第03版:综合 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
ཙེང་ཝན་མིང་གིས་གནས་ཁ་གྲོང་ཚོར་རྟོག་ཞིབ་གནང་སྐབས་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་
ལྷུན་རྩེའི་ཡུལ་སྨད་ཤང་གི་ཡུལ་མི་197ཟླ་10 ཚེས་1ལ་སྡོད་ཁང་གསར་པར་སྤོ་རྒྱུ་ཡིན་པ།
སྦྲང་རྩི་ཡག་ཉེས་དབྱེ་འབྱེད་ཁྱེད་ཀྱིས་ཤེས་སམ།
ཁྱེད་ཀྱིས་དབང་པོ་ཉམས་པའི་རྒྱུན་ཤེས་ཤེས་སམ།
ཁ་པར་ལ་གློག་ཁེངས་རྗེས། གློག་གསོག་ཆས་ མུ་མཐུད་བཙུགས་ནས་བཞག་ན་འགྲིག་གམ།
2018ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་ དུས་ཆེན་གྱི་སྤྱིའི་འཆར་ཟིན་དོན་འདུག
| 山南网首页 |
2018年7月30日 星期
下一篇 4 放大 缩小 默认
ཙེང་ཝན་མིང་གིས་གནས་ཁ་གྲོང་ཚོར་རྟོག་ཞིབ་གནང་སྐབས་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་
 

(པར་ངོས་དང་པོར་མཐུད་)ལག་བསྟར་བྱེད་དགོས་པ་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེས་གཙོ་བོ་གནང་བའི་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་། ས་གནས་སོ་སོའི་དོན་དངོས་གནས་ཚུལ་ལ་དམ་པོར་དམིགས་ཏེ་གྲོང་ཚོ་རིམ་པའི་རྩ་འཛུགས་བྱེད་སྒོ་ཁང་ཚད་ལྡན་ཅན་འཛུགས་སྐྱོང་ལས་དོན་ལ་མིག་རྒྱང་རིང་པོས་འཆར་འགོད་དང་ཚད་གཞི་མཐོ་པོས་ལག་ལེན། སྤུས་ཀ་དག་པོས་སྐུལ་སྤེལ་བཅས་གཏོང་དགོས་པ་དང་། བྱེད་སྒོ་ཁང་འདི་ཉིད་སྤྱོད་སྒོ་ཡངས་པ་དང་། རྒྱུན་བསྐྱངས་ཐུབ་པ། ཞབས་ཞུའི་བྱེད་ནུས་འཐུས་སྒོ་ཚང་བ་བཅས་ལྡན་ཞིང་། ཏང་ཡོན་མང་ཚོགས་ཚོས་རྒྱུན་དུ་འགྲོ་རྒྱུར་དགའ་བའི་བྱེད་སྒོ་ཁང་ཞིག་ཏུ་བསྐྲུན་དགོས་པའི་མཛུབ་སྟོན་གནང་།

ཙེང་དབན་མིང་གིས། ཆབ་སྲིད་རང་བཞིན་དང་། ཞབས་ཞུའི་རང་བཞིན། མང་ཚོགས་རང་བཞིན། སྒོ་དབྱེའི་རང་བཞིན་བཅས་འབུར་ཐོན་ཡོད་པ་བྱས་ཐོག་གྲོང་ཚོ་རིམ་པའི་རྩ་འཛུགས་བྱེད་སྒོ་ཁང་འདི་ཉིད་ཆབ་སྲིད་ཀྱི་ཁྲིད་སྟོན་དང་། མང་ཚོགས་ལ་ཞབས་ཞུ། མི་སེམས་གཅིག་སྒྲིལ། མི་རིགས་མཐུན་སྒྲིལ། འཕེལ་རྒྱས་ལ་སྐུལ་འདེད། བརྟན་ལྷིང་སྲུང་སྐྱོང་། ཁྲིམས་ལུགས་དྲིལ་བསྒྲགས། རིག་གནས་དར་སྤེལ་བཅས་བརྒྱད་ལྡན་འཐབ་ས་ཞིག་ཏུ་གཏོད་དགོས་པ་དང་། བྱེད་སྒོ་ཁང་གི་འཆར་འགོད་ཇུས་འགོད་ཐད་ཞིབ་དཔྱད་ནན་པོ་བྱས་ཏེ་གྲོང་ཚོ་གཅིག་ལ་འཆར་འགོད་གཅིག་མཐའ་འཁྱོངས་སྒོས་གྲོང་ཚོ་ཡུལ་ལྷན་ཨུད་གཉིས་ཀྱི་དཔུང་ཁག་ཚན་པ་དང་ཏང་ཡོན་མང་ཚོགས་འཐུས་མིའི་བསམ་གྲོས་བསྡུ་ལེན་གང་ལེགས་བྱས་ཐོག་བསྐྲུན་རྒྱུའི་བྱེད་སྒོ་ཁང་དེ་སྔར་བས་མང་ཚོགས་ཀྱི་འདོད་བློ་དང་འཚམས་པ་དངདུས་རབས་ཀྱི་དགོས་མཁོ་དང་འཚམས་པ་དགོས་པ། ཁང་བརྩེགས་གཅིག་ལ་སྤྱོད་སྒོ་མང་བ་དང་། གཅིག་བསྡུས་གཞུང་ལས་སྒྲུབ་པ། ཕྱོགས་བསྡུས་བེད་སྤྱོད་བཅས་ཡོང་རྒྱུར་མཐའ་འཁྱོངས་བྱས་ཐོག་སྤྱི་ཚོགས་འགན་སྲུང་དང་། དམངས་སྲིད། ཐེམ་ཁུངས། སྨན་བཅོས། དེ་བཞིན་སྡོད་ཁང་འཛུགས་སྐྲུན་གྱི་ཞིབ་བཤེར་ཆོག་མཆན། ཐེམ་ཐོ་སྤོ་སྒྱུར། དཔང་ཡིག་ཚབ་གཉེར་སོགས་རིགས་མི་འདྲ་བའི་ཞབས་ཞུའི་ཐོན་ཁུངས་གཤམ་སྤྲོད་བྱ་རྒྱུར་སྐུལ་སྤེལ་བཏང་ནས་བྱེད་སྒོ་ཁང་ལ་ལྡན་པའི་བྱེད་ནུས་ཀྱིས་མང་ཚོགས་ཀྱི་དགོས་མཁོ་འདྲ་མིན་བསྐོང་ཐུབ་རྒྱུར་བརྩོན་ལེན་བྱེད་དགོས་པ། བྱེད་སྒོ་ཁང་གི་སློབ་གསོའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་བོད་གསར་རྙིང་གི་བསྡུར་བ་དང་ཏང་གི་བཀའ་དྲིན་ཚོར་ཤེས་ཀྱི་སློབ་གསོའི་བྱེད་སྒོ་ཡག་པོ་སྤེལ་ནས་ཏང་ཡོན་མང་ཚོགས་ཚོས་ཁེ་ཕན་གང་ལས་བྱུང་བ་ཤེས་རྟོགས་ཐུབ་པ་བྱེད་དགོས་པ་མ་ཟད། ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་མེད་པ་བཟོས་ཏེ་ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་དགོས་པའི་སློབ་སྒོ་གཏོང་དགོས་པ། བྱེད་སྒོ་ཁང་དུ་ ཐོན་ལས་འཕེལ་དང་ཞིང་ཟོག་འབྲོག་ལས་ཀྱི་ཤེས་བྱ་སོགས་ལ་གཙོ་བོར་དམིགས་ནས་ཞིང་འབྲོག་མང་ཚོགས་ལ་མཁོ་བའི་ལག་རྩལ་གསོ་སྦྱོང་འཛིན་གྲྭ་ཡག་པོ་གཉེར་ཏེ་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་རྒྱ་སྐྱེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་ངོ་།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:国际国内
ཙེང་ཝན་མིང་གིས་གནས་ཁ་གྲོང་ཚོར་རྟོག་ཞིབ་གནང་སྐབས་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་
ལྷུན་རྩེའི་ཡུལ་སྨད་ཤང་གི་ཡུལ་མི་197ཟླ་10 ཚེས་1ལ་སྡོད་ཁང་གསར་པར་སྤོ་རྒྱུ་ཡིན་པ།
སྦྲང་རྩི་ཡག་ཉེས་དབྱེ་འབྱེད་ཁྱེད་ཀྱིས་ཤེས་སམ།
ཁྱེད་ཀྱིས་དབང་པོ་ཉམས་པའི་རྒྱུན་ཤེས་ཤེས་སམ།
ཁ་པར་ལ་གློག་ཁེངས་རྗེས། གློག་གསོག་ཆས་ མུ་མཐུད་བཙུགས་ནས་བཞག་ན་འགྲིག་གམ།
2018ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་ དུས་ཆེན་གྱི་སྤྱིའི་འཆར་ཟིན་དོན་འདུག