第04版:社会焦点 上一版3
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2018年9月26日 星期
下一篇 4 放大 缩小 默认
བོད་ལྗོངས་སུ་ལྷ་ས་ལྟེ་བར་བྱས་པའི་ཆུ་ཚོད་གསུམ་གྱི་ དཔལ་འབྱོར་ཁུལ་བཏོད་པ།
 

བོད་ལྗོངས་འཕྲིན་དྲའི་ཐོག་གནས་ཚུལ་སྤེལ་གསལ། ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱིས་རིམ་མཐོའི་གཞུང་ལམ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་མ་ལམ་གཞུང་ལམ། གྲོང་གསེབ་ཀྱི་གཞུང་ལམ་བཅས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་རྒྱུན་ཆད་མེད་པར་སྤོ་མགྱོགས་སུ་བཏང་སྟེ། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པའི་གནས་ཚུལ་ཞི་ལྷོད་དུ་ནུས་ལྡན་བཏང་ནས། བོད་ཀྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་དབེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་དང་བྱེད་བཞིན་ཡོད།

རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་ནས་ཤེས་རྟོགས་བྱུང་བར། བོད་ཀྱིས་ལྷ་ས་ལྟེ་བར་བྱས་པའི་ཆུ་ཚོད་གསུམ་གྱི་དཔལ་འབྱོར་ཁུལ་གཏོད་ཅིང་། ལྷ་སའི་གོང་དཀར་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་དང་། ཉིང་ཁྲི་ནས་ལྷ་ས་བར། ཉིང་ཁྲི་ནས་སྨན་གླིང་གནམ་ཐང་བར། གཞིས་རྩེའི་གནམ་ཐང་ནས་གཞིས་རྩེ་གྲོང་ཁྱེར་བར། རྩེད་ཐང་ནས་གོང་དཀར་བར་སོགས་རིམ་མཐོའི་གཞུང་ལམ་མང་པོ་ཞིག་སྔ་རྗེས་སུ་སྐྲུན་མཇུག་འགྲིལ་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད།

བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ལྗོངས་ཡོངས་ཀྱི་གཞུང་ལམ་བདག་སྐྱོང་ལམ་ཐག་སྤྱི་ལེ་83400ལྷག་ཙམ་ཟིན་པའི་ནང་རྒྱལ་ཁབ་རིམ་པའི་གཞུང་ལམ་སྤྱི་ལེ་14000ལྷག་ཙམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་སྤྱི་ལེ་15500ལྷག་ཙམ་ཡོད། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་53900ལྷག་ཙམ་ཟིན་པ་ལས་རྫོང་བགྲོད་གཞུང་ལམ་སྤྱི་ལེ་18200ལྷག་ཙམ་དང་། ཤང་བགྲོད་གཞུང་ལམ་སྤྱི་ལེ་10800ལྷག་ཙམ། གྲོང་བགྲོད་གཞུང་ལམ་སྤྱི་ལེ་18000ལྷག་ཙམ་བཅས་ཡོད།

ལྗོངས་ཡོངས་སུ་འགྲུལ་སྐྱེལ་རླངས་འཁོར་5300ལྷག་ཙམ་ཡོད་པ་ལས་རྒྱུན་ཚིགས་རླངས་འཁོར་1800ལྷག་ཙམ་དང་། ཡུལ་སྐོར་རླངས་འཁོར་3300ལྷག་ཙམ། རླངས་འཁོར་གཞན་དག་180ལྷག་ཙམ། དེ་བཞིན་གཞུང་ལམ་ལས་ཞུགས་མི་སྣ་123900ལྷག་ཙམ་དང་། གཞུང་ལམ་སྐྱེལ་འདྲེན་འགྲུལ་སྐྱེལ་བབས་ཚུགས་89བཅས་ཡོད། ལྗོངས་ཡོངས་སུ་སྲུང་སྐར་གནས་གཏན་སྟབས་བསྟུན་ལྟ་སྐུལ་ཚོད་འཛིན་མཐའ་སྣེ་སྒྲིག་སྦྱོར་བྱེད་ཚད་བརྒྱ་ཆ་80ཟིན་པ་དང་། འགྲུལ་སྐྱེལ་རྒྱུན་ཚིགས་ལམ་དུ་ཉིན་རེར་ཆ་སྙོམས་རླངས་འཁོར་གཏོང་ཚད་དུས་ཐེངས་596.2ཟིན་གྱི་ཡོད།

