འདི་ལོ་ནས་བཟུང་གྲོང་ཁྱེར་དྲིལ་བསྒྲགས་དང་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་བདེན་པ་བདེན་ཐུབ་ངང་དྲིལ་བསྒྲགས་མཐའ་འཁྱོངས་དང་། གསར་གཏོད་གཙོ་བོར་བྱེད་པ་མཐའ་འཁྱོངས། རང་འགུལ་ངང་བྱས་རྗེས་འཇོག་པ་དང་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ལ་སྐུལ་འདེད་བཏང་བས་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་སྟེ་དུས་རབས་གསར་པའི་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།
ལྟེ་བའི་ལྷུ་ཚིགས་ལ་དམིགས་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པས་ངེས་པར་དུ་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་ལྟེ་བའི་ལྷུ་ཚིགས་ལ་བརྩི་དགོས་ཞེས་གསུངས།
ངེད་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་དགོས་པ་ལས་དོན་གཙོ་བོར་བརྩིས་ནས་དམ་འཛིན་བྱེད་པ་དང་། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་དང་པོ་དང་གཉིས་པ་དཔལ་འབྱོར་དང་། སྒྱུར་བཅོས། དབུལ་སྒྲོལ་འགག་སྒྲོལ་སོགས་ཆེད་དོན་ལེའུ་11ལ་དབྱེ་ནས་རིམ་པ་ཁག་དང་སྡེ་ཚན་ཁག་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་དུ་བཅུག་ཡོད།
གཙོ་གནད་དྲ་ཚུགས་དང་སྐད་འཕྲིན་སྤྱི་རྟགས་ལས་སྟེགས་སོགས་བརྒྱུད་ནས་སྔ་རྗེས་སུ“མ་རྩོམ་ཀློག་པ་དང་། མ་ཡིག་སློབ་སྦྱོང་། རྩ་བའི་རིགས་པར་གོ་བ་ལེན་པའི”ཚོགས་ཆེན་བཅུ་དགུ་པའི་རིམ་སྤེལ་ཤེས་བྱའི་དྲི་བ་ཆེད་མངགས་རྩོམ་སྒྲིག་འགྲེམས་སྤེལ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་ནན་ཏན་བྱས་ཡོད།
ལོ་སྟོད་དུ་ངེད་གྲོང་ཁྱེར་གྱིས་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་གནས་ཚུལ་ལ་སྐོར་ཞིབ་བྱས་པ་དང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ལྟེ་བའི་ཚོགས་ཆུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་དང་པོ་དང་གཉིས་པའི་སློབ་སྦྱོང་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མའི་བསམ་བློ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཐོག་གཅིག་གྱུར་ཡོང་བ་དང་། ལས་ཀའི་གཙོ་གནད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་ལ་འཁེལ་བའི་དམིགས་ཚད་ལས་འགན་ཐོག་གཅིག་གྱུར་ཡོང་བ་བྱས་ཡོད།
འགན་འཁྲི་གཙོ་བོ་དང་ལས་འགན་གཙོ་བོ་ཁུར་ནས་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ནི་མིའི་ལས་དོན་སྒྲུབ་མཁན་ཡིན་པས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་གསར་གསོ་སྐྱོང་བྱེད་རྒྱུ་འགན་འཁྲི་གལ་ཆེན་ལ་བརྩི་དགོས་པའི་ནན་བཤད་གནང་ཡོད།
འདི་ལོ་ནས་བཟུང་ངེད་གྲོང་ཁྱེར་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མི་སེམས་སུ་ཟུག་རྒྱུར་ཤུགས་སྣོན་ཧུར་ཐག་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད།
ལྷོ་ཁའི་ཚགས་པར་དང་། ལྷོ་ཁའི་རླུང་འཕྲིན་དང་ བརྙན་འཕྲིན་ལས་ཁུངས། ལྷོ་ཁའི་དྲ་བ། ལྷོ་ཁའི་གཞུང་ཕྱོགས་སྐད་འཕྲིན་སོགས་ལྷོ་ཁ་གྲོང་ཁྱེར་གྱི་སྨྱན་སྦྱོར་གཙོ་བོ་དང་རྫོང་དང་ཆུས་ཁག་གི་གསར་འགྱུར་སྨྱན་སྦྱོར། སྐད་འཕྲིན་སྤྱི་རྟགས་གསར་གཏོད་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད།