འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས།སྣ་དཀར་རྩེ་རྫོང་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་སློབ་གསོ་ཅུས་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་བཟའ་བཅའི་བདེ་འཇཌ་ལ་ཆེད་དོན་ཞིབ་བཤེར་བྱས་པ་རེད།
ད་ཐེངས་ཀྱི་ཆེད་དོན་ཞིབ་བཤེར་ནང་།གཙོ་བོ་སློབ་གྲྭའི་ཟ་ཁང་གི་ལག་ཁྱེར་དང་། ཕྱི་ནང་གི་ཁོར་ཡུག་འཕྲོད་བསྟེན། བྱུང་འཛིན་དང་འཛིན་ཤོག བཟའ་བཅའ་འཇོག་སའི་མཛོད་ཁང་། ལས་ཀའི་བརྒྱུད་རིམ། ལྟོ་སྣོད་ཀྱི་དུག་སེལ། ལས་མིའི་བདེ་ཐང་ལག་ཁྱེར་སོགས་བླང་བྱ་དང་མཐུན་མིན་དང་རྒྱལ་ཁབ་ཀྱིས་བཀག་འགོག་བྱས་པའི་བཟའ་བཅའ་ཁྲིམས་འགལ་གྱིས་ཉོ་སྒྲུབ་དང་སྦྱོར་རྟ་བྱེད་མེད་བཅས་དམིགས་ནས་ཞིབ་བཤེར་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཞིབ་བཤེར་ནང་སློབ་གྲྭ་ལ་ལའི་དཔེ་ཉར་བཟའ་བཅའ་ཚད་གཞི་དང་མི་མཐུན་ཁར་སྣོད་ཆས་ལ་གློག་བཏང་མེད་པ་དང་། མ་བྱན་གྱི་གཙང་སྦྲ་ཞན་པ། ཐབ་ཚང་གི་འཕྲོད་བསྟེན་ཞན་པ། མཛོད་ཁང་དུ་རླུང་འགྲོ་ས་མེད་པས་མཁའ་རླུང་བཙོག་པ། དུག་སེལ་ཡོ་བྱད་ལ་གློག་མེད་པ་སོགས་ཀྱི་གནད་དོན་ཡོད་པ་དག་དུས་བཀག་ནང་བཅོས་སྒྲིག་ཚར་བ་དགོས་པའི་བླང་བྱ་བཏོན་པ་དང་ཆབས་ཅིག བཟའ་བཅའི་བདེ་འཇགས་སྐོར་གྱི་འབྲེལ་ཡོད་ཤེས་བྱ་དང་ཁྲིམས་ལུགས་ཁྲིམས་སྲོལ་ས་གནས་ས་ཐོག་ཏུ་ངོ་སྤྲོད་བྱས་ཡོད་པ་རེད།