ཏང་གི་ཚོགས་ཆེན་བཅོ་བརྒྱད་ཚུན་དུ།ངེད་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་ལ་འཕོ་འགྱུར་རླབས་ཆེན་བྱུང་ཞིང་།འབྲུ་རིགས་ཐོན་འཕར་བསྟུད་མར་བྱུང་ནས་ནས་དང་གྲོ ལོ་ཏོག་བཅས་ཀྱི་རང་མཁོ་རང་སྤྲོད་ཐུབ་ཚད་བརྒྱ་ཆ་95ཟིན་ཡོད་པ་དང་།གྲོང་གསེབ་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཡོང་འབབ་སྒོར་11265ཟིན་པ། ཞིང་འབྲོག་ཁུལ་སྒྱུར་བཅོས་དང་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་བྱུང་ཡོད།འདི་ནི་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ཟོག་འགྲེམས་འཚོང་གི་ཟུར་ཞིག་ཡིན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སྤྱི་ཚེས23ཉིན་ནི་སྟོན་མཉམ་ཉིན་མོ་ཡིན་པ་དང་། བོད་ལྗོངས་ཀྱི་ས་ཕྱོགས་ཁག་གི་ཞིང་པ་མང་ཚོགས་ཚོས་ཀྱང་རྒྱལ་ཡོངས་ཀྱི་ས་ཕྱོགས་གཞན་དང་འདྲ་བར་ ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་དང་པོ་དགའ་གཏོང་བྱས་པ་རེད། དེ་ནི་རྒྱལ་ཁབ་ཀྱིས་ཆེད་མངགས་ཞིང་པར་དམིགས་ནས་གཏན་འཁེལ་བྱས་པའི་དུས་ཆེན་ཉིན་མོ་ཞིག་ཡིན་པ་རེད། ངེད་གྲོང་ཁྱེར་གྱི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་དང་པོ་དེ་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་ཡུལ་ལྷན་དུ་དགའ་གཏོང་བྱས་ཤིང་། དེ་ཉིན་སྣེ་གདོང་ཆུས་ཀྱི་མང་ཚོགས་ཚོས་བྱེད་སྒོ་སྣ་ཚོགས་སྤེལ་ནས་དུས་ཆེན་བཏང་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། གཟི་བརྗིད་ཚོར་སྣང་བཅས་སྔར་བས་ཆེ་རུ་བཏང་བ་དང་རང་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་ཞིང་འབྲོག་ལས་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱས་པ་མ་ཟད་ཚན་རྩལ་ལ་བརྟེན་ནས་ཞིང་ཁུལ་སྟོབས་ཆེར་གཏོང་བའི་གྲུབ་འབྲས་གསར་པ་དང་། ཐོན་ལས་གོང་འཕེལ་གྱི་གྲུབ་འབྲས་གསར་པ། གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་བཅས་མངོན་པ་བྱས་ཡོད་པ་རེད།
ཁེ་གསུམ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་པད་མ་ཚེ་རིང་གིས། ལོ་ལེགས་ཀྱི་རྒྱབ་རྟེན་ནི་ཚན་རིག་ལག་རྩལ་ཡིན་ཞིང་དེང་སྐབས་ལག་རྩལ་གསར་པ་འབོར་ཆེན་བེད་སྤྱོད་བྱས་པ་དེས་ཞིང་ལས་ཐོན་སྐྱེད་ཀྱི་ནུས་པ་ཆེ་རུ་ཕྱིན་ཡོད། དེ་རིང་རིག་རྩལ་འཁྲབ་སྟོན་ཕུད་དེ་མིན་ཞིང་འཕྲུལ་འགྲེམ་སྟོན་དང་ཞིང་ལས་ཐོན་རྫས་འགྲེམ་འཚོང་། ཞིང་ལས་ལོ་ཏོག་གི་ཐོན་རྫས་གསར་པ་འགྲེམ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་བ་དེས་ཞིང་པར་སླར་ཡང་ཐོན་འཕར་འབབ་འཕར་གྱི་ལྕག་སྐུལ་བྱུང་ཡོད་ཅེས་བཤད།
གྲོང་ཁྱེར་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཨའེ་མིང་གིས། ལོ་ལེགས་དུས་ཆེན་ཉིན་མོའི་རྟེན་འབྲེལ་བྱེད་སྒོ་ཙམ་མ་ཟད་རྫོང་ཁག་གིས་འབྲེལ་ཡོད་བྱེད་སྒོ་སྣ་ཚོགས་སྤེལ་ནས་ལོ་ལེགས་ལ་རྟེན་འབྲེལ་དང་ལོ་ལེགས་འགྲེམ་སྟོན། ལོ་ལེགས་མྱོང་རོལ། ལོ་ལེགས་གླེང་བ་བཅས་ཀྱི་ཐོག་ནས་ལོ་ལེགས་ཀྱི་དགའ་སྤྲོའི་དཔལ་ལ་རོལ་ཡོད་ཅེས་བཤད་དོ། (པར་ངོས་གསུམ་པར་གཟིགས་)