སྤྱི་ལོ་2017ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་8.9ཟིན་པ་ལས་སྣུམ་ནག་ལམ་སྤྱི་ལེ་ཁྲི་2.1བཏིང་ཞིང་། བོད་ནས་འགྲོ་འོང་བྱེད་པའི་ལམ་5ཕྱོགས་ཡོངས་ནས་སྣུམ་ནག་ཅན་དུ་གྱུར་པ་དང་། ལྷ་ས་གུང་དཀར་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་དང་། ཉིང་ཁྲི་ནས་ལྷ་ས་བར། ཉིང་ཁྲི་ནས་སྨིན་གླིང་གནམ་ཐང་བར། གཞིས་རྩེ་གནམ་ཐང་ནས་གཞིས་རྩེ་གྲོང་ཁྱེར་བར། རྩེད་ཐང་ནས་གོང་དཀར་བར་སོགས་རིམ་མཐོའི་གཞུང་ལམ་སྔ་རྗེས་སུ་སྐྲུན་མཇུག་འགྲིལ་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད། ལྗོངས་ཡོངས་ཀྱི་རིམ་པ་དང་པོ་དང་དེ་ཡན་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་660ཟིན་ཡོད། ལྗོངས་ཡོངས་ལ་ཆ་མཚོན་ན་མེ་ཏོག་རྫོང་ཕུད་རྫོང་དང་གྲོང་ཁྱེར་ཚང་མར་སྣུམ་ནག་ལམ་ཤར་གཏོང་ཐུབ་པ་དང་ཤང་གྲོང་རྡལ་དང་། སྒྲིག་གཞི་ཚང་བའི་གྲོང་ཚོ་བཅས་ལ་གཞུང་ལམ་ཤར་གཏོང་ཐུབ་ཚད་སོ་སོར་བརྒྱ་ཆ་99.7དང་བརྒྱ་ཆ་99.5 ཟིན་ཡོད།

ལོ་ལྔ་ཚན་བཅུ་གསུམ་པའི་བོད་ཀྱི་གཞུང་ལམ་འཕེལ་རྒྱས་ཀྱི་འཆར་གཞི་འགའ་ཞིག་སྐོར་ལ། འགན་འཁུར་བ་དེས་ལོ་ལྔ་ཚན་བཅུ་གསུམ་པའི་རིང་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་5400ལྷག་ཙམ་གཏོང་བའི་འཆར་གཞི་ཡོད་ཅིང་མ་དངུལ་སྒོར་དུང་ཕྱུར་2300ལྷག་ཙམ་གྱི་རྣམ་གྲངས་ལེགས་གྲུབ་ཐུབ་པའི་བརྩོན་ལེན་བྱས་ཏེ། ལྷ་ས་ལྟེ་བར་བྱས་པའི་ཆུ་ཚོད་གསུམ་གྱི་དཔལ་འབྱོར་ཁུལ་ཧུར་ཐག་གཏོད་པ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་ལམ་དུམ་ཕན་ཚུན་སྦྲེལ་མཐུད་བྱེད་པ། གཞུང་ལམ་སྒྲིག་བཀོད་དྲ་བ་ཅན་དུ་སྒྱུར་བའི་གོམ་སྟབས་སྤོ་མགྱོགས་སུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་རིམ་པའི་གཞུང་ལམ་རིམ་མཐོ་ཅན་དང་གྲོང་གསེབ་ཀྱི་གཞུང་ལམ་དྲ་བ་ཅན་དུ་འགྱུར་རྒྱུའི་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་བཤད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:社会焦点
བོད་ལྗོངས་སུ་ལྷ་ས་ལྟེ་བར་བྱས་པའི་ཆུ་ཚོད་གསུམ་གྱི་ དཔལ་འབྱོར་ཁུལ་བཏོད་པ།
བོད་ལྗོངས་གློག་རྡུལ་ཁྲལ་དོན་ཅུད་དངོས་སུ་སྤྱོད་འགོ་ཚུགས་པ།
སླེའུ་ཤར་ཟམ་ཆེན་དུ་རླངས་འཁོར་ ཤར་གཏོང་ཐུབ་རྒྱུ་ཡིན་པ།
རང་རྒྱལ་གྱི་དྲ་དམངས་བརྒྱ་ཆ་74.1གིས་ བརྙན་ཐུང་བཀོལ་སྤྱོད་བྱེད་པ།