འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་རེ་འདུན་གཞིར་བཟུང་། གཙང་པོ་རྒྱུག་ཁུལ་རྫོང་ཁག་6གི་གཙོ་གནད་ལས་དོན་ལ་རང་བཤེར་དཔྱད་དཔོག་ཚར་རྗེས། ཟླ་9པའི་ཚེས་12ཉིན་ནས་ཚེས་15ཉིན་བར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། གྲོང་ཨུད་ཧྲུའུ་ཅི་ཞུས་ཁྲེང་ཚང་གིས་སྣེ་ཁྲིད་དེ་ཆུ་གསུམ་དང་། ལྷུན་རྩེ། མཚོ་སྣ། མཚོ་སྨད། ལྷོ་བྲག སྣ་དཀར་རྩེ་བཅས་རྫོང་ཁག་6གི་དབུལ་གྲོལ་འགག་གཏོར་དང་། གཞི་རིམ་ཏང་རྩ་འཛུགས། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། ཤང་གྲོང་དར་རྒྱས། ཐོན་ལས་འཕེལ་རྒྱས་སོགས་གཙོ་གནད་ལས་དོན་ལ་མཐའ་སྐོར་ནས་རང་བཤེར་དཔྱད་དཔོག་བྱེད་སྒོ་སྤེལ་བ་རེད།
གྲོང་ཨུད་རྒྱུན་ཨུ། རྩ་འཛུགས་པུའུ་ཀྲང་ཀྲང་ཏིང་ཁྲེང་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཀྲུའུ་རེན་གཞོན་པ། མཚོ་སྣ་རྫོང་ཨུད་ཧྲུའུ་ཅི་ཡུས་ཧྲེང་ནེང་བྱེད་སྒོའི་ནང་མཉམ་དུ་ཞུགས་པ་རེད། ཞུས་ཁྲེང་ཚང་དང་བཅས་པས་སྔ་རྗེས་སུ་ཆུ་གསུམ་རྫོང་སྟོད་གཟིགས་ཤང་དང་། ལྷུན་རྩེ་རྫོང་གཉལ་གཞུང་། སྣ་དཀར་རྩེ་ཕུ་མ་བྱང་ཐང་ཤང་ས་ཁུང་གྲོང་ཚོ། མཚོ་སྣ་རྫོང་སླད་མོན་པ་མི་རིགས་ཤང་། མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་བྲག་རྩ་གྲོང་ཚོ་བཅས་ཕེབས་ཤིང་། ནན་ཏན་ངང་འབྲེལ་ཡོད་གནས་ཚུལ་གྱི་ངོ་སྤྲོད་གསན་པ་དང་སྦྲགས་ས་ཡུལ་དངོས་ལ་དཔྱད་དཔོག་གནང་བ་རེད།
ཞུས་ཁྲེང་ཚང་གིས། སྟོད་གཟིགས་ཤང་གི་ཏང་འཛུགས་སྐྱོང་དང་ཞོར་ལས་ཕན་ཚུན་སྣོལ་སྒྲིལ་ཅན་གྱི་དཔེ་གཞི་གསར་པས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་དང་འབྱོར་འབྲིང་ལམ་དུ་བསྐྱོད་རྒྱུར་སྣེ་ཁྲིད་བྱས་པར་གདེང་འཇོག་ཡག་པོ་གནང་བ་མ་ཟད། གོམ་སྟབས་རྗེས་མར་གཞི་རིམ་རྩ་འཛུགས་དང་ཏང་ཡོན་གྱི་ནུས་པ་འདོན་སྤེལ་དང་ངལ་ལས་ཕྱིར་གཏོང་རྩ་འཛུགས་ཅན་དུ་བསྒྱུར་བའི་རྨང་གཞིའི་ཐོག་རྩ་འཛུགས་ཡོད་པ་དང་། སྒྲིག་ཁྲིམས་ཡོད་པ། འགན་སྲུང་ཡོད་པ་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་དགོས་ཞེས་དང་། གཉལ་གཞུང་བཞོན་མའི་རྟེན་གཞིས་ལེགས་ཆ་འདོན་སྤེལ་སྒོས་གཟན་རྩྭ་འདེབས་འཛུགས་བྱེད་དགོས་པ་དང་། རྒྱལ་དབང་རྒྱུ་ནོར་མ་རྐང་བདག་དབང་ཁ་གསལ་བཏང་སྟེ་རྒྱལ་དབང་ (པར་ངོས་གཉིས་པར་གཟིགས)