བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།ཉེ་ཆར། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་འདི་ལོའི་ལོ་སྟོད་ཀྱི་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལྟ་སྐུལ་ཞིབ་བཤེར་དང་ཞིབ་དཔྱད་དང་བརྟག་དཔྱད་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། 2018ལོའི་ལོ་སྟོད་དུ་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་ཁག་ཐེངས་ཁྲི་168.3དང་ལེན་བྱས་ནས་གནད་དོན་གྱི་ཁུངས་སྣེ་ཁག་ཁྲི་74ཐག་གཅོད་བྱས་པ་དང་། ཁག་ཐེངས་ཁྲི་15.4ལ་གླེང་མོལ་འདྲི་རྩད་བྱས་པ། ཁག་ཁྲི་30.2ལ་གྱོད་དོན་ཐོ་འགོད་བྱས་པ། མི་ཁྲི་24(དེའི་ནང་མི་ཁྲི་20.1ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ)རེད། ཞིང་ཆེན་དང་པུའུ་རིམ་པ་དང་དེ་བཞིན་དེ་ཡན་གྱི་ལས་བྱེད་པ་28དང་། ཐིང་དང་ཅུས་རིམ་པའི་ལས་བྱེད་པ་1500ལྷག་ཙམ། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི་1 ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་ཁྲི་3.7 ལས་བྱེད་པ་དཀྱུས་མ་ཁྲི་4.5དང་། གྲོང་གསེབ་དང་ཁེ་ལས་སོགས་ཀྱི་མི་སྣ་གཞན་དག་ཁྲི་14.6ལ་ཆད་པ་བཅད་ཡོད་པ་རེད།
2018ལོའི་ལོ་སྟོད་དུ་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་དང་སྒྲིག་བསྟར་གྱི“རྣམ་པ་རིགས་བཞི”སྤྱད་དེ་མི་ཐེངས་ཁྲི་68.4ཐག་གཅོད་བྱས་པའི་ནང་རྣམ་པ་དང་པོར་མི་ཐེངས་ཁྲི་44.2ཡོད་པ་དེས“རྣམ་པ་རིགས་བཞིའི”ཐག་གཅོད་བྱས་པའི་མི་གྲངས་བསྡོམས་འབོར་གྱི་བརྒྱ་ཆ་64.6བཟུང་བ་དང་། རྣམ་པ་རིགས་གཉིས་པར་མི་ཐེངས་ཁྲི་18.9ཡོད་པ་དེས་བརྒྱ་ཆ་27.7བཟུང་བ། རྣམ་པ་རིགས་གསུམ་པར་མི་ཐེངས་ཁྲི་3.2ཡོད་པ་དེས་བརྒྱ་ཆ་4.7བཟུང་བ། རྣམ་པ་རིགས་བཞི་པར་མི་ཐེངས་ཁྲི་2.1ཡོད་པ་དེས་བརྒྱ་ཆ་3བཟུང་བ་བཅས་རེད།