ཡིན་པའི”དད་སེམས་བརྟན་པོ་མཐའ་འཁྱོངས་བྱས་ཏེ། ལོ་བཅུ་ཕྲག་ཉིན་གཅིག་ལྟར་མེས་རྒྱལ་གྱི་མཐའ་མཚམས་བརྟན་པོར་སྲུང་བའི་གངས་ལྗོངས་ས་མཐོའི་མི་སེམས་འགུལ་བའི་གཏམ་རྒྱུད་ཅིག་བགྲངས་ཡོད།