གྲ་ནང་རྫོང་ཡང་ཀ་གྲོང་མི་ཨུ་ལྷན་གྱིས་ཞྭ་མོ་ཚེ་རིང་སྐྱིན་ཁེབས་མཉམ་ལས་ཁང་བཙུགས་ཚུན། ས་གནས་དེ་གའི་གྲོང་མིར་ལས་ཞུགས་དང་འབབ་འཕར་གྱི་ལམ་བུ་རྒྱ་སྐྱེད་གཏོང་བའི་རྟེན་གཞི་གཙོ་བོ་ཞིག་ཏུ་གྱུར་ཡོད། མཉམ་ལས་ཁང་དེས་གཙོ་བོ་བོད་ཞྭ་དང་བོད་ལྷམ་བཟོ་ཡི་ཡོད་ཅིང་། མཉམ་ལས་ཁང་དེའི་ལོ་རེའི་ཁེ་གཙང་ཡོང་འབབ་སྒོར་ཁྲི་200ལྷག་ཟིན་པ་དང་། ས་གནས་དེའི་མང་ཚོགས་ལ་ལས་ཞུགས་ལས་གནས་45མཁོ་འདོན་ཐུབ་པ། མཉམ་ལས་ཁང་དེའི་ལས་མི་རེར་ཟླ་རེར་གླ་ཆ་སྒོར་6000ནས་15000ལྷག་བར་ཡོད་པས་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་ཡི་ཡོད།
འདི་ནི་མཉམ་ལས་ཁང་གི་ལས་མིས་ཞྭ་མོ་འཚེམ་བཞིན་པ།